Payday loans
Different names for payday loans Payday loans UK Payday loans-about-us page
སྐུ་ཉིད་འདིར་འདུག མདུན་ཤོག གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར། ཨོ་སི་ཊི་ལི་ཡའི་གྲོས་ཚོགས་འཐུས་མིས་བོད་དོན་ལ་རྒྱབ་སྐྱོར་གནང་བ།

ཨོ་སི་ཊི་ལི་ཡའི་གྲོས་ཚོགས་འཐུས་མིས་བོད་དོན་ལ་རྒྱབ་སྐྱོར་གནང་བ།

Email པར་འདེབས།
TPIE-Dharamshala
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༧ཚེསཝ་༢༠ཉིན། ཟླ་འདིའི་ཕྱི་ཚེས་༡༠ནས་༡༣ཉིན་བར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ཚོགས་ཆུང་གི་སྐུ་ཚབ་གཉིས་བཞུགས་སྒར་དྷ་རམ་ས་རུ་ཆེད་ཕེབས་ཀྱིས་བཀའ་ཁྲི་དང་སྤྱི་འཐུས་རྣམ་པར་མཇལ་འཕྲད་གནང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་ནང་དུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༠ནས་༡༣བར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ཚོགས་ཆུང་གི་སྐུ་ཚབ་གྲོས་ཚོགས་ཀྱི་ངལ་རྩོལ་ཚོགས་པའི་ Labour Party འཐུས་མི་ལྕམ་སྐུ་ལི་ས་སིངྒ་ Senators Lisa Singh མཆོག་དང་ལྗང་ཁུ་ཚོགས་པའི་ Green Party ལ་རི་ས་ཝ་ཊར་ Larissa Waters མཆོག་རྡ་སར་ཕེབས་ཏེ་བོད་མི་མང་སྤྱི་འཐུས་རྣམ་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། བོད་དོན་ལ་སྔར་ལྷག་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཡང་གནང་ཡོད། དེ་ཡང་ཁོང་རྣམ་གཉིས་ཕྱིར་རང་ཡུལ་དུ་ལོག་ནས་ཨོ་སི་ཊོ་ལི་ཡའི་སྲིད་གཞུང་དང་། དེ་བཞིན་མཐུན་ཕྱོགས་ཀྱི་ཆབ་སྲིད་ཚོགས་པ་ཁག་དང་ནུས་པ་མཉམ་སྤུངས་ཐོག་བོད་ཀྱི་གནད་དོན་སེལ་ཆེད་ཨོ་སི་ཊོ་ལི་ཡའི་སྲིད་གཞུང་གིས་རྒྱ་ནག་དང་ལྷན་སྐད་ཆ་ཤོད་དགོས་པའི་རེ་འདུན་འདོན་རྒྱུ་ཡིན་སྐོར་གསུངས།

སྐབས་དེར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྐུ་མགྲོན་རྣམ་གཉིས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་ཞིབ་ཕྲ་གནང་བ་དང་སྦྲགས། བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་འབོད་སྐུལ་ཤུགས་ཆེ་ཞུས་ཡོད། དེ་བཞིན་སྐུ་མགྲོན་རྣམ་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་བཅས་དང་མཇལ་འཕྲད་གནང་ཡོད།

ཐེངས་འདིར་སྐུ་མགྲོན་རྣམ་གཉིས་ལ་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་གསོལ་ཚིགས་ཕུལ་ཡོད་པ་མ་ཟད། བོད་ཀྱི་ཟློས་གར་ཚོགས་པས་རིག་གཞུང་གི་གཞས་སྣ་འཁྲབ་སྟོན་གནང་ཡོད། དེ་བཞིན་རྡ་སའི་ཉེ་འཁོར་དུ་རྟེན་གཞི་བྱས་པའི་བོད་མིའི་རིག་གཞུང་སྲུང་སྐྱོབ་ཀྱི་ཚོགས་པ་དང་ལྷན་ཁང། སློབ་གྲྭ དེ་བཞིན་ལས་ཁུངས་སོགས་སུའང་གཟིགས་སྐོར་དུ་ཕེབས་ཡོད། ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལི་ས་སིངྒ་མཆོག་ནི་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཏ་སི་མ་ནི་ཡ་ནས་ (Tasmania) ཡིན་ཞིང། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་ལྷོ་ཨེ་ཤི་ཡའི་མི་རིགས་ཀྱི་གྲོས་ཚོགས་འཐུས་མི་ཐོག་མ་དེ་ཆགས་ཡོད། ལྕམ་སྐུ་མཆོག་ཕྱི་ལོ་ ༢༠༡༠ ལོར་གྲོས་ཚོགས་སུ་འོས་འདེམས་བྱུང་ཡོད། དེང་སྐབས་ལྕམ་སྐུ་མཆོག་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་ཡིན་ཞིང་༸གོང་ས་མཆོག་དེ་སྔ་ཏ་སི་མ་ནི་ཡར་ཆིབས་སྒྱུར་སྐབས་མགོན་པོ་གང་ཉིད་མཆོག་དང་མཇལ་འཕྲད་ཞུས་ཡོད།

ལྗང་ཁུ་ཚོགས་པའི་ལ་རི་ས་ཝ་ཊར་མཆོག་ནི་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཁུ་ཝིན་སི་ ལེན་ཌི་Queensland ནས་ཡིན་པ་དང་གྲོས་ཚོགས་ནང་ཕྱི་ལོ་ ༢༠༡༠ ལོར་འོས་འདེམས་བྱུང་ཡོད། ད་བར་བོད་དོན་ཐོག་རྒྱབ་སྐྱོར་དང་དོ་སྣང་ཧ་ཅང་ཆེན་པོ་གནང་མཁན་ཞིག་ཡིན་འདུག

Addthis
 


......


རྩོམ་པ་པོ་འགར་རྩེ་འཇིགས་མེད་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཏང་འདུག

རྩོམ་པ་པོ་འགར་རྩེ་འཇིགས་མེད་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཏང་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ཟླ་༥ཚེས་༡༨ཉིན། འདི་ཟླའི་ཚེས་༡༤ཉིན་རྒྱ་གཞུང་གིས་བོད་མི་གཞོན་སྐྱེས་རྩོམ་པ་པོ་འགར་རྩེ་འཇིག...

བོད་དྲག་གནོན་ཆེད་དྲག་ཆས་དམག་མིའི་ཆེད་སྤྱོད་ལག་དེབ།

བོད་དྲག་གནོན་ཆེད་དྲག་ཆས་དམག་མིའི་ཆེད་སྤྱོད་ལག་དེབ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ༥ཚེས་༡༤ཉིན། ༢༠༠༨ལོའི་ཕྱི་ཟླ་༡༠བོད་ཁུལ་བརྟན་ལྷིང་སྲུང་སྐྱོབ་བྱེད་སྐབས་ཀྱི་སེམས་...

རྒྱ་གཞུང་གིས་ལྷ་སའི་གནའ་ཤུལ་རྩ་མེད་གཏོང་གིན་འདུག ༼ལྷ་ས་སྐྱོབས་རོགས།༽

རྒྱ་གཞུང་གིས་ལྷ་སའི་གནའ་ཤུལ་རྩ་མེད་གཏོང་གིན་འདུག ༼ལྷ་ས་སྐྱོབས་རོགས།༽
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ༥ཚེས་༩ཉིན། ཉེ་དུས་ནས་རྒྱ་ནག་གཞུང་གིས་དཔལ་འབྱོར་ཁེ་ཕན་དང་སྤྱི་ཚོགས་བརྟན་ལྷིང་ཞེ...

བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་བཙོན་གྲོལ་ཐོབ་པ།

བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་བཙོན་གྲོལ་ཐོབ་པ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ལོའི་ཟླ་༥ཚེས་༧ཉིན། རྒྱ་ནག་གི་བཙོན་དུ་ཚུད་པའི་བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་སྤྱི...

མི་ལོ་༢༥རྗེས་སུ་བཙོན་གྲོལ་ཐོབ་པའི་བློ་བཟང་བསྟན་འཛིན།

མི་ལོ་༢༥རྗེས་སུ་བཙོན་གྲོལ་ཐོབ་པའི་བློ་བཟང་བསྟན་འཛིན།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ལོའི་ཟླ་༥ཚེས་༤ཉིན། མི་ལོ་༢༥རིང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་བློ་བཟང་བསྟན་འཛིན་ལགས་བ...

བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་དམ་དྲག་ཆེ་རུ་བཏང་བ།

བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་དམ་དྲག་ཆེ་རུ་བཏང་བ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་ ༢༠༡༣ ཟླ ༥ ཚེས ༣ ཉིན། བོད་ནས་གསར་དུ་འབྱོར་བའི་བོད་མི་ཞིག་གིས་འདི་གར་གསར་ཁང་དུ་ག...

བོད་མདོ་སྨད་བྱ་ཁྱུང་དགོན་དུ་རྒྱ་གཞུང་གི་དམ་དྲག

 བོད་མདོ་སྨད་བྱ་ཁྱུང་དགོན་དུ་རྒྱ་གཞུང་གི་དམ་དྲག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་ ༢༠༡༣ ཟླ ༥ ཚེས ༣ ཉིན། མདོ་སྨད་བྱ་ཁྱུང་དགོན་པའི་ནང་དུ་ཉེ་སྔོན་རང་ལུས་མེར་སྲེག་གི་དོན་...

བོད་མི་ཞིག་དམར་གསོད་དང་དགེ་འདུན་པ་བཞི་གར་སོང་ཆ་མེད།

བོད་མི་ཞིག་དམར་གསོད་དང་དགེ་འདུན་པ་བཞི་གར་སོང་ཆ་མེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ལོའི་ཟླ་༥ཚེས་༡ཉིན། རྒྱ་ནག་གཞུང་གིས་མདོ་ཁམས་གོ་འཇོ་རྫོང་དུ་བོད་མི་གཅིག་དམར་གསོད་བཏང་ཡོད་...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish