Payday loans
Both the applications are very alike payday loans How much do you repay the loan
སྐུ་ཉིད་འདིར་འདུག མདུན་ཤོག ཆེད་སྒྲིག གསར་འགོད་གསལ་བསྒྲཌ། དཔའ་མོ་རི་ཀྱོ་ལགས་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་མྱ་ངན།

དཔའ་མོ་རི་ཀྱོ་ལགས་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་མྱ་ངན།

Email པར་འདེབས།
1june2012-002

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༦ཚེས་༡ཉིན། ཟླ་༥ཚེས་༣༠ཉིན་གྱི་ཕྱི་དྲོར་རྒྱལ་གཅེས་དཔའ་མོ་རི་ཀྱོ་ལགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ནས་སྐུ་གྲོངས་པར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གདུང་སེམས་མཉམ་སྐྱེད་དང་ཛ་དྲག་གི་བསྒྲགས་གཏམ་ཞིག་སྤེལ་འདུག

 

ཁ་སང་ཕྱི་ཚེས་༣༡ཉིན་གྱི་དགོང་མོར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་གཅེས་དཔའ་མོ་རི་ཀྱོ་ལགས་ལ་མྱ་ངན་གུས་འདུད་མཚོན་པའི་མར་མེའི་ཁྲོམ་སྐོར་ཞིག་གོ་སྒྲིག་ཞུས་ཡོད་ལ།

རྒྱལ་གཅེས་དཔའ་མོ་རི་ཀྱོ་ལགས་ནི་བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མེ་རུ་སྒྲོན་མཁན་བོད་རིགས་༣༨པ་དང་བུད་མེད་རང་ལུས་མེར་སྲེག་གཏོང་མཁན་དྲུག་པ། གཅེས་པའི་བུ་ཕྲུག་སོགས་བློས་གཏོང་མཁན་ཨ་མ་གཉིས་པ་དེ་ཆགས་ཡོད་ལ། སྔ་གཞུག་ཏུ་བྱུང་བའི་རང་ལུས་མེར་སྲེག་གི་དོན་རྐྱེན་ཁག་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་སེམས་འཚབ་དྲག་པོ་ཡོད་པའི་རྣམ་འགྱུར་རྒྱལ་སྤྱིའི་ཐོག་གསལ་བོ་བསྟན་དང་སྟོན་བཞིན་ཡོད་པ་མ་ཟད། སོ་སོའི་གཅེས་པའི་ཚེ་སྲོག་བློས་བཏང་ཏེ། ༼བོད་ལ་རང་དབང་རང་བཙན་སྤྲོད་དགོས།༽དང་༼༧རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས༽པའི་རེ་འབོད་ལ་རྒྱ་གཞུང་གིས་གསན་བསམ་དགོས་པའི་ནན་སྐུལ་ཞུ་བཞིན་ཡོད་པ་རེད། 

 

གཞན་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་དུ།  འདི་ལོའི་སྤྱི་ཟླ་བཞི་བའི་ནང་དུ་བུད་མེད་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༠༩ཟླ་༢ཚེས་༢༧ནས་འདི་ལོའི་ཕྱི་ཟླ་༣ཚེས་༣༠བར་བྱུང་བའི་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམ་གྱི་གོ་རིམ་དང་ཀུན་སྤྱོད། རྣམ་འགྱུར་ལ་བསྐྱར་ཞིབ་ཅེས་པའི་དེབ་ཅིག་དཔར་སྐྲུན་འགྲེམས་སྤེལ་གྱིས། རྒྱལ་སྤྱིའི་ངོས་ནས་དེ་ལ་ཡ་ལན་རྣམ་འགྱུར་ག་རེ་བསྟན་པ་དང༌། འཚེ་མེད་ཞི་བའི་བྱེད་ཐབས་དེ་ལ་འཛམ་གླིང་ཁྱོན་ཡོངས་ལ་འགུལ་ཤུགས་གསལ་བརྡ་ག་རེ་སྟོན་གྱི་ཡོད་པ་སོགས་འགྲེལ་བརྗོད་བྱས་པ་བསྟུན། འཛམ་གླིང་གི་རྒྱལ་ཁབ་ཁག་གིས་བོད་ནང་དྲག་གནོན་མཚམས་འཇོག་ཡོང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་དང༌། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་ཆུང་གི་སྤྱི་ཁྱབ་འགན་འཛིན་ལྕམ་(Navanethem pillay)མཆོག་གིས་གཙོ་གནང་བའི་ལྟ་ཞིབ་མི་སྣ་བོད་ནང་དུ་ངེས་ཕེབས་ཡོང་རྒྱུར་རེ་འབོད་ཞུ་རྒྱུ་དང༌། ཕམ་ཉེས་རིམ་པར་བྱུང་བཞིན་པའི་རྒྱ་ནག་དམར་ཕྱོགས་ཚོིགས་པས་ད་ལྟའི་བར་མཁྲེགས་བཟུང་བྱས་པའི་གཅིག་སྡུག་ལམ་ལུགས་ལ་བསྐྱར་ཞིབ་གཙོས་ངེས་པར་འགྱུར་བ་གཏོང་རྒྱུའི་འབོད་སྐུལ་ཞུ་རྒྱུ་དང༌། ལྷག་པར་དུ་བཙན་བྱོལ་བོད་མིའི་སྐུ་ཚབ་དང་ལྷན་དུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇགས་དང་རང་དབང་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་པར་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཤུགས་དྲག་ཞུ་བཞིན་ཡོད་ཅེས་འཁོད་འདུག

འབྲེལ་གཏུག་གནང་ཡུལ།

ཚོགས་གཙོ། བཀྲ་ཤིས་སྒྲོལ་མ། ༠༩༤༥༦༡༡༤༡༣༢

ཚོགས་གཞོན། བསམ་གཏན་ཆོས་སྒྲོན། ༠༩༨༨༢༢༦༩༤༩༡

དྲུང་ཡིག ཉི་མ་ལྷ་མོ། ༠༩༨༨༢༥༠༢༨༢༡

ཉམས་ཞིབ་པ། པད་མ་ཆོས་སྒྲོན། ༠༨༦༧༩༧༡༨༤༨༡

Addthis
མཐའ་མའི་བསྐྱར་བཅོས། ( གཟའ་པ་སངས།, 01 ཕྱི་ཟླ་དྲུག་པ། 2012 13:20 )  


......


རྒྱ་གཞུང་གི་འཁྱོག་བརྗོད་ཀྱིས་བོད་མི་ས་ཡ་དྲུག་ལ་ཕོག་ཐུག་གཏོང་གིན་ཡོད།

རྒྱ་གཞུང་གི་འཁྱོག་བརྗོད་ཀྱིས་བོད་མི་ས་ཡ་དྲུག་ལ་ཕོག་ཐུག་གཏོང་གིན་ཡོད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣...

བོད་འབྲོག་པའི་ལས་དབང་དང་གོ་ལའི་རིག་གནས་སྣ་མང་གི་ཉམས་རྒུད།

བོད་འབྲོག་པའི་ལས་དབང་དང་གོ་ལའི་རིག་གནས་སྣ་མང་གི་ཉམས་རྒུད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

སྒྱུར་བཅོས་སྒོ་དབྱེ་ནི་དོན་དངོས་བོད་ལ་ཕན་ཐོགས་ཤིག་ཡོད་དམ།

སྒྱུར་བཅོས་སྒོ་དབྱེ་ནི་དོན་དངོས་བོད་ལ་ཕན་ཐོགས་ཤིག་ཡོད་དམ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟ...

བོད་ཀྱི་ཆ་འཕྲིན་གསར་ཁང་དུ་ཆེད་སྦྱོང་བྱས་པའི་མྱོང་ཚོར།

བོད་ཀྱི་ཆ་འཕྲིན་གསར་ཁང་དུ་ཆེད་སྦྱོང་བྱས་པའི་མྱོང་ཚོར།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

ཉིན་གྲངས་བཅུའི་རིང་སྒོམ་སྒྲུབ་ཁང་ནས་རྙེད་པའི་མྱོང་ཚོར་ཞིག

ཉིན་གྲངས་བཅུའི་རིང་སྒོམ་སྒྲུབ་ཁང་ནས་རྙེད་པའི་མྱོང་ཚོར་ཞིག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣...

རང་བཙན་ཁུངས་སྐྱེལ་དེབ་སྦས་པའི་བོད་དྲ་ཐོག་ནས་ཤར་གཏོང་བྱས་པ།

རང་བཙན་ཁུངས་སྐྱེལ་དེབ་སྦས་པའི་བོད་དྲ་ཐོག་ནས་ཤར་གཏོང་བྱས་པ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

རང་ལུས་མེར་བསྲེགས་པ་ནི་ནག་ཉེས་ཀྱི་བྱ་སྤྱོད་ཅིག་གཏན་ནས་མ་རེད་ཟེར།

རང་ལུས་མེར་བསྲེགས་པ་ནི་ནག་ཉེས་ཀྱི་བྱ་སྤྱོད་ཅིག་གཏན་ནས་མ་རེད་ཟེར།

རྒ...

བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་ལུས་མེར་སྲེག་གི་མཐོང་ཐོས་མྱོང་གསུམ།

བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་ལུས་མེར་སྲེག་གི་མཐོང་ཐོས་མྱོང་གསུམ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟ...

ཡོ་རོབ་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་བརྕི་སྲུང་བྱེད་མཁན་ཞིག་ཡིན།

ཡོ་རོབ་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་བརྕི་སྲུང་བྱེད་མཁན་ཞིག་ཡིན།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ཟླ...

རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་ཞུགས་རྒྱུའི་ཐོབ་ཐང་མེད།

རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་ཞུགས་རྒྱུའི་ཐོབ་ཐང་མེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

དྲང་བདེན་ནི་མེ་མདའ་ལས་སྟོབས་ཤུགས་ཆེ་བ་ཡོད།

དྲང་བདེན་ནི་མེ་མདའ་ལས་སྟོབས་ཤུགས་ཆེ་བ་ཡོད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

དྷ་སར་ཕེབས་པའི་ཐའེ་ཝན་གྱི་སློབ་མ་ཁག་ཅིག་ལ་བཅར་འདྲི།

དྷ་སར་ཕེབས་པའི་ཐའེ་ཝན་གྱི་སློབ་མ་ཁག་ཅིག་ལ་བཅར་འདྲི།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish