Payday loans
Different names for payday loans Payday loans UK Payday loans-about-us page
སྐུ་ཉིད་འདིར་འདུག མདུན་ཤོག གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར། རྒྱ་རིགས་༩ཨ་རིའི་བོད་ཀྱི་དོན་ཁང་དུ་བོད་གནས་གོ་རྟོཌ་སུ་ངོ་བཅར།

རྒྱ་རིགས་༩ཨ་རིའི་བོད་ཀྱི་དོན་ཁང་དུ་བོད་གནས་གོ་རྟོཌ་སུ་ངོ་བཅར།

Email པར་འདེབས།
26august20102

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༠ལོའི་ཟླ་༨ཚེས་༢༤ཉིན། ཨ་རིའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ནས་བོད་གཞུང་དྲ་གནས་སུ་བཏང་གནས་གཞིགས་ན། ཨ་རི་ཤར་ཕྱོགས་ཁུལ་གྱི་རྒྱ་ནག་མང་གཙོ་ཚོགས་པའི་འགོ་ཁྲིད་གྲས་སྐུ་ཞབས་ཐང་ཡོན་ཅུན་གྱིས་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ལ་འབྲེལ་མོལ་གནང་བ་ལྟར། འདི་ཚེས་ ༡༧ ཉིན་རྒྱ་ནག་སྐམ་ས་ཆེན་པོ་ནས་སླེབས་ཤིང༌། དེང་སྐབས་ནིའུ་ཡོཀ་ནང་གཏན་སྡོད་བྱེད་བཞིན་པའི་རྒྱ་རིགས་ ༩ ནས་སྐུ་ཚབ་དོན་ཁང་དུ་གཟིགས་སྐོར་དང་འབྲེལ་བོད་དོན་སྐོར་བསམ་ཚུལ་བརྗེ་རེས་བྱེད་པར་ཕེབས་ཡོད། རྒྱ་རིགས་གྲོགས་པོ་དེ་རྣམས་རྒྱ་ནག་ཏུ་ཡོད་སྐབས་བོད་དོན་སྐོར་གསལ་པོ་ཞིག་ཤེས་ཐབས་བྲལ་སྟབས་བོད་ཀྱི་གནས་ཚུལ་ལ་སེམས་ཁུར་ཡོད་ཀྱང་ཞིབ་ཕྲ་ཤེས་ཀྱི་མེད།

དེར་བརྟེན་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་ནས་དོན་ཁང་གི་ལས་བྱེད་རྣམས་དང༌། དོན་ཁང་གི་ལས་དོན་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་དང༌། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ངོ་སྤྲོད་སྙིང་བསྡུས་གནང༌། དེ་རྗེས་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་སྐོར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དྲུང་འཕར་ཚེ་དབང་ཕུན་ཚོགས་ཀྱིས་ངོ་སྤྲོད་གནང་སྐབས་ཚང་མས་དོ་སྣང་ཆེན་པོ་གནང་འདུག

དེ་ཉིན་ཕེབས་པའི་རྒྱ་རིགས་ཚོས་བོད་ཆེན་པོ་ཟེར་བའི་སྐོར་དང༌། གལ་སྲིད་དབུ་མའི་ལམ་གྱི་ཐོག་ནས་བོད་དོན་ཐག་གཅོད་བྱུང་བའི་ཉིན་ད་ལྟ་བོད་ནང་ཡོད་བཞིན་པའི་རྒྱ་རིགས་རྣམས་ལ་ཐོབ་ཐང་ཇི་ཡོད། འཛིན་སྐྱོང་ལས་ཁུངས་གཅིག་གི་འོག་བོད་རིགས་ཡོངས་རྫོགས་ལ་རང་སྐྱོང་མིང་དོན་མཚུངས་ལ་དགོས་འདུན་གནང་གི་ཡོད་པ་ལྟར་འཛིན་སྐྱོང་ལས་ཁུངས་གཅིག་ཟེར་བའི་ལས་ཁུངས་དེར་མིང་ག་རེ་འདོགས་རྒྱུ་ཡིན་མིན་སྐོར་དོགས་འདྲི་གནང་ཡོད། སྐབས་དེར་རྒྱ་རིགས་གྲོགས་པོ་གཅིག་གིས་བསམ་ཚུལ་བརྗོད་དོན། ྋགོང་ས་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད། འོན་ཀྱང་རྒྱ་རིགས་ཤིག་གི་ངོས་ནས་བོད་ས་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་རང་སྐྱོང་དགོས་ཟེར་བ་དེར་མོས་མཐུན་བྱེད་ཐུབ་རྒྱུ་མིན་པའི་བསམ་ཚུལ་བཏོན། དེ་ལ་རྒྱ་རིགས་གཞན་ཚོས་ལན་འདེབས་བྱས་དོན། ཁྱིམ་ཚང་ཞིག་གི་པ་ཕས་ཕྲུ་གུ་གཅིག་ལ་ལྟ་སྐྱོང་བྱེད་ཀྱི་ཡིན། ཕྲུ་གུ་གཞན་ཚོར་ལྟ་སྐྱོང་བྱེད་ཀྱི་མིན་ཞེས་བཤད་ན། དེ་འདྲའི་ཕ་དེ་ཚད་དང་ལྡན་པ་ཞིག་མིན་པའི་རྒྱུ་མཚན་ལྟར། ྋགོང་ས་ཏཱ་ལའི་བླ་མ་མཆོག་ནས་བོད་ས་ཁ་ཤས་ཤིག་ལས་རང་སྐྱོང་མིང་དོན་མཚུངས་ལ་དགོས་དོན་མི་འདུག་གསུང་ན་འགྲིག་ཐབས་མེད། ང་ཚོས་ྋགོང་ས་མཆོག་ལ་རྒྱབ་སྐྱོར་ཡོད་ཅེས་གནས་ལུགས་དང་ལྡན་པའི་རྒྱུ་མཚན་འགྲེལ་བརྗོད་གནང། དེ་བཞིན་ཁོང་ཚོའི་དྲི་བ་རྣམས་ལ་དྲུང་འཕར་ཚེ་དབང་ཕུན་ཚོགས་ལགས་དང༌། རྒྱ་རིགས་འབྲེལ་མཐུད་པས་ཞི་ཞིང་དུལ་བའི་ཐོག་ནས་གསལ་བཤད་ལན་འདེབས་གནང༌།

མཇུག་ཏུ་རྒྱ་རིགས་འབྲེལ་མཐུད་པས་ཁོང་རྣམས་ནས་ཐུགས་སྣང་ཆེན་པོས་དོན་ཁང་དུ་ཕེབས་ཏེ་གནས་ཚུལ་ཤེས་རྟོགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང༌། མ་འོངས་པར་ཡང་ག་དུས་ཕེབས་རུང་དགའ་བསུ་ཞུ་རྒྱུ་ཡིན། རྒྱ་རིགས་གྲོགས་པོ་རྣམས་དང་ཡང་ཡང་ཐུག་འཕྲད་ཀྱིས་གོ་བསྡུར་བྱེད་རྒྱུ་དེ་ནི་ྋགོང་ས་མཆོག་དང༌། བཙན་བྱོལ་བོད་གཞུང་གི་དགོངས་གཞི་ཡིན་པའི་སྐོར་བསྐྱར་ཟློས་གནང་བ་དང་འབྲེལ་བོད་སྐོར་གྱི་རྒྱ་ཡིག་ཡིག་ཆ་གལ་ཆེ་ཁག་གཅིག་དང༌། རང་གཞུང་གི་རྒྱ་ཡིག་དྲྭ་རྒྱའི་ཁ་བྱང་སོགས་དཔྱད་གཞིརའོས་པའི་དྲྭ་རྒྱ་ཁག་གཅིག་གི་གནས་ཚུལ་མཁོ་སྤྲོད་ཞུས། དེ་ཉིན་སྐུ་ཚབ་དོན་གཅོད་མཆོག་ཁེ་ཎ་ཌའི་ཊོ་རོན་ཊོ་གྲོང་ཁྱེར་དུ་གཞུང་དོན་ཕྱོགས་བསྐྱོད་ཕེབས་སྟབས་ཚོགས་འདུ་དེར་ཞུགས་མེད། མདོར་དོན་དེ་ཉིན་གྱི་དུས་ཡུན་ཆུ་ཚོད་གཉིས་ཀྱི་ཚོགས་འདུ་དེ་འཁྲུག་ཆ་དོད་ཅིང་དོན་སྙིང་ལྡན་པ་བྱུང་བའི་ཚོར་བ་བྱུང་ཡོད་པ་ཅེས་འཁོད་འདུག

Addthis
མཐའ་མའི་བསྐྱར་བཅོས། ( གཟའ་ཕུར་བུ།, 26 ཕྱི་ཟླ་བརྒྱད་པ། 2010 15:24 )  


......


ཆབ་སྲིད་བཙོན་པ་སོག་རྫོང་བློ་གྲོས་རྒྱ་མཚོ་ལགས་གློད་བཀྲོལ་བཏང་བ།

ཆབ་སྲིད་བཙོན་པ་སོག་རྫོང་བློ་གྲོས་རྒྱ་མཚོ་ལགས་གློད་བཀྲོལ་བཏང་བ།
༢༠༡༣ ཟླ་ ༥ ཚེས་ ༡༩ ཉིན། འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ནག་ཆུ་ས་ཁུལ་སོག་རྫོང་ཁོངས...

རྩོམ་པ་པོ་འགར་རྩེ་འཇིགས་མེད་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཏང་འདུག

རྩོམ་པ་པོ་འགར་རྩེ་འཇིགས་མེད་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཏང་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ཟླ་༥ཚེས་༡༨ཉིན། འདི་ཟླའི་ཚེས་༡༤ཉིན་རྒྱ་གཞུང་གིས་བོད་མི་གཞོན་སྐྱེས་རྩོམ་པ་པོ་འགར་རྩེ་འཇིག...

བོད་དྲག་གནོན་ཆེད་དྲག་ཆས་དམག་མིའི་ཆེད་སྤྱོད་ལག་དེབ།

བོད་དྲག་གནོན་ཆེད་དྲག་ཆས་དམག་མིའི་ཆེད་སྤྱོད་ལག་དེབ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ༥ཚེས་༡༤ཉིན། ༢༠༠༨ལོའི་ཕྱི་ཟླ་༡༠བོད་ཁུལ་བརྟན་ལྷིང་སྲུང་སྐྱོབ་བྱེད་སྐབས་ཀྱི་སེམས་...

རྒྱ་གཞུང་གིས་ལྷ་སའི་གནའ་ཤུལ་རྩ་མེད་གཏོང་གིན་འདུག ༼ལྷ་ས་སྐྱོབས་རོགས།༽

རྒྱ་གཞུང་གིས་ལྷ་སའི་གནའ་ཤུལ་རྩ་མེད་གཏོང་གིན་འདུག ༼ལྷ་ས་སྐྱོབས་རོགས།༽
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ༥ཚེས་༩ཉིན། ཉེ་དུས་ནས་རྒྱ་ནག་གཞུང་གིས་དཔལ་འབྱོར་ཁེ་ཕན་དང་སྤྱི་ཚོགས་བརྟན་ལྷིང་ཞེ...

བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་བཙོན་གྲོལ་ཐོབ་པ།

བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་བཙོན་གྲོལ་ཐོབ་པ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ལོའི་ཟླ་༥ཚེས་༧ཉིན། རྒྱ་ནག་གི་བཙོན་དུ་ཚུད་པའི་བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་སྤྱི...

མི་ལོ་༢༥རྗེས་སུ་བཙོན་གྲོལ་ཐོབ་པའི་བློ་བཟང་བསྟན་འཛིན།

མི་ལོ་༢༥རྗེས་སུ་བཙོན་གྲོལ་ཐོབ་པའི་བློ་བཟང་བསྟན་འཛིན།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ལོའི་ཟླ་༥ཚེས་༤ཉིན། མི་ལོ་༢༥རིང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་བློ་བཟང་བསྟན་འཛིན་ལགས་བ...

བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་དམ་དྲག་ཆེ་རུ་བཏང་བ།

བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་དམ་དྲག་ཆེ་རུ་བཏང་བ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་ ༢༠༡༣ ཟླ ༥ ཚེས ༣ ཉིན། བོད་ནས་གསར་དུ་འབྱོར་བའི་བོད་མི་ཞིག་གིས་འདི་གར་གསར་ཁང་དུ་ག...

བོད་མདོ་སྨད་བྱ་ཁྱུང་དགོན་དུ་རྒྱ་གཞུང་གི་དམ་དྲག

 བོད་མདོ་སྨད་བྱ་ཁྱུང་དགོན་དུ་རྒྱ་གཞུང་གི་དམ་དྲག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་ ༢༠༡༣ ཟླ ༥ ཚེས ༣ ཉིན། མདོ་སྨད་བྱ་ཁྱུང་དགོན་པའི་ནང་དུ་ཉེ་སྔོན་རང་ལུས་མེར་སྲེག་གི་དོན་...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish