ཁ་སང་རེས་གཟའ་ཉི་མ་ཉིན་གྱི་ཕྱི་དྲོ་ཆུ་ཚོད་༤པ་ཡོལ་ཙམ་ལ་བཞུགས་སྒར་དྷ་རམ་ས་ལའི་མེག་གྷན་འཇིགས་མེད་ཨི་ཊ་ལིན་ཟ་ཁང་དུ། དྷ་ས་ཁུལ་གྱི་བོད་རིགས་གཞོན་སྐྱེས་ཁག་ཅིག་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཡུལ་སྐོར་བ་བཅས་མི་གྲངས་༣༠ལྷག་འདུ་འཛོམས་ཐོག རྩོམ་པ་པོ་བུ་ཆུང་བསོད་ནམས་ལགས་ཀྱི་དེབ་ཕྲེང་བཞི་པ་༼གཡག་རྭ༽ (yak horns) ཞེས་པའི་དཔེ་དེབ་དབུ་འབྱེད་གནང་བ་དང་བསྟུན། ཨ་རིར་གནས་སྡོད་བོད་ཀྱི་བུད་མེད་རྩོམ་པ་པོ་དོམ་པ་ཚང་ཚེ་རིང་དབང་མོ་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས། ལོན་ཊོན་དུ་ཡོད་པའི་རྩོམ་པ་པོ་བདེ་ཆེན་སྤེན་པ་ལགས། དེ་བཞིན་རྩོམ་པ་པོ་དང་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་དང་བུ་ཆུང་ལྡུམ་ར་བསོད་ནམས་ལགས་བཅས་ཀྱིས་སོ་སོས་བྲིས་པའི་སྙན་ངག་འགའ་གྱེར་འདོན་གནང་བ་མ་ཟད། རང་ཉིད་ཀྱིས་བོད་མི་རིགས་ཀྱི་གནས་བབ་དང་སྒེར་གྱི་མྱོང་ཚོར་སོགས་དབྱིན་ཡིག་གི་ཐོག་ནས་འབྲི་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་འགྲེལ་བརྗོད་དང༌། བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་བྱུང་བ་སོགས་ཀྱི་སྐོར་བགྲོ་གླེང་གནང་སོང༌།
གཡག་རྭ་ཞེས་པའི་དཔེ་དེབ་དེའི་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་གཞས་དང་རོལ་དབྱངས། ཆབ་སྲིད་གནས་བབ་སོགས་བརྗོད་བྱ་གཙོ་བོར་བཟུང་ཡོད་པ་མ་ཟད། རྒྱ་གཞུང་གི་བཙན་གནོན་འོག་བྲིས་པའི་བོད་རྩོམ་ཁག་ཅིག་ལ་དཔྱད་བརྗོད་སྤེལ་འདུག་ལ། རྩོམ་པ་པོ་བུ་ཆུང་བསོད་ནམས་ལགས་ཀྱིས་དཔེ་དེབ་དེ་འབྲི་དགོས་པའི་དམིགས་ཡུལ་གཉིས་འགྲེལ་བརྗོད་གནང་དོན། དམིགས་ཡུལ་དང་པོ་ནི་རྒྱ་གཞུང་གི་འཁྱོག་བརྗོད་དང་ནུབ་ཕྱོགས་པ་ཚོས་བོད་སྐོར་ལ་བྲིས་པའི་བསམ་ཚུལ་གཉིས་ཀྱི་བར་ནས། བོད་ནང་བྱུང་བའི་དངོས་ཡོད་གནས་ཚུལ་དེ་བརླག་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པ་དང༌། གཉིས་ནས་བོད་ནང་དུ་རྩོམ་པ་པོ་ཧ་ཅང་མང་པོ་ཞིག་གིས་རང་སྲོག་བློས་བཏང་ནས་དེབ་མང་པོ་ཞིག་བྲིས་ཡོད་ཀྱང༌། ཁོ་ཚོས་བོད་ཡིག་ནང་བྲིས་པ་དང་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོས་བོད་ཡིག་མ་ཤེས་པའི་རྐྱེན་གྱིས། བོད་ནང་གི་རྩོམ་པ་པོ་དང་ཕྱི་གླིང་གི་རང་རེའི་མི་རབས་གསར་པ་གཉིས་དབར་ལ་བར་ཐག་ཆེན་པོ་ཞིག་ཡོད་དུས། བར་ཐག་དེ་གང་ཐུབ་ཀྱིས་སྐོང་ཐུབ་པའི་ཆེད་དུ་ཡིན་སྐོར་གསུངས་སོང༌།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

གསར་འགྱུར། 



ཐུགས་སྣང་། གསར་འགྱུར་འདི་བོད་སྒྱུར་རམ་རྩོམ་སྒྲིག་ཞུ་བཞིན་ཡོད་པས་གང་མགྱོཌ་གཟིཌ་མཁ...
ཐུགས་སྣང་། གསར་འགྱུར་འདི་བོད་སྒྱུར་རམ་རྩོམ་སྒྲིག་ཞུ་བཞིན་ཡོད་པས་གང་མགྱོཌ་གཟིཌ་མཁ...
ཐུགས་སྣང་། གསར་འགྱུར་འདི་བོད་སྒྱུར་རམ་རྩོམ་སྒྲིག་ཞུ་བཞིན་ཡོད་པས་གང་མགྱོཌ་གཟིཌ་མཁ...
ཐུགས་སྣང་། གསར་འགྱུར་འདི་བོད་སྒྱུར་རམ་རྩོམ་སྒྲིག་ཞུ་བཞིན་ཡོད་པས་གང་མགྱོཌ་གཟིཌ་མཁ...