Payday loans
Different names for payday loans Payday loans UK Payday loans-about-us page
སྐུ་ཉིད་འདིར་འདུག མདུན་ཤོག ཆེད་སྒྲིག རིག་གཞུང་དང་སྒྱུ་རྩལ། ནང་ཆོས་འཛིན་གྲྭར་ཡོང་མཁན་མང་ཆེ་བ་ཕྱི་རྒྱལ་གྱི་མི་རེད།

ནང་ཆོས་འཛིན་གྲྭར་ཡོང་མཁན་མང་ཆེ་བ་ཕྱི་རྒྱལ་གྱི་མི་རེད།

Email པར་འདེབས།
26thaugust2011ltwaརྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༨ཚེས་༢༦ཉིན། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱི་སར་འདི་གའི་གསར་འགོད་པ་ཆེད་བཅར་གྱིས་དཔེ་མཛོད་ཁང་གི་ལས་རིམ་ཁག་གི་སྐོར་ལ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་ཡིན།

ལོ་ཤས་གོང་ནས་བོད་ཀྱི་དཔེ་མཛོད་ཁང་གིས་རིས་མེད་བོད་ཀྱི་ནང་ཆོས་དང་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཡོད་མཁན་ཚོར་ཆེད་དུ་དམིགས་ནས་ནང་ཆོས་དང་སྐད་ཡིག་སློབ་ཁྲིད་ཀྱི་འཛིན་གྲྭའི་སྐོར་བཅར་འདྲི་ཞུས་པར། དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུངས་དོན། སྤྱིར་བཏང་འཛིན་གྲྭ་ལ་ཡོང་མཁན་མང་ཆེ་བ་ཕྱི་རྒྱལ་གྱི་མི་རེད། ཡིན་ནའང་འཛིན་གྲྭ་མ་འདྲ་བ་མ་འདྲ་བ་ཡོང་གི་རེད། སྤྱི་ཡོངས་ཀྱི་ཆ་ནས་ང་ཚོས་བརྟག་དཔྱད་ཅིག་བྱས་དུས་ནང་ཆོས་འཛིན་གྲྭ་དང་སྐད་ཡིག་འཛིན་གྲྭ་ལ་ཡོང་མཁན་མང་ཆེ་ཤོས་ཨ་རི་ནས་ཡིན་པ་དང༌། དེ་ནས་ཁེ་ན་ཌ་དང་ཨོ་སུ་ཊོ་ལི་ཡ་ནས་ཡོང་མཁན་ཏོག་ཙམ་མང་པོ་འདུག གཞན་ཡང་འཇར་པན་དང་ཀོ་རི་ཡ། ཝེ་ཊི་ནམ། ཨུ་རུ་སུ་སོགས་ནས་མི་རེ་གཉིས་བྱས་ཏེ་ལུང་པ་འདྲ་མ་འདྲ་ནས་ཡོང་གི་འདུག གང་ལྟར་ང་ཚོས་ཟླ་དྲུག་གི་རྗེས་ལ་ལྟ་ཡོང་དུས་གྲངས་ཀ་རྒྱག་ཡ་ཙམ་གྱི་དབང་དུ་བཏང་བ་ཡིན་ན་ཕལ་ཆེར་ལུང་པ་སུམ་བཅུ་བཞི་བཅུའི་མི་སླེབས་འདུག ནང་ཆོས་འཛིན་གྲྭ་འདྲ་བོ་ཡིན་ན། སློབ་མ་ཚོའི་གནས་ཚད་མ་འདྲ་བ་ལ་བརྟེན་ནས་འཛིན་གྲྭ་ཁག་གསུམ་ཡོད་ལ། དེ་ཚོའི་སློབ་ཚན་ཡང་མ་འདྲ་བ་མ་འདྲ་བ་ཡོད་པ་དང༌། འཛིན་གྲྭ་ཁག་གི་དགེ་རྒན་སུ་ཡིན་པ་དང་སློབ་ཚན་ག་རེ་བསླབ་ཀྱི་ཡོད་པ་སོགས་གནས་ཚུལ་ཞིབ་ཕྲ་ང་ཚོའི་དྲ་རྒྱའི་སྟེང་དུ་བཏང་ཡོད་པ་རེད། རེད་དེ་ང་ཚོས་ཞེ་དྲག་དམ་པོ་བྱེད་ཀྱི་མེད་པ་སྟབས་བདེ་བོ་འདྲ་བཟོས་ཡོད། གང་ཡིན་ཟེར་ན། ནང་ཆོས་སྦྱང་འདོད་ཡོད་མཁན་མི་གཉིས་གསུམ་ལས་མི་འདུག་པ་དེ་འདྲ་ཡོང་གི་འདུག་པས། ཞེ་དྲག་དམ་པོ་བྱས་པ་ཡིན་ན་ཁོ་རང་ཚོས་བག་ཆགས་ཤིག་བཞག་ནས་འགྲོ་གི་རེད།

རྒྱུ་མཚན་ག་འདྲ་ཞིག་ལ་བརྟེན་ནས་དེང་སང་ཕྱི་རྒྱལ་བ་མང་པོས་ནང་པའི་མཚན་ཉིད་རིག་པ་ལ་དགའ་མོས་ཆེན་པོས་སྒེར་གྱི་དགེ་རྒན་བསྟེན་པ་སོགས་བྱས་ནས་སློབ་སྦྱོང་བྱེད་བཞིན་ཡོད་པའི་སྐོར་གསུངས་རྒྱུར། སྤྱིར་བཏང་རྒྱུ་མཚན་མང་པོ་ཡོད་པ་རེད། ཡིན་ནའང༌། རྒྱུ་མཚན་གཅིག་དེ་ང་ཚོ་བོད་པའི་ནང་ཆོས་དེ་འཛམ་གླིང་ཐོག་སྐད་གྲགས་ཆེན་པོ་རེད། ལྷག་པར་དུ་༧སྐྱབས་མགོན་རིན་པོ་ཆེ་སྐད་གྲགས་ཆེན་པོ་ཡིན་པ་དང༌། དེ་བཞིན་བོད་པའི་བླ་མ་དང་སྐྱེས་བུ་དམ་པ་མང་པོའི་མཛད་འཕྲིན་ལ་བརྟེན་ནས་ནང་ཆོས་འདི་ཁྱབ་བསྒྲགས་སུ་འགྲོ་གི་ཡོད་པ་རེད། གཉིས་ནས་ནང་ཆོས་ཀྱི་ངོ་བོ་རང་ལ་ལྟ་ཡོང་དུས་རྨོངས་དད་ཙམ་བཤད་ནས་ཁས་ལེན་དགོས་པ་ཞིག་རྩ་བ་ནས་བཤད་ཀྱི་ཡོད་པ་མ་རེད། རྒྱུ་མཚན་ལ་བསམ་བློ་བཏང་ནས་ཆོས་བྱེད་དགོས་པའི་རྒྱུ་མཚན་དང༌། ཁོང་ཁྲོ་ཟ་ན་ཉེས་དམིགས་ག་རེ་འདུག བྱམས་སྙིང་རྗེ་ཡི་ཕན་ལུགས་ཕན་སྟངས་སོགས་དངོས་ཡོད་གནས་ཚུལ་རྒྱུ་མཚན་དང་མཐུན་པ་ཞིག་བཤད་ཡོང་གི་ཡོད་པ་རེད་མ་གཏོགས་འཇིག་རྟེན་བཀོད་པ་པོ་འདྲ་བོ་ཞིག་གིས་གོང་ནས་བཀའ་བཏང་བ་ཟོལ་འདྲ་བོ་རྩ་བ་ཉིད་ནས་བཤད་ཀྱི་མེད་དུས། དེང་སང་གི་མིའི་བློ་ལ་བབས་ཀྱི་ཡོད་པ་རེད། ལྷག་པར་དུ་ནུབ་ཕྱོགས་པ་ཚོ་རང་དབང་ལ་དགའ་བོ་རེད། སོ་སོ་རང་དབང་གི་ཐོག་ནས་དྲི་བ་བཏང་ནས་ལན་རྒྱག་ཡ་ཡོད་པ། ལན་དེས་སོ་སོའི་འདོད་པ་ཁེངས་ནས་དེ་དངོས་གནས་རེད་ཤག་བསམ་དུས་ཡིད་འཕྲོག་ནས་དགའ་བོ་བྱེད་ཀྱི་ཡོད་ཀྱི་འདུག ཁོ་རང་ཚོའི་ཆོས་ལུགས་མང་པོ་ཞིག་ལ་དཀོན་མཆོག་གིས་བཟོས་པ་རེད་ཅེས་ལུང་ཙམ་འདྲེན་པ་ལས་དྲི་བ་བཏང་ས་ཞེ་དྲག་མེད་པ་དང༌། ལན་ཡང་ཞེ་དྲག་མེད་པས་རྐྱེན་གྱིས་ནང་ཆོས་ལ་དགའ་བོ་བྱེད་ཀྱི་ཡོད་པ་རེད། ཡང་དེ་དང་འདྲ་བ་གཞན་ཞིག་ནི་ད་ལྟའི་ཆ་ལ་སྟབས་ཡག་ནས་ང་ཚོ་བོད་པ་མང་ཆེ་བ་ཡ་རབས་སྤྱོད་བཟང་ཡག་པོ་ཡོད་ཀྱང༌། ཕྱིའི་དངོས་པོའི་ཁྲ་ཁྲ་ཟིང་ཟིང་ཁོ་ན་ལ་མགོ་འཁོར་ནས་བསམ་བློ་གཏོང་མ་ཐུབ་པ་དེ་འདྲ་དེང་སང་འཛམ་བུ་གླིང་སྤྱི་ཡོངས་ཀྱི་འགྱུར་འགྲོས་ལྟར་ག་ལེར་ག་ལེར་ཡོང་གི་ཡོད་པ་རེད། འོན་ཀྱང༌། ང་ཚོ་བོད་པ་མང་ཆེ་བ་ཞིག་གིས་ཕ་མ་སྤུན་མཆེད་དང་ཁྱིམ་མཚེས་གཡས་གཡོན་བར་བརྩེ་སེམས་བྱེད་པ་དང༌། མགྲོན་པོ་ཞིག་སླེབས་པ་ཡིན་ནའང་དགའ་དགའ་འཛུམ་འཛུམ་གྱིས་ཡར་ནང་དུ་ཕེབས་ཟེར་བ་འདྲ་བོ་དངོས་གནས་ཡ་རབས་སྤྱོད་བཟང་ཧ་ལས་པ་ཡོད་པ་རེད། དེ་ཚོ་སྤྱི་ཚོགས་གཞན་ཞིག་གི་ནང་དུ་སོང་ན་མ་གཏོགས་སོ་སོས་ཧ་གོ་ཡི་མེད་པ་རེད། ཕན་ཚུན་ཅིག་བསྡུར་ན་གསལ་བོ་ཤེས་ངེས་རེད། ཕྱི་རྒྱལ་དེ་ཚོས་དེ་འདྲའི་ཡ་རབས་བཟང་སྤྱོད་དེ་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་ལ་བརྟེན་ནས་ཡོང་གི་ཡོད་པ་ཤེས་ནས་ནང་ཆོས་ལ་དགའ་བོ་བྱེད་ཀྱི་ཡོད་པ་རེད།

ཡང་ཁོང་གིས་ཡིག་སྒྱུར་འཛིན་གྲྭའི་སྐོར་འགྲེལ་བརྗོད་གནང་རྒྱུར། དེ་སྔོན་ངས་སྐུ་སྒེར་ཡིག་ཚང་དུ་ལོ་༡༦རིང་ཡིག་སྒྱུར་གྱི་ལས་ཀ་གཉེར་བ་དང༌། ཕྱི་ལོ་༢༠༠༥ལོ་ནས་ང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དུ་ཆགས་པ་ཡིན་ཙང༌། ཡིག་སྒྱུར་ལ་ང་རང་ཉམས་མྱོང་ཡོད་དུས་ཡིག་སྒྱུར་འཛིན་གྲྭ་ཞིག་བཙུགས་དགོས་ཀྱི་འདུག་ལབ་ནས་ཕྱི་ལོ་༢༠༠༦ལོ་ནས་མགོ་བཙུགས་པ་དང༌། དེ་ནས་བཟུང་ལོ་ལྟར་ཆད་མྱོང་ཡོད་པ་མ་རེད། ལོ་རེར་ཟླ་བ་གསུམ་གསུམ་བྱས་ནས་མང་ཆེ་བ་བོད་རིགས་གཞོན་སྐྱེས་རྐྱང་རྐྱང་ཕལ་ཆེར་སློབ་མ་སུམ་ཅུ་ཙམ་ཡོད་དང༌། དེའི་ནང་ནས་སློབ་མ་བཅོ་ལྔ་ཙམ་མ་མཐའ་ཡང་(BA)ཐོན་པ་དང༌། དེ་ཚོའི་འཚོ་དངུལ་སོགས་ཀྱི་ཐད་ལ་དཔེ་མཛོད་ཁང་གི་ངོས་ནས་འགྲོ་སོང་གཏོང་གི་ཡོད་པ་དང༌། དེ་མིན་གྱི་སློབ་མ་༡༥དེའི་ནང་ལ་ཡང་རིམ་པ་ཁ་ཤས་དབྱེ་ཡོད་པ་རེད། ཁ་ཤས་ལ་ལག་ཁྱེར་མེད་ནའང་སོ་སོའི་འབད་བརྩོན་དང་རིག་པ་ཡག་པོ་ལ་བརྟེན་ནས་ཤེས་ཚད་ཡག་པོ་ཡོད་མཁན་དེ་ཚོ་ལ་དམིགས་ནས་ཆེད་དུ་རྐུབ་བཀྱགས་༥བཞག་ཡོད་པ་དང༌། དེ་བཞིན་ཚོགས་པ་དང་དགོན་པ་ཁག་གི་ནང་དུ་ཡིག་སྒྱུར་གྱི་ལས་ཀ་གཉེར་མཁན་ཚོར་དམིགས་ནས་ཡང་རྐུབ་བཀྱགས་༥བཞག་ཡོད། ཡང་ཕྱི་རྒྱལ་དེ་འདྲ་ནས་བོད་ཡིག་གི་ཤེས་ཚད་ཡག་པོ་ཡོད་མཁན་དེ་འདྲ་ཡོང་ན་ཡང་དམིགས་བསལ་ཡོད་པ་རེད།

ཟབ་སྦྱོང་གི་ཟླ་བ་གསུམ་དེའི་ནང་ལོགས་སུ་དངོས་གནས་ཟབ་སྦྱོང་ལབ་པ་ནང་བཞིན་དཔེ་ཟབ་པོ་འཁྲིད་ཀྱི་ཡོད་པ་རེད། དབྱིན་ཇི་སློབ་མཁན་འདྲ་བོ་ཞིག་ལ་ཆ་བཞག་ན། ཕྱི་རྒྱལ་མི་རང་ཡོད་པ་དང༌། ད་ལོ་འདྲ་བོ་ཡིན་ན་ཕྱི་རྒྱལ་གྱི་དགེ་རྒན་ཉམས་མྱོང་ཡོད་མཁན་གཉིས་ཡོད་དུས་ཟླ་གསུམ་གྱི་རིང་ལ་སྐད་ཀྱི་སྒྲ་གདངས་སོགས་ཀྱི་ཐད་ལ་ཡར་རྒྱས་ཆེན་པོ་འགྲོ་གི་འདུག དེ་བཞིན་དུ་རྒན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་བོད་ཀྱི་བརྡ་སྤྲོད་རིག་པ་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང༌། དེ་བཞིན་ནང་ཆོས་ཡང་སློབ་ཀྱི་ཡོད། ཡིག་སྒྱུར་ཡིན་དུས་ཙ་ནས་བོད་ཡིག་ནས་དབྱིན་ཡིག་དང༌། དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུུར་ལུགས་སྒྱུར་སྟངས་ཡང་སློབ་ཀྱི་ཡོད་པ་རེད། ཟབ་སྦྱོང་ཐེངས་དང་པོ་དེ་ཚར་རྗེས་སློབ་མ་མང་པོས་ཡིག་ཐོག་རང་ནས་ཕན་ཞེ་དྲག་ཐོགས་སོང༌། མ་འོངས་པ་ལ་མུ་མཐུད་ནས་ཚོགས་རོགས་གནང་ཟེར་ནས་མིང་རྟགས་བཀོད་དེ་ཡི་གེ་སྤྲད་སོང༌། དེ་འདྲ་ཡིན་དུས་གཞུག་མ་དེར་ང་ཚོས་འཛིན་གྲྭ་བསྡུ་བའི་ཁྱབ་བསྒྲགས་གནང་སྐབས་སློབ་མ་མང་པོ་འཚང་ཁ་ཤིག་ཤིག་གིས་སླེབས་ཡོང་བའི་དབང་གིས་ད་ལྟ་བར་དུ་རྒྱུན་མཐུད་ཐུབ་པ་བྱུང་བ་རེད།

LTWA

དེང་སང་བོད་ཀྱི་དགོན་སྡེ་ཁག་གི་དགེ་འདུན་པ་ཚོས་ཚན་རིག་ལ་དོ་སྣང་ཆེན་པོ་གནང་གི་ཡོད་པའི་སྐོར་ལ་ཁོང་གིས། ཚན་རིག་གི་སྐོར་དེར་ལས་ཀ་ཤུགས་ཆེ་ཤོས་དེ་ང་ཚོ་དཔེ་མཛོད་ཁང་གིས་བྱས་ཡོད་པ་རེད། བོད་ཀྱི་དགོན་པ་ཁག་གི་ནང་དུ་ཚན་རིག་སློབ་སྦྱོང་བྱེད་པ་དེ་ཕྱི་ལོ་༢༠༠༠ལོར་ནས་མགོ་བཙུགས་པ་དང༌། ༧སྐྱབས་མགོན་རིན་པོ་ཆེ་སྐུ་ན་ཆུང་དུས་ནས་ཚན་རིག་དང་འཕྲུལ་རིགས་ལ་དོ་སྣང་ཆེན་པོ་ཡོད་པ་དང༌། ཕྱིས་སུ་བཙན་བྱོལ་དུ་སླེབས་ནས་ཕྱི་རྒྱལ་གྱི་ཚན་རིག་པ་མང་པོ་དང་མཉམ་དུ་བགྲོ་གླེང་གནང་བ་བརྒྱུད་ནས་གང་མཚམས་ཤིག་ནས། ང་མི་གཅིག་པུས་ཚན་རིག་ལ་བགྲོ་གླེང་བྱས་ནས་འགྲིག་གི་མི་འདུག ང་ཚོའི་སྤྱི་ཚོགས་ནང་ལ་སླེབས་ཐུབ་པ་དགོས་ཀྱི་འདུག ལྷག་པར་དུ་དགོན་སྡེ་ཁག་གི་དགེ་འདུན་པ་ཚོས་ཚན་རིག་སློབ་སྦྱོང་བྱེད་ཐུབ་ན་ཡག་པོ་འདུག་པས་དཔེ་མཛོད་ཀྱིས་ལས་ཀ་དེ་གཉེར་དགོས་ཀྱི་འདུག་ཅེས་བཀའ་གནང་བ་ལྟར་༢༠༠༠ལོར་དངོས་སུ་བཙུགས་པ་དང༌། དང་ཐོག་དགེ་འདུན་པ་ཕལ་ཆེར་༦༠ཙམ་ལ་ལོ་རེར་ཟླ་གཅིག་རིང་ལ་ཕྱི་རྒྱལ་གྱི་ཚན་རིག་མཁས་པ་དེ་འདྲ་ཆེད་དུ་སྐད་བཏང་ནས་ཟབ་སྦྱོང་སྤྲད་པ་དང༌། ༢༠༠༥ལོར་དགེ་འདུན་པ་༦༠ལག་ཁྱེར་ཅིག་སྤྲད་རྗེས་ཁོ་ཚོའི་ནང་ནས་དགེ་འདུན་པ་༣༠བདམས་ནས་ཡང་བསྐྱར་ཟབ་སྦྱོང་ཐེངས་ལྔ་གནང་ནས་ཚན་རིག་སྣེ་ཁྲིད་ཀྱི་སྡེ་ཚན་དེ་བཙུགས་པ་དང༌། ཡང་བསྐྱར་ཚན་རིག་སྣེ་ཁྲིད་པ་ཚོའི་ནང་ནས་རྩེ་ཕུད་༦བདམས་ནས་ཨ་རི་ལ་བཏང་ཏེ་ཆེད་དུ་ཚན་རིག་སློབ་སྦྱོང་ནས་ལོ་གཅིག་ལྷག་འདས་ཟིན་པ་དང་ཧ་ཅང་ཡག་པོ་ཆགས་འདུག མ་འོངས་པ་ན་ཡང་མུ་མཐུད་དུ་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཡིན་ནའང༌། ག་ལེར་བསམ་བློ་བཏང་ཡོང་དུས་ང་ཚོའི་ལས་ཀ་དེ་དེ་འདྲའི་ཁྱབ་ཆེན་པོ་དང་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་ཡང་དེ་གཅིག་པུ་མ་རེད། དེ་ཡིན་དུས་དཔེ་མཛོད་ཁང་གི་གོ་སྒྲིག་འོག་ཚན་རིག་སྣེ་ཁྲིད་སྡེ་ཚན་གྱིས་དགོན་པ་ཁག་གི་ནང་དུ་ཚན་རིག་སློབ་ཁྲིད་དང་བགྲོ་གླེང་གནང་གི་ཡོད་པ་རེད། ཡིན་ནའང༌། དགོན་པ་ཁག་གི་དགེ་འདུན་པ་མང་ཆེ་བས་དབྱིན་ཇི་ཤེས་ཀྱི་མེད་དུས་ངེས་པར་དུ་བོད་ཡིག་རང་གི་ཐོག་ནས་སློབ་ཁྲིད་བྱེད་དགོས་ཀྱི་ཡོད་པས་གལ་སྲིད་བོད་ཡིག་གི་ཐོག་ནས་བསླབ་ཐུབ་པ་བྱུང་ན་ལས་སླ་རུ་འགྲོ་བ་དང༌། དེ་ལས་ལྷག་པའི་དམིགས་ཡུལ་གཅིག་ནི་ང་ཚོ་བོད་པའི་སྐད་ཡིག་འདི་འཛམ་བུ་གླིང་གི་དེང་དུས་ཀྱི་ཤེས་ཡོན་དེ་བོད་ཡིག་གིོ་ནང་ཏུ་ཡོད་པ་བྱས་ནས་འཛམ་གླིང་གི་སྡེངས་ཆའི་སྟེང་དུ་ལངས་ཐུབ་པ་ཞིག་དགོས་པ་སོགས་ལ་བསམ་བློ་བཏང་ནས་ང་ཚོས་ཡིག་སྒྱུར་གྱི་ལས་གཞི་འདི་མགོ་བརྩམས་པ་དང༌། ཉིན་གསུམ་རེའི་ནང་དུ་ཚན་རིག་གི་ཐ་སྙད་བོད་སྒྱུར་བྱེད་པའི་ཚོགས་འདུ་ཐེངས་ལྔ་ཚོགས་ནས་ད་ལྟའི་བར་དུ་ཐ་སྙད་ཕལ་ཆེར་ཆིག་སྟོང་ཡས་མས་ཤིག་བོད་སྒྱུར་བྱས་ཟིན་པ་དང༌། ད་ལོ་ཐ་སྙད་ཆིག་སྟོང་དེའི་འགྲེལ་བཤད་དང་བཅས་དཔར་སྐྲུན་བྱེད་འཆར་ཡོད། དེ་དང་ཆབས་ཅིག་ཕྱི་རྒྱལ་གྱི་ཚན་རིག་མཁས་པ་དེ་འདྲ་ལ་ཆེད་མངགས་ཀྱིས་ཚན་རིག་སློབ་དེབ་གསུམ་བཟོ་རུ་བཅུག་ནས་ད་ལྟ་བོད་སྒྱུར་བྱས་ཚར་པ་དང༌། ཡང་དེ་མིན་པའི་དངོས་ཁམས་རིག་པ་དང་ཀླད་པའི་སྐོར་གྱི་དེབ་ཆེན་པོ་དྲུག་དཔར་སྐྲུན་བྱས་ཡོད་པ་སོགས་དཀའ་ངལ་མང་པོ་ཞིག་སེལ་བར་ཤུགས་རྒྱག་གི་ཡོད། ང་ཚོའི་དམིགས་ཡུལ་གཙོ་བོ་དེ་ཕྱི་རྒྱལ་གྱི་ཡོན་ཏན་ག་རེ་ཡིན་ན་དགོས་པ་རེད། ལྷག་པར་དུ་ང་ཚོ་བོད་པ་ལ་མཚོན་ན། བོད་པའི་ནང་ཆོས་དེ་ཧ་ལས་པའི་གཏིང་ཟབ་མོ་དང་ཡག་པོ་འདི་ཕྱི་གཉིས་ལ་ཕན་པ་ཞིག་རེད་དེ་དངོས་ཡོད་གནས་ཚུལ་གཅིག་པུས་འགྲིག་གི་ཡོད་པ་མ་རེད། ང་ཚོར་དེང་དུས་སློབ་སྦྱོང་གིས་ཕུངས་བར་བརྟེན་ཚན་རིག་དང་འཕྲུལ་ལས་ཀྱི་ཐོག་ལ་ཤུགས་རྒྱག་དགོས་ཀྱི་འདུག་ཅེས་གསུངས།

ཁོང་གིས་ཚན་རིག་དང་ནང་ཆོས་བར་གྱི་འབྲེལ་བའི་སྐོར་གསུངས་རྒྱུར། སྤྱིར་བཏང་གིས་ཚན་རིག་དང་ནང་ཆོས་བར་གྱི་འབྲེལ་བ་ཟེར་དུས་རྙོག་དྲ་ཚ་བོ་ཞེ་དྲག་རེད། ལས་སླ་བོ་བཤད་ཐུབ་པ་ཞིག་མ་རེད། ཡིན་ནའང༌། ང་རང་གི་བསམ་ཚུལ་ཙམ་སྙིང་བསྡུས་དང་གོ་བདེ་བོ་བྱས་ནས་བརྗོད་པ་ཡིན་ན། ནང་ཆོས་དང་ཚན་རིག་གང་ཡིན་ནའང་མིའི་ལས་ཀ་ཡིན་དུས་མི་དང་འབྲེལ་བ་དགོས་པ་དང༌། མི་དང་འབྲེལ་བ་ཡོད་ན་མི་ལ་ཕན་པ་ཞིག་དགོས་པ་རེད། མི་ཟེར་བ་སུ་ཡིན་མིན་རྩོད་པ་མ་བརྒྱབ་པར་མི་ཟེར་བ་དེ་ལ་ལུས་གཅིག་དང་སེམས་གཅིག་ཡོད་པ་རེད། ད་ང་ལ་བདེ་སྐྱིད་དགོས་ཀྱི་འདུག་ཟེར་དུས་སེམས་ལ་བདེ་སྐྱིད་དགོས་བ་དང་ལུས་ལ་བདེ་སྐྱིད་དགོས་བ་དེ་ཟེར་གྱི་ཡོད། སེམས་ཀྱི་བདེ་སྐྱིད་དེ་ཡོང་ས་འདྲ་མ་འདྲ་མང་པོ་ཡོད་པ་རེད་དེ། གལ་ཆེ་ཤོས་དང་ཕུགས་རྒྱང་རིང་པོས་ཕན་ཐོགས་པ་དང༌། བདེ་སྐྱིད་ཀྱི་འབྱུང་ཁུངས་བརྟན་ཤོས་དེ་ནང་ཆོས་ཀྱི་ནང་དུ་ལབ་བཞག་པ་དེ་ཚོ་རེད། སོ་སོའི་ཕ་མ་སྤུན་མཆེད་ཡིན་ན་གང་འཚམས་ཕན་ཐོགས་ཀྱི་ཡོད་ནའང་མཐའ་གཅིག་ཏུ་ཕན་ཐོགས་ཀྱི་ཡོད་མ་རེད། གཙོ་ཆེ་ཤོས་སོ་སོས་བསམ་བློ་གཏོང་སྟངས་ཡག་པོ་ཞིག་དང་ཡོན་ཏན་ལ་རག་ལས་པ་ལས་དངུལ་སོགས་ཀྱིས་ཕན་ཐོགས་ཡོང་གི་མ་རེད། ཕུགས་རྒྱང་རིང་པོ་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསམ་བློ་གཏོང་བ་སོགས་སེམས་རྒྱུད་ཡག་པོ་ཡོང་བར་ངེས་པར་དུ་ནང་ཆོས་ལ་བརྟེན་དགོས་པ་ལས་ཚན་རིག་གིས་ཡོང་ཡོད་པ་མ་རེད། ཡིན་ནའང༌། དེ་གཅིག་པུ་ཙམ་གྱིས་མི་འགྲིག་པར་ཟ་རྒྱུ་འཐུང་རྒྱུ་དང་འཚོ་བའི་ཡོ་བྱད་སོགས་ལུས་ལ་མཐུན་རྐྱེན་མང་པོ་ཞིག་ཚང་དགོས་ཀྱི་ཡོད་ལ། དེ་ཚོ་ནང་ཆོས་ཀྱིས་སྤྲད་ཐུབ་ཀྱི་ཡོད་པ་མ་རེད། ད་མདོར་བསྡུས་ནས་བཤད་ན། ཕྱི་དངོས་པོ་ཡར་རྒྱས་ཡོང་བར་ཚན་རིག་ལ་བརྟེན་དགོས་པ་དང་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་སོགས་བསྐྲུན་དགོས་ན་ནང་ཆོས་ལ་བརྟེན་དགོས། དེ་འདྲ་ཡིན་དུས་གཉིས་ཀ་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད།

མཐའ་མ་དེར་བོད་ཀྱི་དཔེ་མཛོད་ཁང་གི་མ་འོངས་ལས་འཆར་སོགས་ཀྱི་སྐོར་མདོར་བསྡུས་ཤིག་འགྲེལ་བཤད་གནང་དོན། ནང་ཆོས་དང་སྐད་ཡིག་གི་འཛིན་གྲྭ་དང་ཟབ་སྦྱོང་ཚོགས་པ་སོགས་ད་ལྟ་འགྲོ་བཞིན་པ་རེད། དེ་མིན་པའི་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་བླ་མ་སྐྱེས་བུ་དམ་པ་རྣམས་ཀྱིས་གསུང་དང་བོད་གཞས་སོགས་ཀུན་གྱིས་ཉན་ཐུབ་པ་ཞིག་ཡོང་བའི་ཆེད་དུ་DVDདང་CDསོགས་ཀྱི་ཐོག་ནས་ཌི་ཇི་ཊིལ་དཔེ་མཛོད་ཁང་(གློག་རྡུལ་དཔེ་མཛོད་ཁང་)ཞིག་འཛུགས་འཆར་ཡོད། གཞན་ཡང༌། བོད་རིགས་གཞོན་སྐྱེས་ཚོས་འཛམ་གླིང་ཐོག་སྙན་གྲགས་ཅན་གྱི་དེབ་མང་པོ་ཧ་གོ་གི་མེད་པ་དང༌། ཡང་ཁ་ཤས་ཀྱིས་ཧ་གོ་གི་ཡོད་ནའང་ཉོ་མ་ཐུབ་སོགས་ཀྱི་གནས་ཚུལ་མང་པོ་བྱུང་གི་ཡོད་པས་དཔེ་མཛོད་ཁང་ཆུང་ཆུང་ཞིག་འཛུགས་འཆར་ཡོད། དེའི་ནང་དུ་གཙོ་བོ་ཕྱི་རྒྱལ་གྱི་འཕྲོད་བསྟེན་དང་ཁོར་ཡུག་སོགས་ཀྱི་དེབ་སྙན་གྲགས་ཅན་དེ་འདྲ་བཞག་པ་ཡིན་ན། གཟའ་སྤེན་པ་དང་ཉི་མ་ལ་ཀློག་མཁན་མང་པོ་ཡོང་གི་རེད། ད་ལྟ་དགུན་ཀར་འགྲེམས་སྟོན་ཁང་དེ་རྒྱ་ཅུང་ཙམ་ཆེ་རུ་གཏོང་འཆར་ཡོད། དེ་ནས་ད་ལོ་སྤྱི་ཟླ་བཅུ་གཉིས་པའི་ནང་དུ་ཟབ་སྦྱོང་གསར་པ་ཞིག་ཚོགས་འཆར་ཡོད། དེའི་ནང་དུ་ཆོས་རྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་གི་དཔེ་ཆ་རྦད་དེ་ཐོན་ཚར་མཁན་མི་གྲངས་༢༥ལ་ཟླ་གཅིག་མ་་ཟིན་ཙམ་གྱི་རིང་ལ་ཟབ་སྦྱོང་ཞིག་ཚོགས་རྒྱུ་ཡིན་པ་དང༌། ཟབ་སྦྱོང་དེ་ཚར་རྗེས་ཉིན་གསུམ་གྱི་རིང་ལ་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་ཞིག་ཚོགས་འཆར་ཡོད་ཅེས་གསུངས་སོང༌།

Addthis
མཐའ་མའི་བསྐྱར་བཅོས། ( གཟའ་པ་སངས།, 26 ཕྱི་ཟླ་བརྒྱད་པ། 2011 15:32 )  


......


རྒྱ་གཞུང་གི་འཁྱོག་བརྗོད་ཀྱིས་བོད་མི་ས་ཡ་དྲུག་ལ་ཕོག་ཐུག་གཏོང་གིན་ཡོད།

རྒྱ་གཞུང་གི་འཁྱོག་བརྗོད་ཀྱིས་བོད་མི་ས་ཡ་དྲུག་ལ་ཕོག་ཐུག་གཏོང་གིན་ཡོད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣...

བོད་འབྲོག་པའི་ལས་དབང་དང་གོ་ལའི་རིག་གནས་སྣ་མང་གི་ཉམས་རྒུད།

བོད་འབྲོག་པའི་ལས་དབང་དང་གོ་ལའི་རིག་གནས་སྣ་མང་གི་ཉམས་རྒུད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

སྒྱུར་བཅོས་སྒོ་དབྱེ་ནི་དོན་དངོས་བོད་ལ་ཕན་ཐོགས་ཤིག་ཡོད་དམ།

སྒྱུར་བཅོས་སྒོ་དབྱེ་ནི་དོན་དངོས་བོད་ལ་ཕན་ཐོགས་ཤིག་ཡོད་དམ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟ...

བོད་ཀྱི་ཆ་འཕྲིན་གསར་ཁང་དུ་ཆེད་སྦྱོང་བྱས་པའི་མྱོང་ཚོར།

བོད་ཀྱི་ཆ་འཕྲིན་གསར་ཁང་དུ་ཆེད་སྦྱོང་བྱས་པའི་མྱོང་ཚོར།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

ཉིན་གྲངས་བཅུའི་རིང་སྒོམ་སྒྲུབ་ཁང་ནས་རྙེད་པའི་མྱོང་ཚོར་ཞིག

ཉིན་གྲངས་བཅུའི་རིང་སྒོམ་སྒྲུབ་ཁང་ནས་རྙེད་པའི་མྱོང་ཚོར་ཞིག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣...

རང་བཙན་ཁུངས་སྐྱེལ་དེབ་སྦས་པའི་བོད་དྲ་ཐོག་ནས་ཤར་གཏོང་བྱས་པ།

རང་བཙན་ཁུངས་སྐྱེལ་དེབ་སྦས་པའི་བོད་དྲ་ཐོག་ནས་ཤར་གཏོང་བྱས་པ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

རང་ལུས་མེར་བསྲེགས་པ་ནི་ནག་ཉེས་ཀྱི་བྱ་སྤྱོད་ཅིག་གཏན་ནས་མ་རེད་ཟེར།

རང་ལུས་མེར་བསྲེགས་པ་ནི་ནག་ཉེས་ཀྱི་བྱ་སྤྱོད་ཅིག་གཏན་ནས་མ་རེད་ཟེར།

རྒ...

བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་ལུས་མེར་སྲེག་གི་མཐོང་ཐོས་མྱོང་གསུམ།

བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་ལུས་མེར་སྲེག་གི་མཐོང་ཐོས་མྱོང་གསུམ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟ...

ཡོ་རོབ་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་བརྕི་སྲུང་བྱེད་མཁན་ཞིག་ཡིན།

ཡོ་རོབ་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་བརྕི་སྲུང་བྱེད་མཁན་ཞིག་ཡིན།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ཟླ...

རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་ཞུགས་རྒྱུའི་ཐོབ་ཐང་མེད།

རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་ཞུགས་རྒྱུའི་ཐོབ་ཐང་མེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

དྲང་བདེན་ནི་མེ་མདའ་ལས་སྟོབས་ཤུགས་ཆེ་བ་ཡོད།

དྲང་བདེན་ནི་མེ་མདའ་ལས་སྟོབས་ཤུགས་ཆེ་བ་ཡོད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

དྷ་སར་ཕེབས་པའི་ཐའེ་ཝན་གྱི་སློབ་མ་ཁག་ཅིག་ལ་བཅར་འདྲི།

དྷ་སར་ཕེབས་པའི་ཐའེ་ཝན་གྱི་སློབ་མ་ཁག་ཅིག་ལ་བཅར་འདྲི།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish