Payday loans
Different names for payday loans Payday loans UK Payday loans-about-us page
སྐུ་ཉིད་འདིར་འདུག མདུན་ཤོག གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར། རྒྱལ་ཚོཌ་ཀྱི་ཌི་ཨར་སིས་༼DRC༽གཟིགས་ཞིབ་ལྷན་ཚོགས་ཐོག་བོད་མིའི་སྨྲ་བརྗོད་རང་དབང་བཙན་འཕྲོག

རྒྱལ་ཚོཌ་ཀྱི་ཌི་ཨར་སིས་༼DRC༽གཟིགས་ཞིབ་ལྷན་ཚོགས་ཐོག་བོད་མིའི་སྨྲ་བརྗོད་རང་དབང་བཙན་འཕྲོག

Email པར་འདེབས།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༤པའི་ཚེས༢༢ཉིན་སྤེལ། སུད་སིའི་གྲོང་ཁྱེར་ཇེ་ནེ་ཝར་ཕྱི་ཚེས་༢༠ནས་༢༤བར་བསྐོང་འཚོགས་བྱ་རྒྱུ་གཏན་འཁེལ་ཡོད་པའི་མི་རིགས་དབྱེ་འབྱེད་རིང་ལུགས་ཀྱི་བརྗོད་གཞིའི་འོག་རྒྱལ་ཚོགས་ཀྱི་ཌི་ཨར་སིས་(DRC)ཞེས་པའི་གཟིགས་ཞིབ་ལྷན་ཚོགས་ནས་བོད་ཀྱི་འགྲོ་བ་མའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་གི་ཚོགས་མི་ལྷན་ཞུགས་གནང་བཅུག་རྒྱུའི་ཚབ་ཏུ་ཕྱིར་འབུད་བཏང་ཡོད་འདུག་ལ། དེ་ཡང་མི་རིགས་དབྱེ་འབྱེད་རིང་ལུགས་ཀྱི་བརྗོད་གཞིའི་འོག་རྒྱལ་སྤྱིའི་གཟིགས་ཞིབ་གྲ་སྒྲིག་ཚོགས་ཆུང་གིས་བོད་ཀྱི་ཚོགས་པ་དེ་ངོས་ལེན་རྒྱབ་སྐྱོར་ལྡན་པའི་ཚད་མཐུན་ཚོགས་པ་ཞིག་ཏུ་ངོས་འཛིན་མ་གནང་བའི་ཐག་གཅོད་དེར་བོད་མི་མང་གཙོ་བྱས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་པ་དག་བློ་ཕམ་ཆེན་པོ་བྱུང་ཡོད་འདུག

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་ལྟེ་གནས་ཁང་འདི་ཚད་མཐུན་ཚོགས་པ་ཞིག་ཡིན་པའི་ངོས་འཛིན་ལ་དགག་པ་བཏང་ཐོག། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འདིའི་དེབ་སྐྱེལ་དང་ངོས་ལེན་ཐད་ཆབ་སྲིད་དང་ཕྱི་འབྲེལ་གྱི་ལམ་ནས་དྲང་བདེན་མ་ཡིན་པའི་ལས་འགུལ་གང་མང་སྤེལ་ཏེ་འགལ་རྐྱེན་བཟོས་ཡོད་འདུག

རྒྱ་ནག་གཞུང་གིས་བོད་མདོ་དབུས་ཁམས་གསུམ་དུ་མི་འབོར་སྐྱེལ་འདྲེན་གྱི་སྲིད་བྱུས་བརྒྱུད་ནས་མི་རིགས་དབྱེ་འབྱེད་དང་མི་སེར་སྤེལ་བའི་ལས་དོན་ལག་ལེན་འགེལ་གྱིན་ཡོད་པ་མ་ཟད། འདས་པའི་ལོ་མང་པོའི་ནང་རྒྱ་གཞུང་གིས་རྒྱ་མི་འབོར་ཆེན་བོད་ནང་དུ་སྤོ་སྐྱེལ་བྱས་རྐྱེན། ད་ལྟ་བོད་ནང་དུ་མི་རིགས་དབྱེ་འབྱེད་དང་འབྲེལ་བའི་གནད་དོན་དང་གནས་སྟངས་ཁག་ཤིན་ཏུ་ཚབས་ཆེན་དུ་གྱུར་ཡོད་པ་རེད།

རྒྱ་གཞུང་གིས་བོད་ཀྱི་འགྲོ་བའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་ལ་སྤྲིངས་ཡོད་པའི་འཕྲིན་ཡིག་ནང༌། ལོ་སྔོན་མའི་ཕྱི་ཟླ༣པའི་ནང་ཁ་བྲལ་རིང་ལུགས་པའི་བསམ་ངན་སྐུལ་འདེད་འོག་ལྷ་ས་རུ་མི་༡༨ལྷག་རྐྱེན་ལམ་དང་བརྒྱ་ཕྲག་ལྷག་ལ་རྨས་སྐྱོན་བཏང་བ་སོགས་ཀྱི་ངོ་ལོག་ཟིང་འཁྲུག་བསླང་ཞེས་འཁོད་འདུག་མོད། འོན་ཀྱང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་གི་ཡིག་ཐོག་དཔྱད་གཞི་ཁག་ལ་གཞིགས་ན་སྔར་ལོའི་ཞི་རྒོལ་དང་འབྲེལ་བ་ཡོད་མཁན་བོད་མི་ངོ་རྒོལ་བ༡༣༥ལྷག་རྒྱ་གཞུང་གིས་དམར་གསོད་བཏང་ཡོད་ལུགས་གནས་ཚུལ་ར་འཕྲོད་ཡོད་པ་འཁོད་ཡོད་པ་རེད།

ཕྱི་ལོ༢༠༠༡ལོར་ལྷོ་ཨ་ཕི་རི་ཀའི་དྷུར་བྷན་༼Durban༽གྲོང་ཁྱེར་ནང་སྐོང་ཚོགས་བྱས་ཡོད་པའི་མི་རིགས་དབྱེ་འབྱེད་རིང་ལུགས་ལ་ངོ་རྒོལ་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་དེ་ངོས་ལེན་ཡོད་པའི་ཚད་མཐུན་ཚོགས་པ་ཞིག་ཡིན་པར་ངོས་འཛིན་གནང་ཡོད་ཀྱང། ཐེངས་འདིར་རྒྱ་ནག་གི་གནོན་ཤུགས་དང་ཐེ་ཇུས་འོག་ཡོ་རོབ་གནའ་འབྲེལ་དང་ཨོ་སི་ཊོ་ལི་ཡ་སོགས་ཀྱི་རྒྱལ་ཁབ་ཁག་གིས་ཀྱང་བོད་ཀྱི་ལྟེ་གནས་ཁང་དེ་ལ་རྒྱབ་སྐྱོར་རོགས་འདེགས་བྱས་མེད་ཁར། ལྷན་ཚོགས་ནས་ཕྱིར་འབུད་གཏོང་རྒྱུའི་ཐག་གནོད་ལ་མོས་མཐུན་གནང་ཡོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐོང་དང་མང་གཙོ་ལྟེ་གནས་ཁང་གིས་ཐེངས་འདིའི་ལྷན་ཚོགས་སུ་མཉམ་ཞུགས་གནང་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་རེ་སྐུལ་ཞུས་ཡོད་དོན། ཚོགས་པ་ཁག་གིས་མི་རིགས་དབྱེ་འབྱེད་རིང་ལུགས་ཀྱི་འབྱུང་རྩ་ཐེར་འདོན་དང༌། མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་དང་ལམ་ལུགས་ལག་བསྟར་བྱེད་མཁན་གྱི་རྒྱལ་ཁབ་ཁག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། ཞེས་འབོད་སྐུལ་དྲག་པོ་ཞུས་ཡོད་འདུག

Addthis
 


......


ཆབ་སྲིད་བཙོན་པ་སོག་རྫོང་བློ་གྲོས་རྒྱ་མཚོ་ལགས་གློད་བཀྲོལ་བཏང་བ།

ཆབ་སྲིད་བཙོན་པ་སོག་རྫོང་བློ་གྲོས་རྒྱ་མཚོ་ལགས་གློད་བཀྲོལ་བཏང་བ།
༢༠༡༣ ཟླ་ ༥ ཚེས་ ༡༩ ཉིན། འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ནག་ཆུ་ས་ཁུལ་སོག་རྫོང་ཁོངས...

རྩོམ་པ་པོ་འགར་རྩེ་འཇིགས་མེད་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཏང་འདུག

རྩོམ་པ་པོ་འགར་རྩེ་འཇིགས་མེད་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཏང་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ཟླ་༥ཚེས་༡༨ཉིན། འདི་ཟླའི་ཚེས་༡༤ཉིན་རྒྱ་གཞུང་གིས་བོད་མི་གཞོན་སྐྱེས་རྩོམ་པ་པོ་འགར་རྩེ་འཇིག...

བོད་དྲག་གནོན་ཆེད་དྲག་ཆས་དམག་མིའི་ཆེད་སྤྱོད་ལག་དེབ།

བོད་དྲག་གནོན་ཆེད་དྲག་ཆས་དམག་མིའི་ཆེད་སྤྱོད་ལག་དེབ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ༥ཚེས་༡༤ཉིན། ༢༠༠༨ལོའི་ཕྱི་ཟླ་༡༠བོད་ཁུལ་བརྟན་ལྷིང་སྲུང་སྐྱོབ་བྱེད་སྐབས་ཀྱི་སེམས་...

རྒྱ་གཞུང་གིས་ལྷ་སའི་གནའ་ཤུལ་རྩ་མེད་གཏོང་གིན་འདུག ༼ལྷ་ས་སྐྱོབས་རོགས།༽

རྒྱ་གཞུང་གིས་ལྷ་སའི་གནའ་ཤུལ་རྩ་མེད་གཏོང་གིན་འདུག ༼ལྷ་ས་སྐྱོབས་རོགས།༽
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ༥ཚེས་༩ཉིན། ཉེ་དུས་ནས་རྒྱ་ནག་གཞུང་གིས་དཔལ་འབྱོར་ཁེ་ཕན་དང་སྤྱི་ཚོགས་བརྟན་ལྷིང་ཞེ...

བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་བཙོན་གྲོལ་ཐོབ་པ།

བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་བཙོན་གྲོལ་ཐོབ་པ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ལོའི་ཟླ་༥ཚེས་༧ཉིན། རྒྱ་ནག་གི་བཙོན་དུ་ཚུད་པའི་བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་སྤྱི...

མི་ལོ་༢༥རྗེས་སུ་བཙོན་གྲོལ་ཐོབ་པའི་བློ་བཟང་བསྟན་འཛིན།

མི་ལོ་༢༥རྗེས་སུ་བཙོན་གྲོལ་ཐོབ་པའི་བློ་བཟང་བསྟན་འཛིན།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ལོའི་ཟླ་༥ཚེས་༤ཉིན། མི་ལོ་༢༥རིང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་བློ་བཟང་བསྟན་འཛིན་ལགས་བ...

བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་དམ་དྲག་ཆེ་རུ་བཏང་བ།

བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་དམ་དྲག་ཆེ་རུ་བཏང་བ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་ ༢༠༡༣ ཟླ ༥ ཚེས ༣ ཉིན། བོད་ནས་གསར་དུ་འབྱོར་བའི་བོད་མི་ཞིག་གིས་འདི་གར་གསར་ཁང་དུ་ག...

བོད་མདོ་སྨད་བྱ་ཁྱུང་དགོན་དུ་རྒྱ་གཞུང་གི་དམ་དྲག

 བོད་མདོ་སྨད་བྱ་ཁྱུང་དགོན་དུ་རྒྱ་གཞུང་གི་དམ་དྲག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་ ༢༠༡༣ ཟླ ༥ ཚེས ༣ ཉིན། མདོ་སྨད་བྱ་ཁྱུང་དགོན་པའི་ནང་དུ་ཉེ་སྔོན་རང་ལུས་མེར་སྲེག་གི་དོན་...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish