རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༥ཚེས་༢༣ཉིན། ཁ་སང་ཕྱི་ཚེས་༢༢ཉིན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་གྲོང་ཁྱེར་ཨུ་ཌིན་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།
སྐབས་དེར་༧མགོན་པོ་གང་ཉིད་ནས་དཀའ་ངལ་ལ་གདོང་ལེན་བྱེད་སྟངས་སོགས་ཀྱི་སྐོར་གསུང་བཤད་གནང་དོན། ང་ཚོ་འགྲོ་བ་མིའི་རིགས་ཀྱིས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་ཀྱི་ནུས་པར་བརྟེན་ནས་སོ་སོའི་རེ་འདོད་མངོན་འགྱུར་བྱེད་དུ་འཇུག་བཞིན་ཡོད་ཀྱང༌། རང་ཉིད་ཀྱི་རེ་འདོད་མངོན་འགྱུར་བྱུང་དགོས་ན་ལུས་སེམས་ཞི་ལྷོད་དང་སྤྲོ་སྣང་ལྡན་པ། སེམས་པ་བཟང་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་སོགས་དཀའ་ངལ་འཕྲད་པའི་སྐབས་སུ་ཚང་མ་མཉམ་རུབ་ཀྱིས་ལུས་སེམས་བག་ལྷོད་ཀྱིས་གདོང་ལེན་བྱེད་པའི་སྐོར་བཀའ་སློབ་གནང་ཡོད་འདུག
ཉིན་གུང་གསོལ་ཚིགས་ཀྱི་རྗེས་སུ། ཚན་རིག་པ་ཁག་ཅིག་དང་ལྷན་དུ་༼དྲག་རྩུབ་དང་འཚེ་བར་བྱམས་བརྩེས་གདོང་ལེན་བྱེད་ཕྱོགས་དང་འཚེ་མེད་ཞི་བ་གོང་འཕེལ་གཏོང་ཐབས༽་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་བཀའ་དྲིན་བསྐྱངས་ཡོད་འདུག
སང་ཉིན་ཕྱི་ཚེས་༢༤ཉིན། ༧མགོན་པོ་གང་ཉིད་ཀྱིས་ཨུ་ཌིན་གྱི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་ཏུ་འཇིག་རྟེན་ཀུན་ཁྱབ་ཀྱི་ལྟ་སྤྱོད་གོང་འཕེལ་གཏོང་ཕྱོགས་ཀྱི་སྐོར་བཀའ་སློབ་གསུང་བཤད་གནང་རྒྱུ་ཡིན་འདུག

གསར་འགྱུར། 


