Payday loans
Both the applications are very alike payday loans How much do you repay the loan
སྐུ་ཉིད་འདིར་འདུག མདུན་ཤོག ཆེད་སྒྲིག རང་བྱུང་ཁོར་ཡུག་དང་འཕྲོད་སྟེན། ཧི་མ་ལ་ཡའི་འཁྱགས་རོམ་སྐོར་གྱི་སྙན་ཐོ་ལ་ཚན་རིག་གི་ཁུངས་སྐྱེལ་རམ་འདེཊ་མེད་པ།

ཧི་མ་ལ་ཡའི་འཁྱགས་རོམ་སྐོར་གྱི་སྙན་ཐོ་ལ་ཚན་རིག་གི་ཁུངས་སྐྱེལ་རམ་འདེཊ་མེད་པ།

Email པར་འདེབས།
22january20103

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ལོའི་ཟླ་༡པའི་ཚེས་༢༢ཉིན། ཟླ་འདིའི་ཚེས་༢༠ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ཆེད་མཁས་པས་ཕྱི་ལོ་༢༠༣༥སླེབས་དུས་རི་བོ་ཧི་མ་ལ་ཡའི་འཁྱགས་རོམ་བཞུས་ཚར་ཡོད་རྒྱུ་རེད་ཅེས་པའི་ཉེན་བརྡ་ལ་ཚན་རིག་གི་ཁུངས་སྐྱེལ་རྒྱབ་འདེགས་མི་མཆིས་ལུགས་འགྲེལ་བརྗོད་བྱས་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་གཤིས་འགྱུར་ལྡོག་ཐད་ཀྱི་ལྷན་ཁང་གིས་ཕྱི་ལོ་༢༠༠༧ལོར་བཏོན་པའི་སྙན་ཐོ་ཞིག་གི་ནང༌། ལོ་ངོ་སུམ་ཅུའི་དུས་ཡུན་ནང་རི་བོ་ཧི་མ་ལ་ཡའི་འཁྱགས་རོམ་བཞུས་ཚར་ཏེ་མེད་པར་ཆགས་རྒྱུ་རེད་ཅེས་བཀོད་ཡོད་འདུག་མོད། ད་ལྟ་ལྷན་ཁང་དེའི་གནམ་གཤིས་ཆེད་མཁས་པ་དག་གིས་གོང་གི་སྙན་ཐོ་དེ་ལ་ཚན་རིག་གི་ཁུངས་སྐྱེལ་རམ་འདེགས་མི་འདངས་ལུགས་གསལ་བསྒྲགས་བྱས་ཡོད་འདུག

རྒྱ་གར་གྱི་ཁོར་ཡུག་བློན་ཆེན་ཇའ་རམ་ར་མུས་ཞི་ལགས་ཀྱིས་ཕྱི་ཚེས་༡༩ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ལྷན་ཁང་ལ་ཁུངས་མི་བཙན་པའི་སྙན་ཐོ་སྤེལ་བར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་དོན། རི་བོ་ཧི་མ་ལ་ཡའི་འཁྱག་རོམ་གྱི་བདེ་ཐང་ནི་བློ་འཚུབ་དང་དོགས་ཟོན་གྱི་འབྱུང་རྩ་རེད། རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ལྷན་ཁང་གིས་ཚན་རིག་གི་ཁུངས་སྐྱེལ་རམ་འདེགས་མེད་པར་ཕྱི་ལོ་༢༠༣༥སླེབས་དུས་འཁྱགས་རོམ་བཞུས་ཚར་རྒྱུ་རེད་ཅེས་སྙན་ཐོག་བཏོན་ཡོད་པ་རེད། ཅེས་བརྗོད་ཡོད་འདུག

དེ་ཡང་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་ལྷན་ཁང་དེས་ཕྱི་ལོ་༢༠༠༧ལོར་བཏོན་པའི་སྙན་ཐོའི་ནང༌། རི་བོ་ཧི་མ་ལ་ཡའི་འཁྱགས་རོམ་གྱི་བཞུ་ཚད་དེ་འཛམ་གླིང་ཡུལ་ཕྱོགས་གཞན་ལས་མགྱོགས་པ་དང༌། སའི་གོ་ལའི་དྲོད་ཚད་ཇེ་ཆེར་འགྲོ་བ་དང་བསྟུན་རི་བོ་ཧི་མ་ལ་ཡའི་འཁྱགས་རོམ་དེ་ཕྱི་ལོ་༢༠༣༥སླེབས་དུས་བཞུས་ཚར་རྒྱུ་རེད། ཅེས་བཀོད་ཡོད་འདུག་མོད། ལྷན་ཁང་དེ་གའི་གསལ་ཐོ་གཞན་ཞིག་གི་ནང་ཕྱི་ལོ་༢༠༣༥སླེབས་དུས་ཧི་མ་ལ་ཡའི་འཁྱགས་རོམ་སྟོང་སྨིས་གྲུ་བཞི་མ་༥༠༠.༠༠ནས་༡༠༠.༠༠༠རུ་བཀུམས་རྒྱུ་རེད་ཅེས་བཀོད་ཡོད་འདུག

རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལྷན་ཁང་དེའི་འགན་འཛིན་དང༌། འགན་འཛིན་གཞོན་པ། དེ་བཞིན་འགན་འཛིན་ལས་རོགས་སོགས་ཀྱི་མཐོ་རིམ་འགོ་ཁྲིད་ཁག་ཅིག་ལྷན་ཁང་དེ་གས་ཧི་མ་ལ་ཡའི་འཁྱགས་རོམ་གྱི་གནས་བབས་ཐད་བརྟག་དཔྱད་སྐྱོ་བོ་བྱས་པའི་ལས་དོན་ཐད་བློ་འགྱོད་སྐྱེས་ཀྱིན་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Addthis
མཐའ་མའི་བསྐྱར་བཅོས། ( གཟའ་པ་སངས།, 22 ཕྱི་ཟླ་དང་པོ། 2010 16:12 )  


......


རྒྱ་གཞུང་གི་འཁྱོག་བརྗོད་ཀྱིས་བོད་མི་ས་ཡ་དྲུག་ལ་ཕོག་ཐུག་གཏོང་གིན་ཡོད།

རྒྱ་གཞུང་གི་འཁྱོག་བརྗོད་ཀྱིས་བོད་མི་ས་ཡ་དྲུག་ལ་ཕོག་ཐུག་གཏོང་གིན་ཡོད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣...

བོད་འབྲོག་པའི་ལས་དབང་དང་གོ་ལའི་རིག་གནས་སྣ་མང་གི་ཉམས་རྒུད།

བོད་འབྲོག་པའི་ལས་དབང་དང་གོ་ལའི་རིག་གནས་སྣ་མང་གི་ཉམས་རྒུད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

སྒྱུར་བཅོས་སྒོ་དབྱེ་ནི་དོན་དངོས་བོད་ལ་ཕན་ཐོགས་ཤིག་ཡོད་དམ།

སྒྱུར་བཅོས་སྒོ་དབྱེ་ནི་དོན་དངོས་བོད་ལ་ཕན་ཐོགས་ཤིག་ཡོད་དམ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟ...

བོད་ཀྱི་ཆ་འཕྲིན་གསར་ཁང་དུ་ཆེད་སྦྱོང་བྱས་པའི་མྱོང་ཚོར།

བོད་ཀྱི་ཆ་འཕྲིན་གསར་ཁང་དུ་ཆེད་སྦྱོང་བྱས་པའི་མྱོང་ཚོར།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

ཉིན་གྲངས་བཅུའི་རིང་སྒོམ་སྒྲུབ་ཁང་ནས་རྙེད་པའི་མྱོང་ཚོར་ཞིག

ཉིན་གྲངས་བཅུའི་རིང་སྒོམ་སྒྲུབ་ཁང་ནས་རྙེད་པའི་མྱོང་ཚོར་ཞིག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣...

རང་བཙན་ཁུངས་སྐྱེལ་དེབ་སྦས་པའི་བོད་དྲ་ཐོག་ནས་ཤར་གཏོང་བྱས་པ།

རང་བཙན་ཁུངས་སྐྱེལ་དེབ་སྦས་པའི་བོད་དྲ་ཐོག་ནས་ཤར་གཏོང་བྱས་པ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

རང་ལུས་མེར་བསྲེགས་པ་ནི་ནག་ཉེས་ཀྱི་བྱ་སྤྱོད་ཅིག་གཏན་ནས་མ་རེད་ཟེར།

རང་ལུས་མེར་བསྲེགས་པ་ནི་ནག་ཉེས་ཀྱི་བྱ་སྤྱོད་ཅིག་གཏན་ནས་མ་རེད་ཟེར།

རྒ...

བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་ལུས་མེར་སྲེག་གི་མཐོང་ཐོས་མྱོང་གསུམ།

བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་ལུས་མེར་སྲེག་གི་མཐོང་ཐོས་མྱོང་གསུམ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟ...

ཡོ་རོབ་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་བརྕི་སྲུང་བྱེད་མཁན་ཞིག་ཡིན།

ཡོ་རོབ་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་བརྕི་སྲུང་བྱེད་མཁན་ཞིག་ཡིན།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ཟླ...

རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་ཞུགས་རྒྱུའི་ཐོབ་ཐང་མེད།

རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་ཞུགས་རྒྱུའི་ཐོབ་ཐང་མེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

དྲང་བདེན་ནི་མེ་མདའ་ལས་སྟོབས་ཤུགས་ཆེ་བ་ཡོད།

དྲང་བདེན་ནི་མེ་མདའ་ལས་སྟོབས་ཤུགས་ཆེ་བ་ཡོད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

དྷ་སར་ཕེབས་པའི་ཐའེ་ཝན་གྱི་སློབ་མ་ཁག་ཅིག་ལ་བཅར་འདྲི།

དྷ་སར་ཕེབས་པའི་ཐའེ་ཝན་གྱི་སློབ་མ་ཁག་ཅིག་ལ་བཅར་འདྲི།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish