Payday loans
Different names for payday loans Payday loans UK Payday loans-about-us page
སྐུ་ཉིད་འདིར་འདུག མདུན་ཤོག ཆེད་སྒྲིག རང་བྱུང་ཁོར་ཡུག་དང་འཕྲོད་སྟེན། ཁོར་ཡུག་གཙང་བཟོའི་ཆེད་དུ་ཚང་མས་འོས་ཤོག་བླུགས་རོགས་ཞུ།

ཁོར་ཡུག་གཙང་བཟོའི་ཆེད་དུ་ཚང་མས་འོས་ཤོག་བླུགས་རོགས་ཞུ།

Email པར་འདེབས།
19-th-november-2011-clearners

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༢༡ཉིན།  རི་ཁུལ་གཙང་བཟོ་ཚོགས་པས་རྡ་སའི་ཡུལ་མི་དང་སྤྲོ་འཆམ་པ་སོགས་ལ་ཁོར་ཡུག་གང་ལེགས་བསྐྲུན་ཆེད་རྒྱུན་དུ་ལག་ལེན་དངོས་ལ་ཞུགས་ནས་རྡ་སའི་གྲོང་གསེབ་ཁག་གི་ནང་དུ་གད་སྙིགས་བསྡུ་སྒྲུག་སོགས་ཀྱི་སྤྱི་ཚོགས་ཞབས་ཞུ་བསྒྲུབ་བཞིན་ཡོད་འདུག

 

ཚོགས་པ་དེ་ནི་ཕྱི་ལོ་༢༠༠༩ལོར་ལྕམ་ཌིར་ཧེ་ལགས་ཀྱིས་རྒྱ་གར་བྱང་ཕྱོགས་རྡ་རམ་ས་རུ་གསར་དུ་བཙུགས་པ་དང༌། ཚོགས་པ་དེའི་དང་བླངས་བ་ཚོ་རྒྱ་གར་ཡུལ་མི་དང་ཡུལ་སྐོར་སྤྲོ་འཆམ་པ་ཡིན་ལ། དང་ཐོག་རྡ་རམ་ས་ལའི་རི་རྩེ་ཊིན་ཌི་ཁུལ་གྱི་གད་སྙིགས་བསྡུ་སྒྲུག་བྱས་ཏེ་ས་གནས་མི་མང་དང་སྤྲོ་འཆམ་པ་སོགས་ལ་དྭངས་གཙང་གི་ཁོར་ཡུག་ཅིག་བསྐྲུན་ཡོད་པ་དང༌།  ད་ལྟ་གཞི་རྒྱ་ཆེ་རུ་བཏང་ཏེ་བྷ་སུའུ་དང་མག་གྷན་སོགས་ཚུད་པའི་ཡུལ་སྐོར་སྤྲོ་འཆམ་ཁུལ་མང་པོར་གཙང་སྦྲ་བྱེད་བཞིན་ཡོད་འདུག

 

ཚོགས་པ་དེ་ཐོག་མར་འཛུགས་མཁན་ལྕམ་ཇོ་ཌིས་ཨན་ཌིར་ཧེ་ལགས་ཕྱི་ལོ་༢༠༠༩ལོར་རྡ་རམ་ས་ལར་གསར་དུ་སླེབས་པ་དང༌། བོད་ཁྱིམ་སློབ་གྲྭ་རུ་དང་བླངས་ཀྱིས་དགེ་རྒན་གནང་ཡོད་པ་མ་ཟད། ཆོན་ཊི་རཱ་བོད་ཁྱིམ་གྱི་སློབ་ཕྲུག་ཉམ་ཐག་གཉིས་ལ་སྦྱིན་བདག་ཀྱང་གནང་བཞིན་ཡོད་འདུག

 

ཁོ་མོས་འདི་གའི་གསར་འགོད་པར་བརྗོད་རྒྱུར། ང་ཚོས་བྱ་བ་འདི་ཚེགས་ཚུད་པོ་དང་ལེགས་པོ་ཞིག་བསྒྲུབ་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད༌། བྱ་བ་འདི་གནས་སྐབས་ཀྱི་བྱ་བ་ཙམ་་མ་ཡིན་པར་ས་གནས་མི་མང་དང་སྤྲོ་འཆམ་པ། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་སོགས་ནས་རྒྱུན་དུ་མཉམ་རུབ་ཀྱིས་ཁོར་ཡུག་ཐོག་དོ་ཁུར་བྱེད་དགོས་ཀྱི་འདུག་ཅེས་དང༌།  དང་བླངས་སྤྱི་ཚོགས་ཞབས་ཞུ་ནི་ཉམས་མྱོང་བསགས་པའི་རླབས་ཆེན་གྱི་བྱ་བ་ཞིག་ཡིན་ལ། དང་བླངས་བྱས་པ་བརྒྱུད་སོ་སོའི་ནུས་པ་དང་ཡིད་ཆེས་གོང་མཐོར་གཏོང་ཐུབ་པ་མ་ཟད། ཀུན་གྱིས་བསྔགས་བརྗོད་བྱེད་ས་ཞིག་ཀྱང་རེད། ད་ལོ་རྒྱ་གར་དང་བླངས་བ་མང་པོ་སླེབས་སོང༌། ཡིན་ནའང་བོད་པའི་ནང་དུ་རེ་བ་རྒྱག་བཞིན་པའི་སྐབས་ཡིན་ཞེས་བརྗོད་འདུག

 

ཡང་ཁོ་མོས། ང་ཚོ་ཚང་མ་མཉམ་གཅིག་ཏུ་རྡ་ས་རུ་འཚོ་སྡོད་བྱས་ཡོད་པ་རེད། ༧གོང་ས་མཆོག་གིས་རྒྱུན་དུ་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་བཀའ་སློབ་ནན་མོ་ཕེབས་བཞིན་པ་ལྟར་ང་ཚོས་རྡ་ས་ཁུལ་གྱི་ཁོར་ཡུག་གཙང་མ་ཉར་བ་ཡིན་ན། ༧མགོན་པོ་གང་ཉིད་ནས་ཏན་ཏན་ཐུགས་མཉེས་པོ་གནང་ངེས་རེད་ཅེས་བརྗོད་ཡོད་པ་རེད།

ད་ལོའི་འཛམ་གླིང་ཁོར་ཡུག་ཉིན་མོར་རི་ཁུལ་གཙང་བཟོ་ཚོགས་པའི་བོད་རིགས་དང་བླངས་བ་འཕྲིན་ལས་རྣམ་རྒྱལ་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་དོན། ངའི་གྲོགས་པོ་ཚོས་ངས་ལས་ཀ་ག་རེ་བྱེད་དགོས་ན་ཞེས་དྲིས་སྐབས། ངས་རྒྱུན་དུ་ང་ཚོ་རི་ཁུལ་གཙང་བཟོ་ཚོགས་པར་དང་བླངས་བ་དགོས་མཁོ་ཆེ་ཚུལ་འགྲེལ་བཤད་བྱེད་ཀྱི་ཡོད་ཀྱང༌། ཁོ་ཚོ་ག་རེ་བྱས་ནས་མ་ཡོང་བ་ཤེས་མ་སོང་ཞེས་བརྗོད་འདུག

 

རི་ཁུལ་གཙང་བཟོ་ཚོགས་པའི་མིག་སྔར་གྱི་དཀའ་གནད་ཆེ་ཤོས་མ་དངུལ་ཡིན་པས། བྱ་བ་རྒྱུན་འཁྱོངས་དང་ལེགས་འགྲུབ་ཡོང་ཕྱིར་ཚོགས་པ་དེ་མཱ་ཧིན་ཌ་ཚོགས་པའི་ཟླ་རེའི་བྱ་དགའི་འགྲན་བསྡུར་ཁྲོད་འཛུལ་བྱེད་བཞིན་ཡོད་འདུག  མཱ་ཧིན་ཌ་ཚོགས་པས་རྒྱ་གར་ནང་གསར་གཏོད་ཀྱི་བསམ་བློ་ཡར་སྐུལ་བྱེད་པར་ལས་གཞི་འདྲ་མིན་འགྲོ་བཞིན་ཡོད་ལ། ཟླ་རེར་བྱ་དགའ་རིགས་༥༢སྤྲོད་ཀྱི་ཡོད་པ་མ་ཟད། བྱ་དགའ་ཐོབ་མཁན་ཚོར་ཟླ་རེར་དམའ་ཤོས་ཧིན་སྒོར་ཁྲི་༤དང་མཐོ་ཤོས་ཧིན་སྒོར་ཁྲི་༤༠བྱ་དགའ་ཡོད་འདུག  (Spark the Rise)ཞེས་པའི་དྲ་ལམ་བརྒྱུད་དེ་མི་མང་གིས་ཐད་ཀར་འོས་ཤོག་བླུགས་སྟེ་འོས་འདེམས་བྱེད་ཀྱི་ཡོད་འདུག

 

ལྕམ་ཇོ་ཌིས་ཨན་ཌིར་ཧེ་ལགས་ཀྱིས་ང་ཚོ་ལ་མཚོན་ནས་བཤད་ན། དེ་ནི་གོ་སྐབས་ལེགས་ཤོས་ཤིག་ཡིན་པས།  མི་མང་གིས་འོས་ཤོག་དང་སོ་སོས་བརྗོད་འདོད་པའི་ཡིག་འབྲུ་རེ་རེས་ང་ཚོར་རྒྱབ་སྐྱོར་བྱེད་དགོས་ཀྱི་འདུག་ཅེས་བརྗོད་འདུག

 

འོས་ཤོག་བླུགས་སའི་ཁ་བྱང་ནི་ http://www.sparktherise.com/projectdetail.php?pid=4895ཡིན་ལ། གལ་སྲིད་རི་ཁུལ་གཙང་བཟོ་ཚོགས་པའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་དགོས་པའམ་ཚོགས་མིའི་ནང་དུ་འཛུལ་འདོད་ཡོད་ཚེ། འདིའི་ནང་དུ་གཟིགས་རོགས་ཞུ། www.mountaincleaners.org 

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Addthis
མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, 21 ཕྱི་ཟླ་བཅུ་གཅིག 2011 23:16 )  


......


རྒྱ་གཞུང་གི་འཁྱོག་བརྗོད་ཀྱིས་བོད་མི་ས་ཡ་དྲུག་ལ་ཕོག་ཐུག་གཏོང་གིན་ཡོད།

རྒྱ་གཞུང་གི་འཁྱོག་བརྗོད་ཀྱིས་བོད་མི་ས་ཡ་དྲུག་ལ་ཕོག་ཐུག་གཏོང་གིན་ཡོད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣...

བོད་འབྲོག་པའི་ལས་དབང་དང་གོ་ལའི་རིག་གནས་སྣ་མང་གི་ཉམས་རྒུད།

བོད་འབྲོག་པའི་ལས་དབང་དང་གོ་ལའི་རིག་གནས་སྣ་མང་གི་ཉམས་རྒུད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

སྒྱུར་བཅོས་སྒོ་དབྱེ་ནི་དོན་དངོས་བོད་ལ་ཕན་ཐོགས་ཤིག་ཡོད་དམ།

སྒྱུར་བཅོས་སྒོ་དབྱེ་ནི་དོན་དངོས་བོད་ལ་ཕན་ཐོགས་ཤིག་ཡོད་དམ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟ...

བོད་ཀྱི་ཆ་འཕྲིན་གསར་ཁང་དུ་ཆེད་སྦྱོང་བྱས་པའི་མྱོང་ཚོར།

བོད་ཀྱི་ཆ་འཕྲིན་གསར་ཁང་དུ་ཆེད་སྦྱོང་བྱས་པའི་མྱོང་ཚོར།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

ཉིན་གྲངས་བཅུའི་རིང་སྒོམ་སྒྲུབ་ཁང་ནས་རྙེད་པའི་མྱོང་ཚོར་ཞིག

ཉིན་གྲངས་བཅུའི་རིང་སྒོམ་སྒྲུབ་ཁང་ནས་རྙེད་པའི་མྱོང་ཚོར་ཞིག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣...

རང་བཙན་ཁུངས་སྐྱེལ་དེབ་སྦས་པའི་བོད་དྲ་ཐོག་ནས་ཤར་གཏོང་བྱས་པ།

རང་བཙན་ཁུངས་སྐྱེལ་དེབ་སྦས་པའི་བོད་དྲ་ཐོག་ནས་ཤར་གཏོང་བྱས་པ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

རང་ལུས་མེར་བསྲེགས་པ་ནི་ནག་ཉེས་ཀྱི་བྱ་སྤྱོད་ཅིག་གཏན་ནས་མ་རེད་ཟེར།

རང་ལུས་མེར་བསྲེགས་པ་ནི་ནག་ཉེས་ཀྱི་བྱ་སྤྱོད་ཅིག་གཏན་ནས་མ་རེད་ཟེར།

རྒ...

བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་ལུས་མེར་སྲེག་གི་མཐོང་ཐོས་མྱོང་གསུམ།

བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་ལུས་མེར་སྲེག་གི་མཐོང་ཐོས་མྱོང་གསུམ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟ...

ཡོ་རོབ་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་བརྕི་སྲུང་བྱེད་མཁན་ཞིག་ཡིན།

ཡོ་རོབ་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་བརྕི་སྲུང་བྱེད་མཁན་ཞིག་ཡིན།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ཟླ...

རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་ཞུགས་རྒྱུའི་ཐོབ་ཐང་མེད།

རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་ཞུགས་རྒྱུའི་ཐོབ་ཐང་མེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

དྲང་བདེན་ནི་མེ་མདའ་ལས་སྟོབས་ཤུགས་ཆེ་བ་ཡོད།

དྲང་བདེན་ནི་མེ་མདའ་ལས་སྟོབས་ཤུགས་ཆེ་བ་ཡོད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

དྷ་སར་ཕེབས་པའི་ཐའེ་ཝན་གྱི་སློབ་མ་ཁག་ཅིག་ལ་བཅར་འདྲི།

དྷ་སར་ཕེབས་པའི་ཐའེ་ཝན་གྱི་སློབ་མ་ཁག་ཅིག་ལ་བཅར་འདྲི།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish