Payday loans
Both the applications are very alike payday loans How much do you repay the loan
སྐུ་ཉིད་འདིར་འདུག མདུན་ཤོག གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར། ཕྱི་སྡོད་བོད་མི་༣༥༠ཙམ་ལ་བཀའ་སློབ་དང་གསུང་བཤད་གནང་བ།

ཕྱི་སྡོད་བོད་མི་༣༥༠ཙམ་ལ་བཀའ་སློབ་དང་གསུང་བཤད་གནང་བ།

Email པར་འདེབས།
21 may 2012 002
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༥ཚེས་༢༡ཉིན། ཁ་སང་ཕྱི་ཚེས་༢༠སྟེ་རེས་གཟའ་ཉི་མའི་ཉིན་ཨོ་སི་ཊི་རི་ཡའི་རྒྱལ་ས་ Klagenfurt ཀལ་གྷན་ཕོར་ཊིའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཨོ་སི་ཊི་རི་ཡ་དང་དེ་བཞིན་སུད་སི་སོགས་ནས་ཡོང་བའི་བོད་མི་༣༥༠ཙམ་ལ་དུས་ཡུན་ཆུ་ཚོད་༡ཙམ་རིང་བཀའ་སློབ་གསུང་བཤད་གནང་འདུག
ཐོག་མར་༧གོང་ས་མཆོག་གིས། ང་ཚོ་ཚང་མ་བོད་པ་རེད། ས་ཕྱོགས་གང་ཞིག་ཏུ་སོང་ཡང་རྒྱུན་དུ་ནས་སེམས་ནང་སོ་སོ་བོད་པ་ཡིན་བསམས་པ་ཞིག་དང་བོད་མིའི་ངོ་བོ་དེ་མ་བརླག་པར་བརྟན་པོ་ཉར་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་བོད་ནང་དུ་ཡོད་པའི་བོད་མི་དེ་ཚོས་འཇིགས་ཞུམ་མེད་པའི་ཐོག་ནས་བོད་པའི་རྩ་དོན་ཐོག་ཞི་བའི་ལས་འགུལ་སྤེལ་བཞིན་ཡོད་པ་དེ་ཚོ་ང་ཚོས་རྒྱུན་དུ་ནས་མ་བརྗེད་པ་བྱེད་དགོས།
ང་ཚོས་ཕྱི་ལོ་༡༩༥༩ཡི་དུས་སྐབས་སུ་ཕྱིར་བལྟས་ཤིག་བྱས་པ་ཡིན་ན། སྤྱིར་བོད་ས་ཡོངས་སུ་ཕན་ཚུན་ཆོས་ཕྱོགས་ཀྱི་འབྲེལ་བ་ཞིག་ཡོད་པ་རེད་དེ། ཆབ་སྲིད་ཀྱི་འབྲེལ་ལམ་དེ་ཧ་ཅང་སྐྱོ་པོ་རེད། དེར་བརྟེན་ནས་རྒྱ་མིས་དབང་སྒྱུར་བྱས་པ་རེད། ད་ལྟའི་ཆར་བོད་མི་རྣམས་ཕན་ཚུན་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་ཤུགས་ཆེན་པོ་ཡོད་པ་རེད།
བོད་མིའི་ངོ་བོ་དང་སྐད་ཡིག་དེ་བོད་ནང་དང་དེ་བཞིན་ཉེ་འཁོར་གྱི་ས་ཁུལ་དེ་དག་ལའང་དར་ཁྱབ་ཕྱིན་ཡོད། དེ་བོད་མིར་སྤོབས་པ་སྐྱེ་ཆོག་པ་ཞིག་ཡོད་པ་རེད། བོད་མིའི་སྐད་ཡིག་ལ་མཚོན་ན་ནང་སེམས་ཀྱི་རྣམ་གཞག་སྐོར་འགྲེལ་བཤད་ཆ་ཚང་བ་ཞིག་རྒྱག་ཐུབ་མཁན་ཞིག་ཆགས་བསྡད་ཡོད་པ་རེད་ལ། དེར་བརྟེན་བོད་མིའི་ནང་ཆོས་དང་རིག་གཞུང་དེ་འཛམ་བུ་གླིང་འདིའི་ནང་རིན་ཐང་ལྡན་པ་ཞིག་ཆགས་ཡོད། སྤྱིར་ནང་པའི་ཆོས་དེ་བོད་ལས་རྒྱ་ནག་ནང་སྔར་བ་དར་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་རྒྱ་ནག་ནང་བོད་ནང་དུ་ནང་བཞིན་ནང་དོན་རིག་པའི་སྐོར་གྱི་པོ་ཏི་མང་པོ་ཡོད་པ་མ་རེད།
21 may 2012 003
ང་ཚོས་རྒྱ་ནག་གཞུང་གིས་ང་ཚོའི་རིག་གཞུང་གཏོང་བཤིག་གཏོང་གིན་འདུག་ཅེས་ལབ་ཀྱི་ཡོད་པ་རེད། འོན་ཀྱང་ང་ཚོ་རང་དབང་ལུང་པའི་ནང་ཡོད་མཁན་ཚོས་རིག་གཞུང་སྲུང་སྐྱོབ་མ་བྱས་པ་ཡིན་ན་འགལ་བ་ཆགས་ཀྱི་རེད། དེར་སྲུང་སྐྱོབ་བྱེད་པར་གཙོ་བོར་བོད་མི་གཞོན་སྐྱེས་ཚོས་སོ་སོའི་བོད་སྐད་ཡིག་ལ་འབྲི་ཀློག་བྱེད་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད།
རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་ག་རེ་བྱས་ནས་བོད་མིའི་སྐད་ཡིག་གཏོང་བཤིགས་གཏོང་ཐབས་བྱེད་ཀྱིན་ཡོད་པ་ཟེར་ན། ཁོང་ཚོས་བོད་མིའི་སྐད་ཡིག་དེས་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་ཤེས་ཀྱི་ཡོད་པ་རེད། དེར་བརྟེན་ང་ཚོས་བཙན་བྱོལ་དུ་འབྱོར་རྗེས་ཆེས་ཐོག་མ་སློབ་གྲྭ་དེ་ཚོ་རྒྱག་རྒྱུའི་འབད་བརྩོན་བྱེད་དགོས་དོན་ཡང་དེ་རེད་ཅེས་གསུངས་འདུག
ཡང་མགོན་པོ་གང་ཉིད་ཀྱིས་གང་ཉིད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་དེ་སྔ་ལོ་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་བྱས་པ་དེ་ཡང་བསམ་བློ་གསར་པ་ཞིག་མ་ཡིན་པར། དེ་ནི་ཕྱི་ལོ་༡༩༥༡དང་༡༩༥༢ཙམ་ནས་བོད་ནང་དུ་བཅོས་སྒྱུར་བྱ་རྒྱུ་འབད་བརྩོན་བྱ་ས་པ་ཞིག་ཡིན་ཡང༌། རྒྱ་མིས་ཁོང་ཚོའི་འདོད་པ་ནང་བཞིན་བཅོས་སྒྱུར་བྱས་པ་ཞིག་རེད།
ཕྱི་ལོ་༢༠༠༡ལོར་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་མི་མང་གིས་འོས་འདེམས་བྱས་པ་ནས་བཟུང༌། གང་ཉིད་ཕྱེད་བགྲེས་ཡོལ་ཏུ་ཕེབས་ཡོད་པ་དང༌། དེ་སྔོན་ངོས་རང་ལོ་ན་༡༦སྐབས་སུ་སྲིད་སྐྱོང་སྟག་བྲག་རིན་པོ་ཆེས་གནང་བའི་ཆབ་སྲིད་ཀྱི་སྐུ་དབང་དེ་མཁས་དབང་བློ་བཟང་སེང་གེར་རྩིས་སྤྲད་པ་དང༌། བོད་གཞུང་དགའ་ལྡན་ཕོ་བྲང་དེ་དེང་སང་སྔོན་མའི་གནས་སྟངས་སྟེ། གང་ཉིད་སྐུ་སྒེར་གྱི་བླ་བྲང་ཞིག་ཏུ་བསྒྱུར་ཡོད་ལུགས་སོགས་གསུངས་ཡོད་པ་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།
Addthis
མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, 21 ཕྱི་ཟླ་ལྔ་པ། 2012 15:30 )  


......


ཆབ་སྲིད་བཙོན་པ་སོག་རྫོང་བློ་གྲོས་རྒྱ་མཚོ་ལགས་གློད་བཀྲོལ་བཏང་བ།

ཆབ་སྲིད་བཙོན་པ་སོག་རྫོང་བློ་གྲོས་རྒྱ་མཚོ་ལགས་གློད་བཀྲོལ་བཏང་བ།
༢༠༡༣ ཟླ་ ༥ ཚེས་ ༡༩ ཉིན། འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ནག་ཆུ་ས་ཁུལ་སོག་རྫོང་ཁོངས...

རྩོམ་པ་པོ་འགར་རྩེ་འཇིགས་མེད་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཏང་འདུག

རྩོམ་པ་པོ་འགར་རྩེ་འཇིགས་མེད་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཏང་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ཟླ་༥ཚེས་༡༨ཉིན། འདི་ཟླའི་ཚེས་༡༤ཉིན་རྒྱ་གཞུང་གིས་བོད་མི་གཞོན་སྐྱེས་རྩོམ་པ་པོ་འགར་རྩེ་འཇིག...

བོད་དྲག་གནོན་ཆེད་དྲག་ཆས་དམག་མིའི་ཆེད་སྤྱོད་ལག་དེབ།

བོད་དྲག་གནོན་ཆེད་དྲག་ཆས་དམག་མིའི་ཆེད་སྤྱོད་ལག་དེབ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ༥ཚེས་༡༤ཉིན། ༢༠༠༨ལོའི་ཕྱི་ཟླ་༡༠བོད་ཁུལ་བརྟན་ལྷིང་སྲུང་སྐྱོབ་བྱེད་སྐབས་ཀྱི་སེམས་...

རྒྱ་གཞུང་གིས་ལྷ་སའི་གནའ་ཤུལ་རྩ་མེད་གཏོང་གིན་འདུག ༼ལྷ་ས་སྐྱོབས་རོགས།༽

རྒྱ་གཞུང་གིས་ལྷ་སའི་གནའ་ཤུལ་རྩ་མེད་གཏོང་གིན་འདུག ༼ལྷ་ས་སྐྱོབས་རོགས།༽
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ༥ཚེས་༩ཉིན། ཉེ་དུས་ནས་རྒྱ་ནག་གཞུང་གིས་དཔལ་འབྱོར་ཁེ་ཕན་དང་སྤྱི་ཚོགས་བརྟན་ལྷིང་ཞེ...

བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་བཙོན་གྲོལ་ཐོབ་པ།

བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་བཙོན་གྲོལ་ཐོབ་པ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ལོའི་ཟླ་༥ཚེས་༧ཉིན། རྒྱ་ནག་གི་བཙོན་དུ་ཚུད་པའི་བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་སྤྱི...

མི་ལོ་༢༥རྗེས་སུ་བཙོན་གྲོལ་ཐོབ་པའི་བློ་བཟང་བསྟན་འཛིན།

མི་ལོ་༢༥རྗེས་སུ་བཙོན་གྲོལ་ཐོབ་པའི་བློ་བཟང་བསྟན་འཛིན།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ལོའི་ཟླ་༥ཚེས་༤ཉིན། མི་ལོ་༢༥རིང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་བློ་བཟང་བསྟན་འཛིན་ལགས་བ...

བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་དམ་དྲག་ཆེ་རུ་བཏང་བ།

བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་དམ་དྲག་ཆེ་རུ་བཏང་བ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་ ༢༠༡༣ ཟླ ༥ ཚེས ༣ ཉིན། བོད་ནས་གསར་དུ་འབྱོར་བའི་བོད་མི་ཞིག་གིས་འདི་གར་གསར་ཁང་དུ་ག...

བོད་མདོ་སྨད་བྱ་ཁྱུང་དགོན་དུ་རྒྱ་གཞུང་གི་དམ་དྲག

 བོད་མདོ་སྨད་བྱ་ཁྱུང་དགོན་དུ་རྒྱ་གཞུང་གི་དམ་དྲག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་ ༢༠༡༣ ཟླ ༥ ཚེས ༣ ཉིན། མདོ་སྨད་བྱ་ཁྱུང་དགོན་པའི་ནང་དུ་ཉེ་སྔོན་རང་ལུས་མེར་སྲེག་གི་དོན་...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish