Payday loans
eocash loans
སྐུ་ཉིད་འདིར་འདུག མདུན་ཤོག གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར། ཏཱ་ལའི་བླ་མའི་ཐག་གཅོད་དེར་སེམས་འགུལ་ཐེབས་འོས་པ་ཞིག་རེད།

ཏཱ་ལའི་བླ་མའི་ཐག་གཅོད་དེར་སེམས་འགུལ་ཐེབས་འོས་པ་ཞིག་རེད།

Email པར་འདེབས།
21march201100801032རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༣ཚེས་༢༡ཉིན། འཛམ་གླིང་ས་ཕྱོགས་གང་སར་གཅིག་སྡུད་དབང་འཛིན་པ་ཚོས་ལྟ་བ་འཁྲེགས་འཛིན་ཐོག་དབང་ཆ་བཟུང་ནས་སྡོད་སྐབས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་མངོན་འདོད་བསྒྲུབ་ཆེད་ཆབ་སྲིད་ཀྱི་སྐུ་དབང་དོར་རྒྱུ་དེ་ནི་འཛམ་གླིང་མི་མང་ལ་སེམས་འགུལ་ཐེབས་འོས་པ་ཞིག་རེད།

དེ་ཡང་ཟླ་འདིའི་ཚེས་༡༦ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ཐམ་མིད་བྷལ་ཌི་ཝིན་ལགས་ཀྱིས། སྤྱིར་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༢༠༡༠ཟླ་༣པའི་ཚེས་༡༠སྟེ། གསུམ་བཅུའི་དུས་དྲན་ཐེངས་༥༢པའི་ཐོག་ཉིན་སྩལ་བའི་གསུང་འཕྲིན་དེ་ཉིད་ཨ་རིའི་གྲོས་ཚོགས་ནང་འབུལ་སྐབས། ལྕམ་ཐམ་མིད་ལགས་ཀྱིས། ཚོགས་གཙོ་མཆོག གསུམ་པའི་བཅུ་ཉིན་ནི་བོད་མི་ཚོས་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་ ༥༢ འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཡིན་པ་དང༌། སྤྱིར་ཉིན་མོ་འདི་ནི་སྐྱོ་གནས་ཤིག་ཡིན་ན་ཡང་དུས་དྲན་འདིས་རྒྱ་ནག་གིས་བོད་དེ་ཁྲིམས་འགལ་གྱི་བཙན་འཛུལ་བྱས་པའི་ཉིན་མོ་ཞིག་དྲན་གསོ་གཏོང་གིན་ཡོད་པ་རེད།

སྐབས་དེར་བོད་ཀྱི་༧གོང་ས་ཏཱ་ལའི་བླ་མ་མཆོག་ཀྱང་རྒྱ་གར་ལ་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་དགོས་བྱུང་ཡོད། ཐེངས་འདིའི་གསུམ་བཅུ་དུས་དྲན་སྲུང་བརྩི་ཉིན་མོར་ཨ་རིའི་བྱང་ཕྱོགས་མངའ་སྡེའི་ཝིད་སི་ཀོ་སིན་གྱི་རྒྱལ་ས་གྲོང་ཁྱེར་མེ་ཌི་སོན་ནང་ཡོད་པའི་དཔེ་མཛོད་ཁང་ཞིག་གི་ནང་ཝི་སི་ཀོན་སིན་གྱི་བོད་པ་དང་ཨ་རིའི་མི་མང་གང་མང་མཉམ་འཛོམས་ཐོག་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་སྐབས་ངའི་ལས་བྱེད་པ་ཞིག་མཛད་སྒོའི་ཐོག་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་བྱུང་ཡོད། དྲན་རྟེན་གྱི་ཉིན་མོ་འདིར་ངས་བཙན་བྱོལ་དུ་ཡོད་པའི་བོད་མི་དང་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ལ་རང་དབང་ཐོབ་པའི་ཡིད་ཆེས་དང་རྒྱབ་སྐྱོར་ཡོད། ངས་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་བོད་རྒྱའི་དཀའ་རྙོག་སེལ་ཐབས་གཉིས་སྨན་དབུ་མའི་ལམ་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད། ཨ་རིའི་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱི་དབང་སྒྱུར་ལ་རྒྱབ་སྐྱོར་བྱེད་དགོས་པའི་འགན་འཁྲི་ཡོད་པ་བཞིན་ཨ་རི་གཞུང་གིས་དེ་དག་ཐོག་རྒྱབ་སྐྱོར་གནང་བའི་ཡིད་ཆེས་བརྟན་པོ་ཡོད། ཅེས་གསུངས།

ཡང་ཁོང་གིས་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་འོས་འདེམས་བྱས་པའི་འགོ་ཁྲིད་དེར་རྩིས་སྤྲོད་གནང་རྒྱུའི་ཐག་གཅོད་གནང་ཟིན་པ་དང༌། འཛམ་གླིང་གི་ས་ཕྱོགས་གང་སར་གཅིག་སྡུད་དབང་འཛིན་པ་ཚོས་སོ་སོའི་མི་མང་གིས་མང་གཙོའི་དོན་དུ་གཉེར་གྱི་ཡོད་ཀྱང་་ད་དུང་ལྟ་བ་འཁྲེགས་འཛིན་ཐོག་དབང་ཆ་བཟུང་ནས་སྡོད་སྐབས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་མངོན་འདོད་བསྒྲུབ་ཆེད་ཆབ་སྲིད་ཀྱི་སྐུ་དབང་དོར་རྒྱུའི་དགོངས་བཞེས་དེ་ནི་འཛམ་གླིང་མི་མང་གི་སེམས་འགུལ་ཐེབས་འོས་པ་ཞིག་རེད་ཅེས་གསུངས་འདུག

Addthis
མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, 21 ཕྱི་ཟླ་གསུམ་པ། 2011 18:03 )  


......


བོད་ཨ་མདོ་རྔ་བའི་གླུ་བ་གཉིས་འཛིན་བཟུང་བྱས་ཡོད་སྐོར།

བོད་ཨ་མདོ་རྔ་བའི་གླུ་བ་གཉིས་འཛིན་བཟུང་བྱས་ཡོད་སྐོར།
འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་རྣམ་གཉིས་ཀྱིས་ཕྱི་ལ...

ཆབ་སྲིད་བཙུན་མ་གཉིས་དང་བུ་མོ་ཞིག་བཙོན་གྲོལ་ཐོབ་ཡོད་པ།

ཆབ་སྲིད་བཙུན་མ་གཉིས་དང་བུ་མོ་ཞིག་བཙོན་གྲོལ་ཐོབ་ཡོད་པ།
ཕྱི་ལོ་༢༠༡༣ ཟླ་ ༦ ཚེས་ ༡༤ ཉིན། འདི་གར་གནས་ཚུལ་འབྱོར་གསལ། དཀར་མཛེས་རྫོང་། རུང་ཚ་ཞང་། ཧོར་མི་གྲོང་། རུང་གྲགས་དགོན། ཧོར་མི་...

སློབ་མ་དབང་ཕྱུག་རྡོ་རྗེར་ལོ་བཞིའི་ཁྲིམས་ཐག་བཅད་པ།

སློབ་མ་དབང་ཕྱུག་རྡོ་རྗེར་ལོ་བཞིའི་ཁྲིམས་ཐག་བཅད་པ།
༢༠༡༣ཟླ་༦ཚེས་༡༣ཉིན། དེ་སྔོན་རྨ་ལྷོ་རེབ་གོང་ཁུལ་གྱི་སློབ་གྲ་ཁག་མང་པོའི་སློབ་ཕྲུག་ཚོས་སྐད་ཡིག་རང་དབང་དང་། མི་རིགས་འདྲ་...

ཁམས་རྟའུ་རྫོང་དུ་བཙུན་མ་ཞིག་གིས་རང་ལུས་མེར་སྲེག་བཏང་པ།

ཁམས་རྟའུ་རྫོང་དུ་བཙུན་མ་ཞིག་གིས་རང་ལུས་མེར་སྲེག་བཏང་པ།
ཕྱི་ཟླ་༦ཚེས་༡༢ཉིན། འདི་ཟླའི་ཚེས་༡༡ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་༥པའི་ཐོག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་...

མདོ་ཁམས་འཇང་དགུན་ཆོས་ཆེན་མོ་ཐེངས་ལྔ་པ་ཁམས་རྟའུ་རུ་དབུ་འཛུགས་གནང་ཡོད་པ།

མདོ་ཁམས་འཇང་དགུན་ཆོས་ཆེན་མོ་ཐེངས་ལྔ་པ་ཁམས་རྟའུ་རུ་དབུ་འཛུགས་གནང་ཡོད་པ།
༢༠༡༣ལོའི་ཟླ་༦ཚེས་༡༡ཉིན། རྒྱ་གཞུང་གི་བཀག་འགོག་གིས་བྱས་མིན་ལ་ལྟོས་མེད་མདོ་ཁམས་འཇང་དགུན་ཚོས་ཆེན་མོ་ཐེངས་ལྔ་པ་འདི་ལོར་ཁམས་རྟ...

ཚེ་དབང་གྲགས་པ་ལགས་བཙོན་གྲོལ་ཐོབ་ཀྱང་ནད་པ་ཆགས་འདུག

ཚེ་དབང་གྲགས་པ་ལགས་བཙོན་གྲོལ་ཐོབ་ཀྱང་ནད་པ་ཆགས་འདུག
ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༧ ཉིན། གནས་ཚུལ་མཁོ་སྤྲོད་པས་བརྗོད་གསལ་དུ། ཁམས་བྲག་མགོ་ནས་ཡིན་པའི་ཆབ་སྲིད་བཙོན་པ་ཚེ་དབང་གྲགས་པ་ལག...

མདོ་སྨད་མཚོ་སྔོན་མཚོ་ཤར་ཁུལ་ནས་དགེ་འདུན་པ་གཉིས་ལ་བཙོན་འཇུག་གི་ཁྲིམས་ཆད།

མདོ་སྨད་མཚོ་སྔོན་མཚོ་ཤར་ཁུལ་ནས་དགེ་འདུན་པ་གཉིས་ལ་བཙོན་འཇུག་གི་ཁྲིམས་ཆད།
ཕྱི་ལོ་༢༠༡༣ ཟླ་༦ ཚེས་༦ཉིན། བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གཞུང་གིས་བོད་མདོ་སྨད་མཚོ་སྔོན་མཚོ་ཤར་ས་ཁུལ་ཡ་རྫ...

རྒྱ་གཞུང་གིས་བོད་མིར་བཙོན་འཇུག་དང་བརྒྱུད་ལམ་བཙན་འཕྲོག་བྱས་པ།

རྒྱ་གཞུང་གིས་བོད་མིར་བཙོན་འཇུག་དང་བརྒྱུད་ལམ་བཙན་འཕྲོག་བྱས་པ།
༢༠༡༣ ཟླ་༦ཚེས་༣ཉིན། རྒྱ་གཞུང་གིས་བོད་མགོ་ལོག་པད་མ་རྫོང་ནས་ཡིན་པའི་བོད་མི་རྡོར་ཕྲུག་ལ་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish