Payday loans
Both the applications are very alike payday loans How much do you repay the loan
སྐུ་ཉིད་འདིར་འདུག མདུན་ཤོག གསར་འགྱུར། བཙན་བྱོལ་ནང་གི་གསར་འགྱུར། བོད་རང་བཙན་གྱི་གསལ་བསྒྲགས་བསྐྱར་བསྐྲུན་འགྲེམས་སྤེལ་བྱས་པ།

བོད་རང་བཙན་གྱི་གསལ་བསྒྲགས་བསྐྱར་བསྐྲུན་འགྲེམས་སྤེལ་བྱས་པ།

Email པར་འདེབས།
17 august 2012 001རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༨ཚེས་༡༧ཉིན། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ལྡི་ལི་བསམ་ཡས་གླིང་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས། རོ་ཧི་ནི་ས་གནས་གཞོན་ནུ་ལྷན་ཚོགས་བཅས་ཀྱིས། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་བོད་རང་བཙན་ཁྱབ་བསྒྲགས་ཀྱི་ཡིག་ཆ་བསྐྱར་བསྐྲུན་བྱས་ནས་མང་ཚོགས་ལ་འགྲེམས་སྟོན་བྱས་པ།

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་དགོང་དྲོའི་ཆུ་ཚོད་༥:༣༠་ནས་༧:༣༠ ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ལྡི་ལི་བསམ་ཡས་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། རོ་ཧི་ནི་ས་གནས་གཞོན་ནུ་ལྷན་ཚོགས་བཅས་ཀྱིས་མཉམ་རུབ་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཉིས་བརྒྱ་ལྷག་བསྐོངས་ནས་རྒྱ་གར་རྒྱལ་ཁབ་ཆེན་པོའི་རང་བཙན་གྱི་ཉིན་མོ་ཐེངས་དྲུག་ཅུ་རེ་དྲུག་པ་དེ་སྲུང་བརྩི་ཞུས་པ་དང་ཆབས་ཅིག་ཕྱི་ལོ་༡༩༡༣་ ལོར་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་མཛད་པའི་བོད་རང་བཙན་ཁྱབ་བསྒྲགས་ཀྱི་ཡིག་ཆ་བསྐྱར་བསྐྲུན་བྱས་ཏེ་དེར་འདུས་ཀྱི་མང་ཚོགས་ཡོངས་ལ་འགྲེམས་སྟོན་བྱས་ཡོད།

དེ་ཡང་ཐང་གའི་བཟོ་དབྱིབས་ལྟར་བསྐྱར་བསྐྲུན་བྱས་པའི་ཡིག་ཆ་རྩ་ཆེན་དེ་བོད་ཀྱི་གྲོགས་པོ་རྙིང་པ་དང་བོད་དོན་རྒྱལ་སྐྱོར་བ།མིང་དུ་གྲགས་པའི་གསར་འགོད་པ་བཻ་ཇེ་གེ་རན་ཏེ་ལགས་ཀྱི་ཞལ་འབྱེད་གནང་ཡོད་པ་མ་ཟད།རང་བཙན་གསལ་བསྒྲགས་ཀྱི་ཡིག་ཆའི་ནང་དོན་རྣམས་བོད་ཧིན་དབྱིན་གསུམ་གྱི་ལམ་ནས་སྒྲོགས་སྦྱངས་བྱས་ཡོད།

དེ་རིང་ནི་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ལུས་མཆོད་མེ་ཕུལ་ནས་མི་ལོ་ཧྲིལ་བོ་གཅིག་འཁོར་བའི་ཉིན་མོ་ཡིན་ལ།ཁོང་ནི་ཉིས་སྟོང་དགུ་ནས་བརྩིས་པའི་བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་གསུམ་པ་དེ་ཆགས་ཀྱི་ཡོད།

ཁོང་ཚོའི་རང་སྲོག་བློས་གཏོང་གི་ལས་འགུལ་དེ་དག་ནི་ཁེར་རྐྱང་དང་འབྲལ་མེད་ཀྱི་དོན་རྐྱེན་ཞིག་མ་ཡིན་ལ། ལམ་ལམ་དུ་འབར་བའི་མེ་ལྕེ་ཁྲོད་དུ་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུས་དགོས། བོད་ལ་རང་བཙན་དགོས་ཞེས་པའི་ལྷང་ལྷང་གི་འབོད་ཚིག་དེ་དག་གིས་སྔར་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་རྒྱ་ནག་གི་དྲག་གནོན་ལ་ཕྱོགས་པའི་བོད་མི་ཚོའི་བཙན་རྒོལ་གྱི་རྦ་རླབས་དྲག་པོ་ ཞིག་གི་དབུ་བཙུགས་པའི་བརྡ་ལན་གསལ་པོ་སྟོན་གྱི་ཡོད་པ་རེད།

ཕྱི་ལོ་༢༠༡༡་ལོའི་ཟླ་བརྒྱད་པ་ནས་བཟུང་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་འཐབ་རྩོད་པའི་གྲངས་ཀ་མང་དུ་ཕྱིན་ཡོད་མ་ཟད།

ཕྱི་ལོ་༢༠༡༢་ལོའི་ཟླ་བརྒྱད་པའི་ཚེས་༦་ནས་༡༣་པར་ཉུང་མཐར་ཡང་བོད་མི་ལྔས་བོད་པའི་རྩ་དོན་གྱི་སླད་དུ་རང་ལུས་མཆོད་མེར་ཕུལ་ཡོད་ལ།ད་བར་དུ་རང་ལུས་མེར་བསྲེགས་གཏོང་མཁན་གྱི་གྲས་ནས་བོད་མི་༣༩ཙམ་འདས་གྲོངས་སུ་ཕྱིན་ཡོད།

བོད་ནང་གི་བོད་མི་ཚོའི་འགོག་རྒོལ་གྱི་ཚད་མཐོ་ཤོས་དང་བློས་གཏོང་གི་རྣམ་པ་ཚབས་ཆེ་ཤོས་ལ་སླེབས་པའི་དུས་སྐབས་འདིར་ང་ཚོས་བོད་ནི་ལོ་རྒྱུས་ཐོག་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ཡིད་ལ་དྲན་པར་བྱ་རྒྱུ་དང༌།

མེས་པོས་བཞག་པའི་རང་བཙན་གྱི་ཁ་ཆེམས་དེ་ཡིད་ལ་བཅངས་ནས་རང་བཙན་རྩོད་ལེན་བྱེད་པར་བློ་ཐག་རྦད་གཅོད་ཐོག་ཐུན་མོང་གི་ནུས་ཤུགས་ཕྱོགས་གཅིག་ཏུ་སྤུངས་རྒྱུ་ནི་དུས་ལ་བབས་པའི་ང་ཚོའི་འོས་འགན་ཉག་ཅིག་རེད་ཅེས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་རྒྱལ་ཡོངས་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བརྗོད་སོང༌།

ད་དུང་ཁོས་མུ་མཐུད་ནས་དུས་ད་ལྟའི་བར་དུ་བོད་ནང་དུ་བོད་མི་༥༠ མ་ཟིན་ཙམ་གྱིས་རང་ལུས་མེར་སྲེག་བཏང་བ་དང་འདས་ལོ་གཅིག་པུ་ལ་ཆ་བཞག་ནའང་བོད་མི་༤༧ཙམ་གྱིས་དེ་དེ་བཞིན་གྱིས་བློས་གཏོང་མཛད་པའི་བོད་མིའི་ལོ་རྒྱུས་ཁྲོད་ཀྱི་ཆེས་ཡ་ང་བའི་དུས་སྐབས་འདིར།

བོད་རང་བཙན་ཁྱབ་བསྒྲགས་ཀྱི་ཡིག་ཆ་བསྐྱར་བསྐྲུན་བྱས་ཏེ་རྒྱ་གར་རང་བཙན་གྱི་ཉིན་མོར་མི་མང་བརྒྱ་ཕྲག་མང་པོར་སྤྱན་འབུལ་བྱེད་ཐུབ་པ་བྱུང་བ་འདིས་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་རང་བཙན་རྩོད་ལེན་བྱེད་པའི་རེ་བ་གསར་བ་ཞིག་བསྐྲུན་ཐུབ་པར་ཡིད་ཆེས་ཡོད་ཅེས་བརྗོད་སོང༌།

ངས་དེ་རིང་འདིར་རྒྱ་གར་གྱི་མི་མང་ཡོངས་ལ། ང་ཚོས་སོ་སོའི་རྒྱལ་ཁབ་ཀྱི་རང་བཙན་ཉིན་མོ་སྲུང་བརྩི་བྱེད་པ་དང་དུས་མཚངས་སུ།བོད་མི་ཚོའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལ་ཡང་ཕྱོགས་ཡོངས་ནས་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་བྱེད་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་ཅེས་ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གཞི་རིམ་འབྲེལ་མཐུད་པ་ཟུར་བ་དང་ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲུང་ཆེ་རྒྱ་གར་བུ་མོ་ཇོ་ཚེ་ནཱ་ལགས་ཀྱིས་བརྗོད་སོང༌།

ཁོ་མོས་མུ་མཐུད་ནས་དེ་རིང་ང་ཚོས་འདིར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེསི་ཨམ་ཁིར་ཞི་ནཱ་ངོས་ནས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབ་ཐོག་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་ཡོངས་བར་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་ཀྱང་རྩོམ་གྱིན་ཡོད་ཅེས་བརྗོད་སོང༌།

མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དེ་ནི་རྒྱ་གར་གྱི་མི་སེར་ཁོ་ནའི་ལས་འགུལ་ཞིག་ཡིན་འདུག་ལ།བསྡུ་རུབ་བྱས་པའི་མཚན་རྟགས་དེ་དག་རྒྱ་གར་གྱི་སེམས་དཔའ་ཆེན་པོ་གྷན་དྷི་མཆོག་གི་འཁྲུངས་སྐར་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལ་འབུལ་འཆར་ཡོད་འདུག

དེ་རིང་གི་ལས་འགུལ་དེའི་ཐོག་ལ་བོད་མི་མང་སྤྱི་འཐུས་ཨཙཱརྱ་ཡེ་ཤེས་ཕུན་ཚོགས་དང་གཡུ་སྒྲོན་ལགས། རྒྱ་གར་བོད་དོན་རྒྱལ་སྐྱོར་བ་བཻ་ཇེ་གེ་རན་ཏེ།

གྷན་ངྷིའི་ཞེ་བདེ་ཐེབས་རྩ་ཁང་གི་སྤྱི་ཁྱབ་དྲུང་ཆེ་སུའུ་རན་ངྷིར་གོ་མར་ལགས་བཅས་མཉམ་ཞུགས་གནང་ཡོད་པ་མ་ཟད།

མཛད་སྒོར་ཞུགས་མཁན་གྱི་བོད་མི་ཉིས་བརྒྱ་བརྒལ་བ་ལྷག་དང་རྒྱ་གར་གཞོན་སྐྱེས་བོད་དོན་རྒྱལ་སྐྱོར་བ་མང་པོ་ལ་རིན་བྲལ་གྱི་གསུངས་བཤད་ཀྱང་གནང་ཡོད་པ་རེད།

ཕྱི་ལོ་༢༠༡༣ ནི་༧གོང་ས་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་ཁྱབ་བསྒྲགས་བསྐྱངས་ནས་མི་ལོ་བརྒྱ་ཐམ་པ་འཁོར་གྱི་ཡོད་སྟབས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་བསྐྱར་བསྐྲུན་བྱས་པའི་བོད་རང་བཙན་ཁྱབ་བསྒྲགས་ཀྱི་ཡིག་ཆ་དེ་སང་ལོ་བར་འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་བརྒྱ་ཙམ་གྱི་ནང་དུ་འགྲེམས་སྟོན་བྱེད་རྒྱུའི་དམ་བཅའ་བཞག་ནས་ད་ཆ་ལས་འཆར་ཡོངས་རྫོགས་འགོ་རྩོམ་བཞིན་ཡོད་པ་རེད།

Addthis
མཐའ་མའི་བསྐྱར་བཅོས། ( གཟའ་སྤེན་པ།, 18 ཕྱི་ཟླ་བརྒྱད་པ། 2012 11:16 )  


......


ཨ་རིའི་མཛད་འཕྲིན་ཁག་ལེགས་གྲུབ་དང་བཞུགས་སྒར་དུ་༸ཞབས་སོར་འཁོད་པ།

ཨ་རིའི་མཛད་འཕྲིན་ཁག་ལེགས་གྲུབ་དང་བཞུགས་སྒར་དུ་༸ཞབས་སོར་འཁོད་པ།
༢༠༡༣ ཟླ་ ༥ ཚེས་ ༢༣ རེས་གཟའ་ཕུར་བུ།ཟླ་འདིའི་ཚེས་ ༡༦ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ...

ཕྱི་རྒྱལ་གསར་འགོད་པས་ལྷ་སའི་གནས་སྟངས་དངོས་མཐོང་ཕྱིར་བསྒྲགས་བྱས་པ།

ཕྱི་རྒྱལ་གསར་འགོད་པས་ལྷ་སའི་གནས་སྟངས་དངོས་མཐོང་ཕྱིར་བསྒྲགས་བྱས་པ།
༢༠༡༣ཟླ་༥ཚེས་༢༢ཉིན། ཉེ་ལམ་ཧྥ་རན་སི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་ཧྥ་རན་སི་༢༤ (F...

བོད་ནང་གི་ཆོས་དད་རང་དབང་ཇེ་ཞན་ཡིན་པ་ཨ་རིའི་སྙན་ཐོར་འཁོད་འདུག

བོད་ནང་གི་ཆོས་དད་རང་དབང་ཇེ་ཞན་ཡིན་པ་ཨ་རིའི་སྙན་ཐོར་འཁོད་འདུག
༢༠༡༣ཟླ་༥ཚེས་༢༢ཉིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ US State Department ཀྱིས་ལོ་ལྟར་འཛམ་གླི...

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སུ་ཝེ་ཌེན་ཡུལ་གྱི་གཟིགས་སྐོར་ལེཌ་གྲུབ།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སུ་ཝེ་ཌེན་ཡུལ་གྱི་གཟིགས་སྐོར་ལེཌ་གྲུབ།
༢༠༡༣ ཟླ་ ༥ ཚེས་ ༢༡ རེས་གཟའ་མིག་དམར། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༥ ནས་ ༡༧ བར་སྲིད་སྐ...

བོད་མི་༥༠༠༠ཙམ་ཨ་རིར་སྐྱབས་བཅོལ་གཞིས་སྤོའི་ཐོངས་མཆན་འབུལ་རྒྱུའི་གྲོས་འཆར།

བོད་མི་༥༠༠༠ཙམ་ཨ་རིར་སྐྱབས་བཅོལ་གཞིས་སྤོའི་ཐོངས་མཆན་འབུལ་རྒྱུའི་གྲོས་འཆར།
༢༠༡༣ལོའི་ཟླ་༥ཚེས་༢༡ཉིན། ཨ་རིའི་གྲོས་ཚོགས་སུ་རྒྱ་གར་དང་བལ་ཡུལ་གཉིས་ནང་ཡོད་པའི་བོད...

༧གོང་ས་མཆོག་གིས་ཨ་རིར་ཡོད་པའི་བོད་རྒྱའི་སློབ་ཕྲུག་ཁག་གཅིག་ལ་བཀའ་སློབ་བསྩལ་བ།

༧གོང་ས་མཆོག་གིས་ཨ་རིར་ཡོད་པའི་བོད་རྒྱའི་སློབ་ཕྲུག་ཁག་གཅིག་ལ་བཀའ་སློབ་བསྩལ་བ།
༢༠༡༣ཟླ་༥ཚེས་༢༡ཉིན།  ཕྱི་ལོ་༢༠༡༣ཟླ་༥ཚེས་༡༦ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མག...

རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོ་སྲུང་བརྩི།

རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོ་སྲུང་བརྩི།
༢༠༡༣ ཟླ་ ༥ ཚེས་ ༡༧ ཉིན། བཀའ་སྤྱི་མཐུན་མོང་གིས་ཐག་གཅོད་ལྟར་ཟླ་འདིའི་ཚེས་ ༡༧ ཉིན་བ...

སྲིད་སྐྱོང་མཆོག་གིས་ནོར་ཝེར་གསུང་བཤད་གནང་བ།

སྲིད་སྐྱོང་མཆོག་གིས་ནོར་ཝེར་གསུང་བཤད་གནང་བ།
༢༠༡༣ ཟླ་ ༥ ཚེས་ ༡༦ རེས་གཟའ་ཕུར་བུ། སྲིད་སྐྱོང་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༢ ཉི...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish