Payday loans
Different names for payday loans Payday loans UK Payday loans-about-us page
སྐུ་ཉིད་འདིར་འདུག མདུན་ཤོག ཆེད་སྒྲིག རང་བྱུང་ཁོར་ཡུག་དང་འཕྲོད་སྟེན། སྙིང་རྗེ་ཡུལ་ཉམས་ཐག་རོགས་སྐྱོར་ཐེབས་རྩ་ཚོགས་པའི་ལོ་རྒྱུས་མདོར་བསྡུས།

སྙིང་རྗེ་ཡུལ་ཉམས་ཐག་རོགས་སྐྱོར་ཐེབས་རྩ་ཚོགས་པའི་ལོ་རྒྱུས་མདོར་བསྡུས།

Email པར་འདེབས།

19 june 2012 005རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༦ཚེས་༢༠ཉིན། ༼སྙིང་རྗེ་ཡུལ་༽ཉམས་ཐག་རོགས་སྐྱོར་ཐེབས་རྩ། Bridging East and West ཤར་ནུབ་བར་གྱི་འབྲེལ་ཟམ་ཞེས་གཞན་ཕན་དང་སྙིང་རྗེ་ཅན་གྱི་ཚོགས་པ་དེ་ནི། བོད་མི་རྡོ་རྗེ་ཚེ་རིང་ལགས་ཀྱིས་གསར་འཛུགས་གནང་བ་ཞིག་རེད་འདུག
རྡོ་རྗེ་ཚེ་རིང་ལགས་ཀྱི་མི་ཚེའི་ནང་དཀའ་སྡུག་དང་ཉམས་མྱོང་མང་པོ་བརྒྱུད། ཁོང་གིས་གཞན་ཕན་དང་སྙིང་རྗེའི་ཀུན་ནས་བསླངས་བའི་ཉམས་ཐག་རོགས་སྐྱོར་གྱི་ཐེབས་རྩ་འདི་ནི་ཕྱི་ལོ་༢༠༠༩ལོར་ཁོང་གིས་གསར་འཛུགས་གནང་བ་ཞིག་རེད་འདུག་ལ། ཐེབས་རྩ་འདིས་བཙན་བྱོལ་དུ་གྱར་བའི་བོད་མི་ནད་གཅོང་དང༌། དབང་པོ་མ་ཚང་བ། ལྟ་སྐྱོང་བྱེད་མཁན་མེད་པའི་རྒས་ཁོག་དེ་ཚོར་རོགས་རམ་གནང་དང་གནང་བཞིན་པ་ཞིག་རེད་འདུག
གཞན་ཡང་ཉམས་ཐག་རོགས་སྐྱོར་ཐེབས་རྩ་འདིར་ཕྱག་ལས་གཙོ་བོར་གནང་མཁན་ཨོ་སི་ཊི་རི་ཡ་ནས་སྐྱེས་དམན་ Judith Moritz ཇུ་ཌེ་ཐི་མོ་རེ་ཛེ་ཞུ་བ་ཞིག་འདུག་པར་ཁོང་མོས་ཀྱང༌། ཐེབས་རྩ་འདིའི་ཆེད་དུ་ཕྱག་ལས་མང་པོ་ཞིག་གནང་དང་གནང་བཞིན་པ་རེད་འདུག
རྡོ་རྗེ་ཚེ་རིང་ལགས་ནི་ཕྱི་ལོ་༡༩༦༣ལོར་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀུ་ལུ་ཁུལ་དུ་སྐྱེས། ཁོང་གི་ཕ་མ་གཉིས་པོ་ནི་བོད་མི་སྐྱབས་བཅོལ་བ་གཞན་དག་དང་གཅིག་མཚུངས་སུ་ཕྱི་ལོ་༡༩༥༩ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཞིང་གཉིས་ཀ་སྐབས་དེར་ཀུ་ལུ་མ་ཎ་ལི་ཁུལ་དུ་ལམ་བཟོའི་ལས་ཀར་ཞུགས། ཁོང་ནི་དུས་ཚོད་གཉན་འཕྲང་ཅན་དེར་སྐྱེས་ཤིང༌། སྤྱིར་ཁོང་གི་ཕ་མ་གཉིས་པོར་བྱིས་པ་༡༣ཙམ་བཙས་ཡོད་འདུག་ཀྱང༌། རྡོ་རྗེ་ཚེ་རིང་གཅིག་པུ་ལས་གཞན་ཚང་མ་འདས་གྲོངས་སུ་ཕྱིན།
ཁོང་གི་ནང་མིར་དཀའ་ཚེགས་ཆེ་བའི་དུས་ཚོད་དེར་ཨ་མ་འདས་གྲོངས་སུ་ཕྱིན་རྗེས་ཁོང་གི་ཕས་ཁོང་ཉིད་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭའི་ནང་བསྐྱལ་ནས་ཁོང་ཉིད་རྒྱ་གར་ལྷོ་ཕྱོགས་ཧོང་སུ་ཁུལ་དུ་གཞིས་བསྐྱོད་བྱས་ཀྱང་ལོ་འགའ་ལས་མ་འགོར་བར་ཁོང་གི་ཕ་ཡང་འདས་གྲོངས་སུ་ཕྱིན།
རྡོ་རྗེ་ཚེ་རིང་ལགས་བོད་ཕྲུག་ཁྱིམ་སྡེ་ནས་འཛིན་རིམ་༡༠པ་ཐོན་རྗེས་བོད་ཕྲུག་ཁྱིམ་སྡེའི་ལག་ཤེས་འཚེམ་བུ་སྡེ་ཚན་ནང་ཁྱོན་ལོ་ངོ་༤ཙམ་རིང་འཚེམ་བུ་སྦྱོར་བརྡར་བྱས། དེ་རྗེས་རྒྱ་གར་ལྷོ་ཕྱོགས་བྷེ་ཀོབ་དང༌། བལ་ཡུལ། ཏེ་ཙུ་གཞིས་ཆགས་སོགས་ས་གནས་མང་པོའི་ནང་བསྐྱོད་ནས་ཕྱག་ལས་གནང་བ་དང༌། རྡོ་རྗེ་ཚེ་རིང་ལགས་ཀྱིས་ཁོང་གི་ཕ་མ་གཉིས་པོར་ཞབས་ཞུ་སྒྲུབ་པའི་སྐལ་བ་མ་བྱུང་ཡང་། དུས་ཡུན་རིང་པོར་ཁོང་གི་རེ་འདོད་ལྟར་ཕྱི་ལོ་༢༠༠༩ལོར་ཁོང་གིས་༼སྙིང་རྗེ་ཡུལ་༽ཞེས་པའི་ཉམས་ཐག་རོགས་སྐྱོར་གྱི་ཐེབས་རྩ་འདི་ཉིད་གསར་འཛུགས་གནང་བ་ཞིག་རེད་འདུག
ཉམས་ཐག་རོགས་སྐྱོར་གྱི་ཐེབས་རྩ་འདིའི་སྐོར་ཤེས་རྟོགས་དེ་ལས་མང་བ་གནང་འདོད་ཡོད་ཚེ་ www. giving-kindness.org དྲ་རྒྱ་འདིར་གཟིགས་རོགས།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Addthis
མཐའ་མའི་བསྐྱར་བཅོས། ( གཟའ་མིག་དམར།, 19 ཕྱི་ཟླ་དྲུག་པ། 2012 17:21 )  


......


རྒྱ་གཞུང་གི་འཁྱོག་བརྗོད་ཀྱིས་བོད་མི་ས་ཡ་དྲུག་ལ་ཕོག་ཐུག་གཏོང་གིན་ཡོད།

རྒྱ་གཞུང་གི་འཁྱོག་བརྗོད་ཀྱིས་བོད་མི་ས་ཡ་དྲུག་ལ་ཕོག་ཐུག་གཏོང་གིན་ཡོད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣...

བོད་འབྲོག་པའི་ལས་དབང་དང་གོ་ལའི་རིག་གནས་སྣ་མང་གི་ཉམས་རྒུད།

བོད་འབྲོག་པའི་ལས་དབང་དང་གོ་ལའི་རིག་གནས་སྣ་མང་གི་ཉམས་རྒུད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

སྒྱུར་བཅོས་སྒོ་དབྱེ་ནི་དོན་དངོས་བོད་ལ་ཕན་ཐོགས་ཤིག་ཡོད་དམ།

སྒྱུར་བཅོས་སྒོ་དབྱེ་ནི་དོན་དངོས་བོད་ལ་ཕན་ཐོགས་ཤིག་ཡོད་དམ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟ...

བོད་ཀྱི་ཆ་འཕྲིན་གསར་ཁང་དུ་ཆེད་སྦྱོང་བྱས་པའི་མྱོང་ཚོར།

བོད་ཀྱི་ཆ་འཕྲིན་གསར་ཁང་དུ་ཆེད་སྦྱོང་བྱས་པའི་མྱོང་ཚོར།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

ཉིན་གྲངས་བཅུའི་རིང་སྒོམ་སྒྲུབ་ཁང་ནས་རྙེད་པའི་མྱོང་ཚོར་ཞིག

ཉིན་གྲངས་བཅུའི་རིང་སྒོམ་སྒྲུབ་ཁང་ནས་རྙེད་པའི་མྱོང་ཚོར་ཞིག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣...

རང་བཙན་ཁུངས་སྐྱེལ་དེབ་སྦས་པའི་བོད་དྲ་ཐོག་ནས་ཤར་གཏོང་བྱས་པ།

རང་བཙན་ཁུངས་སྐྱེལ་དེབ་སྦས་པའི་བོད་དྲ་ཐོག་ནས་ཤར་གཏོང་བྱས་པ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

རང་ལུས་མེར་བསྲེགས་པ་ནི་ནག་ཉེས་ཀྱི་བྱ་སྤྱོད་ཅིག་གཏན་ནས་མ་རེད་ཟེར།

རང་ལུས་མེར་བསྲེགས་པ་ནི་ནག་ཉེས་ཀྱི་བྱ་སྤྱོད་ཅིག་གཏན་ནས་མ་རེད་ཟེར།

རྒ...

བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་ལུས་མེར་སྲེག་གི་མཐོང་ཐོས་མྱོང་གསུམ།

བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་ལུས་མེར་སྲེག་གི་མཐོང་ཐོས་མྱོང་གསུམ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟ...

ཡོ་རོབ་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་བརྕི་སྲུང་བྱེད་མཁན་ཞིག་ཡིན།

ཡོ་རོབ་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་བརྕི་སྲུང་བྱེད་མཁན་ཞིག་ཡིན།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ཟླ...

རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་ཞུགས་རྒྱུའི་ཐོབ་ཐང་མེད།

རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་ཞུགས་རྒྱུའི་ཐོབ་ཐང་མེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

དྲང་བདེན་ནི་མེ་མདའ་ལས་སྟོབས་ཤུགས་ཆེ་བ་ཡོད།

དྲང་བདེན་ནི་མེ་མདའ་ལས་སྟོབས་ཤུགས་ཆེ་བ་ཡོད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

དྷ་སར་ཕེབས་པའི་ཐའེ་ཝན་གྱི་སློབ་མ་ཁག་ཅིག་ལ་བཅར་འདྲི།

དྷ་སར་ཕེབས་པའི་ཐའེ་ཝན་གྱི་སློབ་མ་ཁག་ཅིག་ལ་བཅར་འདྲི།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish