ཟླ་འདིའི་ཕྱིས་ཚེས་༢༣ཉིན། ཨ་རིའི་གྲོང་ཁྱེར་ཉིའུ་ཡོག་ཏུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྙན་གྲགས་ཆེ་བའི་བསོ་རྒྱལ་རིན་པོ་ཆེ་མཆོག་གིས། ཉིའུ་ཡོག་ཁུལ་གྱི་བོད་རིགས་དང་འབྲུག་པ། སི་ཀེམ་སོགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་༣༠༠ལྷག་ལ་ཆུ་ཚོད་༢ཙམ་གྱི་རིང༌། རྒྱུན་དུ་བྱམས་དང་སྙིང་རྗེ་ཡི་ལྟ་སྤྱོད་འཛིན་དགོས་པ་དང༌། ལྷག་པར་དུ་དེང་གི་དུས་འདིར་ཕན་ཚུན་ལ་ཐུགས་ཁུར་དང་བྱམས་སྙིང་རྗེ་སྐྱེད་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད་པ་དང༌། བོད་རིགས་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་དགོས་པ་དང༌། དེ་བཞིན་ད་ལྟའི་བོད་ནང་གི་གནས་སྟངས་སོགས་ཀྱི་སྐོར་བོད་སྐད་དང་དབྱིན་སྐད་གཉིས་ཀྱི་ཐོག་ནས་བཀའ་སློབ་གསུང་བཤད་གནང་ཡོད་པ་དང༌། སྐབས་དེར་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་མའི་ཆལ་ཨེམ་ཕེ་རི་ཨོ་ལི་(Michael Imperiolli)དང་སི་ཀེམ་གྱི་རྒྱལ་སྲས་དཔལ་ལྡན་རྣམ་རྒྱལ་སོགས་མི་སྣ་གལ་ཆེན་ཡང་མང་པོ་སླེབས་ཡོད་འདུག
ཨ་རིར་སྐྱེས་པའི་ཚོགས་ཞུགས་པ་རང་ལོ་༡༧ཡིན་པ་གཞོན་ནུ་བསྟན་འཛིན་དཔལ་བཟང་ལགས་ཀྱིས་བརྗོད་རྒྱུར། རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་སྐབས་ཁ་གསལ་བོ་དང་གོ་བདེ་བོ་ཞེ་དྲག་འདུག ང་རང་དངོས་གནས་རིན་པོ་ཆེའི་གསུང་བཤད་ལ་ཉན་རྒྱུར་དགའ་བོ་ཡོད། རིན་པོ་ཆེའི་གསུང་ལས་ངས་མང་པོ་ཞིག་ཤེས་སོང་ཞེས་བརྗོད་འདུག

གསར་འགྱུར། 

