Payday loans
Both the applications are very alike payday loans How much do you repay the loan
སྐུ་ཉིད་འདིར་འདུག མདུན་ཤོག ཆེད་སྒྲིག བོད་ཀྱི་སྐད་ཡིག་དང་ཤེས་ཡོན། བོད་རིགས་བུད་མེད་གཡོ་ཚོང་གི་གྲངས་འབོར་འཕར་སྣོན་བྱུང་གིན་འདུག

བོད་རིགས་བུད་མེད་གཡོ་ཚོང་གི་གྲངས་འབོར་འཕར་སྣོན་བྱུང་གིན་འདུག

Email པར་འདེབས།
28august2012-005རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༨ཚེས་༢༩ཉིན། ཕྱི་ལོ་༢༠༡༡ལོ་ནས་བཟུང་རྒྱ་ནག་ནང་བོད་ཀྱི་བུད་མེད་དང་བྱིས་པ་གཡོ་ཚོང་བྱེད་པའི་གཅོད་དོན་འཕར་སྣོན་བྱུང་བཞིན་ཡོད་འདུག
དེ་ཡང་ཐའེ་ཝན་བོད་ཀྱི་དོན་གཅོད་ཁང་གི་ཉམས་ཞིབ་པ་བསོད་ནམས་རྡོ་རྗེ་ལགས་ཀྱིས་བརྗོད་རྒྱུར། བོད་རང་སྐྱོང་ཟེར་བའི་ཁོངས་གཏོགས་ཀྱི་རྫོང་ཁག་༧༢ཡི་ནང་ནས་རྫོང་༤༥ཡི་ནང་དུ་བོད་ཀྱི་བུད་མེད་ལ་མགོ་སྐོར་བཏངབའི་ཉེས་དོན་རྒྱ་གཞུང་གི་གཏུག་བཤེར་གཅོད་གཞིའི་ནང་ཚུད་ཡོད་པ་རེད་ཅེས་བརྗོད་ཡོད་ལ། དེ་བཞིན་དུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་བདེ་ཉེན་རྟོག་ཁང་གིས་ཕྱི་ལོ་༢༠༠༨ནས་༢༠༡༢བར་གྱི་ཁ་བྱང་དུ་༼བུད་མེད་དང་བྱིས་པ་བཙན་འཁྲིད་གཡོ་ཚོང་བྱེད་པའི་ཉེས་དོན་འཕར་སྣོན་བྱུང་བཞིན་པའི་ཐད་ཀྱི་བསམ་གཞིགས་འགའ༽ཞེས་པའི་སྙན་ཐོ་ཞིག་བཏོན་ཡོད་པ་རེད།
སྙན་ཐོ་དེའི་ནང་དུ་བོད་ཁུལ་ནས་བུད་མེད་དང་བྱིས་པ་༡༠༠ལ་ཉེ་བ་རྒྱ་ནག་གི་ཞིང་ཆེན་ཁག་གི་ནང་དུ་བཙན་འཁྲིད་གཡོ་ཚོང་བྱས་ཡོད་པ་རེད་ཅེས་བཀོད་ཡོད་པ་མ་ཟད། མིག་སྔར་དེའི་སྐོར་གྱི་གཅོད་དོན་རིགས་བཞི་བྱུང་བ་ཤེས་རྟོགས་བྱུང་ཡོད་པ་དང༌། ཕྱི་ལོ་༢༠༡༡ནང་དུ་དེ་འབྲེལ་གྱི་གཅོད་དོན་༣༧དང་༢༠༡༠ལོར་གཅོད་དོན་༡༢། ༢༠༠༩ལོར་༣བཅས་ཤེས་རྟོགས་ཐུབ་ཡོད་ལ། ཕྱི་ལོ་༢༠༠༨ ལོར་དེ་རིགས་ཀྱི་གཅོད་དོན་༡༣ཞུ་གཏུག་བྱས་ཡོད་པ་རེད་ཅེས་དང༌།
ཡང་མུ་མཐུད་དུ་བཀོད་དོན། རྒྱ་ནག་ཉེན་རྟོག་ཁང་གིས་གཅོད་དོན་དེ་དག་གི་ནང་ནས་བོད་མི་༨༥སྐྱབས་སྟེ་ཕྱིར་རང་གི་ཕ་ཡུལ་དུ་ལོག་ཐུབ་པ་བྱུང་ཡོད། འདས་པའི་མི་ལོ་༤ཡི་ནང་དུ་བོད་ཁུལ་དུ་ཁྱོན་མི་གྲངས་༧༠བཙན་འཁྲིད་བྱས་ཡོད་ལ། གཡོ་ཚོང་བྱས་པའི་བུད་མེད་ཚང་མ་སོ་སོ་དང་ཆེས་འབྲེལ་འདྲིས་བཟང་པའི་སྐྱེས་པ་དེ་ཚོའི་གཡོ་འོག་ཚུད་ཡོད་པ་རེད། བུད་མེད་དེ་ཚོ་དང་ཐོག་ལས་ཀ་ཡང་ན་ཁྱོ་ག་ཡག་པོ་རག་རྒྱུར་ཁ་གཡར་ནས་རྒྱ་ནག་ནང་འཁྲིད་ཀྱི་ཡོད། ཡིན་ནའང༌། དོན་དངོས་ཐོག ཁོ་ཚོ་རྒྱ་ནག་ཏུ་འཁྲིད་ནས་བྱིས་པ་དབང་བོ་སྐྱོན་ཅན་ཁང་གི་ལས་གཡོག་ཡང་ན་རྒྱ་རིགས་རྒན་པོ་རེའི་ཆུང་མ་བྱེད་རྒྱུ་དེ་ཡིན་ལ། ཡང་བོད་རིགས་བུད་མེད་མང་ཆེ་གཞང་ཚོང་ཁང་དུ་ཡང་གཡོ་ཚོང་བྱེད་ཀྱི་ཡོད་པ་རེད།
གཅོད་དོན་མང་པོའི་ནང་བོད་རིགས་བུད་མེད་ཚོར་སྨན་རྫས་རིགས་སྤྱད་དེ་གཞན་གྱི་གཡོ་ཚོང་བྱས་པ་མང་པོ་ཡོད་ལ། གཞན་གྱི་གཡོ་འོག་ཏུ་ཚུད་པའི་བུད་མེད་མང་ཆེ་བ་བོད་ཁུལ་གྱི་ཞིང་པ་ཡིག་རྨོངས་པ་དང་སློབ་གྲྭ་མཐའ་ཆོད་པ་རྐྱང་རྐྱང་ཡིན་པ་རེད་ཅེས་བཀོད་འདུག
ཡང་ཐའེ་ཝན་དོན་གཅོད་ཀྱི་ཉམས་ཞིབ་པ་བསོད་ནམས་རྡོ་རྗེ་ལགས་ཀྱིས་བརྗོད་རྒྱུར། ལྷ་སའི་གཞིས་ཀ་རྩེ་དང་འདམ་གཞོང་ཁུལ་ནི་བུད་མེད་གཡོ་ཚོང་གི་གཅོད་དོན་བྱུང་ས་ཆེས་ཚབས་ཆེ་ཤོས་གཉིས་ཡིན་ལ། གཡོ་ཚོང་གི་བརྒྱུད་རིམ་ནི་དང་ཐོག་རྒྱ་རིགས་བཟོ་ལས་པ་ཚོ་ས་གནས་དེར་ཡོང་ནས་བོད་རིགས་བུད་མེད་དང་འབྲེལ་འདྲིས་བྱུང་བ་དང༌། ཕ་མས་གཉེན་སྒྲིག་བྱེད་རྒྱུར་མོས་མཐུན་མ་བྱས་པར་བརྟེན། ལྷག་བསམ་རྣམ་དག་གི་བོད་རིགས་ཞིང་བའི་བུ་མོ་རྒྱ་རིགས་དེ་ཚོས་རྒྱ་ནག་ནང་འཁྲིད་འགྲོ་གི་ཡོད་ལ། ལས་ཀ་ཡག་པོ་ཞིག་དང་སྔར་ལས་བཟང་པའི་འཚོ་བ་ཞིག་གི་ཆེད་དུ་བོད་རིགས་བུ་མོ་དེ་ཚོ་འགྲོ་གི་ཡོད་པ་རེད། ཡིན་ནའང༌། རྒྱ་ནག་ཏུ་སླེབས་དུས་མནར་གཅོད་དང་བྲན་གཡོག་གི་འཚོ་བ་སྐྱེལ་དགོས་བྱུང་གི་ཡོད་པ་རེད། ཅེས་བརྗོད་འདུག
ཡང་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱི་ལོ་༢༠༡༢ལོའི་མི་གཡོ་ཚོང་གི་སྙན་ཐོའི་ནང་དུ། རྒྱ་གཞུང་གིས་མི་གཡོ་ཚོང་བྱེད་མཁན་ལ་རྒོལ་རྡུང་བྱེད་པའི་ཁས་ལེན་བྱས་ཡོད་ཀྱང༌། རྒྱལ་སྤྱིའི་ཚད་གཞིར་སླེབས་ཡོད་པ་མ་རེད་ཅེས་དང༌། བརྒྱ་ནག་ནི་མི་གཡོ་ཚོང་བྱེད་སའི་འབྱུང་ཁུངས་དང་དམིགས་འབེན་འཛིན་ས་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད་ཅེས་བརྗོད་ཡོད་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གི་ནང་ནས་རྟོག་ཞིབ་དགོས་པའི་མིང་གཞུང་གི་ཨང་རིམ་གཉིས་པ་དེ་ཆགས་ཡོད་པ་རེད།
Addthis
མཐའ་མའི་བསྐྱར་བཅོས། ( གཟའ་ལྷག་པ།, 29 ཕྱི་ཟླ་བརྒྱད་པ། 2012 14:25 )  


......


རྒྱ་གཞུང་གི་འཁྱོག་བརྗོད་ཀྱིས་བོད་མི་ས་ཡ་དྲུག་ལ་ཕོག་ཐུག་གཏོང་གིན་ཡོད།

རྒྱ་གཞུང་གི་འཁྱོག་བརྗོད་ཀྱིས་བོད་མི་ས་ཡ་དྲུག་ལ་ཕོག་ཐུག་གཏོང་གིན་ཡོད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣...

བོད་འབྲོག་པའི་ལས་དབང་དང་གོ་ལའི་རིག་གནས་སྣ་མང་གི་ཉམས་རྒུད།

བོད་འབྲོག་པའི་ལས་དབང་དང་གོ་ལའི་རིག་གནས་སྣ་མང་གི་ཉམས་རྒུད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

སྒྱུར་བཅོས་སྒོ་དབྱེ་ནི་དོན་དངོས་བོད་ལ་ཕན་ཐོགས་ཤིག་ཡོད་དམ།

སྒྱུར་བཅོས་སྒོ་དབྱེ་ནི་དོན་དངོས་བོད་ལ་ཕན་ཐོགས་ཤིག་ཡོད་དམ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟ...

བོད་ཀྱི་ཆ་འཕྲིན་གསར་ཁང་དུ་ཆེད་སྦྱོང་བྱས་པའི་མྱོང་ཚོར།

བོད་ཀྱི་ཆ་འཕྲིན་གསར་ཁང་དུ་ཆེད་སྦྱོང་བྱས་པའི་མྱོང་ཚོར།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

ཉིན་གྲངས་བཅུའི་རིང་སྒོམ་སྒྲུབ་ཁང་ནས་རྙེད་པའི་མྱོང་ཚོར་ཞིག

ཉིན་གྲངས་བཅུའི་རིང་སྒོམ་སྒྲུབ་ཁང་ནས་རྙེད་པའི་མྱོང་ཚོར་ཞིག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣...

རང་བཙན་ཁུངས་སྐྱེལ་དེབ་སྦས་པའི་བོད་དྲ་ཐོག་ནས་ཤར་གཏོང་བྱས་པ།

རང་བཙན་ཁུངས་སྐྱེལ་དེབ་སྦས་པའི་བོད་དྲ་ཐོག་ནས་ཤར་གཏོང་བྱས་པ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

རང་ལུས་མེར་བསྲེགས་པ་ནི་ནག་ཉེས་ཀྱི་བྱ་སྤྱོད་ཅིག་གཏན་ནས་མ་རེད་ཟེར།

རང་ལུས་མེར་བསྲེགས་པ་ནི་ནག་ཉེས་ཀྱི་བྱ་སྤྱོད་ཅིག་གཏན་ནས་མ་རེད་ཟེར།

རྒ...

བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་ལུས་མེར་སྲེག་གི་མཐོང་ཐོས་མྱོང་གསུམ།

བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་ལུས་མེར་སྲེག་གི་མཐོང་ཐོས་མྱོང་གསུམ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟ...

ཡོ་རོབ་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་བརྕི་སྲུང་བྱེད་མཁན་ཞིག་ཡིན།

ཡོ་རོབ་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་བརྕི་སྲུང་བྱེད་མཁན་ཞིག་ཡིན།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ཟླ...

རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་ཞུགས་རྒྱུའི་ཐོབ་ཐང་མེད།

རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་ཞུགས་རྒྱུའི་ཐོབ་ཐང་མེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

དྲང་བདེན་ནི་མེ་མདའ་ལས་སྟོབས་ཤུགས་ཆེ་བ་ཡོད།

དྲང་བདེན་ནི་མེ་མདའ་ལས་སྟོབས་ཤུགས་ཆེ་བ་ཡོད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

དྷ་སར་ཕེབས་པའི་ཐའེ་ཝན་གྱི་སློབ་མ་ཁག་ཅིག་ལ་བཅར་འདྲི།

དྷ་སར་ཕེབས་པའི་ཐའེ་ཝན་གྱི་སློབ་མ་ཁག་ཅིག་ལ་བཅར་འདྲི།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish