རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༧ཚེས་༢༤ཉིན། ། ཟླ་འདིའི་ཕྱི་ཚེས་༢༠ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་བོད་རྒྱ་འབྲེལ་མོལ་གྱི་དམིགས་བསལ་སྐུ་ཚབ་བསྐོ་གཞག་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་འདུག
ཟླ་འདིའི་ཕྱི་ཚེས་༢༠རེས་གཟའ་པ་སངས་ཉིན། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་ཡོད་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་བོད་རྒྱ་འབྲེལ་མོལ་གྱི་དམིགས་བསལ་སྐུ་ཚབ་རྣམ་གཉིས་ནས་རྩ་དགོངས་ཞུས་ཟིན་པས། སྐུ་ཚབ་གསར་པ་འདེམས་བསྐོ་བྱེད་རྒྱུར་གྲ་སྒྲིག་ཡོད་མེད་སོགས་ཀྱི་སྐོར་བཀའ་འདྲི་ཞུས་སྐབས། བཀའ་ཁྲི་མཆོག་གིས་གསུངས་རྒྱུར། རྒྱ་ནག་གཞུང་གི་ཐོག་ནས་མིང་དོན་མཚུངས་ཤིང་འབྲས་བུ་སྨིན་རྒྱུ་ཡོད་པའི་འབྲེལ་མོལ་དང་བོད་ནང་གི་དཀའ་ངལ་སེལ་བའི་དགོངས་པ་ཡོད་ན། ང་ཚོའི་ངོས་ནས་དེ་རིང་དང་སང་ཉིན་ག་དུས་ཡིན་ནའང་སྐུ་ཚབ་གསར་པ་བསྐོ་གཞག་བྱ་རྒྱུར་གྲ་སྒྲིག་ཆ་ཚང་ཡོད། ཡིན་ནའང༌། རྒྱ་གཞུང་ལ་གྲ་སྒྲིག་མེད་ན་ང་ཚོས་སྐུ་ཚབ་གསར་པ་བསྐོས་ཀྱང་དོན་སྙིང་ཡོད་པ་མ་རེད་ཅེས་དང༌།
ཡང་རྒྱ་གཞུང་ནས་བོད་ཀྱི་གནད་དོན་ཟེར་བ་ཞིག་མེད་པས། ༧གོང་ས་མཆོག་སྐུ་སྒེར་གྱི་སྐུ་ཚབ་མཉམ་དུ་འབྲེལ་མོལ་གནང་རྒྱུ་ཡིན་ལུགས་བརྗོད་ཀྱི་ཡོད་པར་བརྟེན། མ་འོངས་སྐུ་ཚབ་གསར་པ་བསྐོ་གཞག་བྱས་ཚེ། ༧མགོན་པོ་གང་ཉིད་ཀྱི་མཚན་ཐོག་ནས་སྐུ་ཚབ་བསྐོ་གཞག་བྱ་རྒྱུ་ཡིན་མིན་བཀའ་འདྲི་ཞུས་པར་བཀའ་ཁྲི་མཆོག་གིས། སྔོན་མ་ནས་འབྲེལ་མོལ་སྐབས་༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཙམ་མ་ཡིན་པར་བོད་མི་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་བཀའ་མོལ་གནང་གི་ཡོད་པ་ཡོངས་གྲགས་རེད། དེ་འདྲ་ཡིན་དུས། ད་ཐེངས་དམིགས་བསལ་སྐུ་ཚབ་གསར་པ་བསྐོ་གཞག་བྱེད་སྐབས་ཀྱང༌། བཅའ་ཁྲིམས་དུམ་ཚན་དང་པོའི་ནང་གསེས་གསུམ་པ་རུ་བཀོད་གསལ་ལྟར། གཞི་རྩའི་བཀའ་ཤག་ལ་གཏན་འབེབས་བྱེད་པའི་སྐུ་དབང་ཡོད་པ་རེད། ཡིན་ན་ཡང༌། ༧གོང་ས་མཆོག་གི་མཚན་དེ་ཞུས་ཆོག་གི་ཡོད་དུས། དོན་གཅོད་ཡིན་ནའང་སྐུ་ཚབ་དོན་གཅོད་ཅེས་འབོད་ཀྱི་ཡོད་ལ། བོད་རྒྱ་འབྲེལ་མོལ་གྱི་དམིགས་བསལ་སྐུ་ཚབ་ཡིན་ནའང་༧གོང་ས་མཆོག་གི་མཚན་ཐོག་ནས་བསྐོ་གཞག་བྱེད་པའི་ལམ་དེ་ང་ཚོར་ཡོད་པ་རེད། ཡིན་ནའང༌། རྒྱ་ནག་གཞུང་གིས་ཡིན་གཅིག་མིན་གཉིས་༧གོང་ས་མཆོག་སྐུ་སྒེར་གྱི་མཚན་ཐོག་ནས་ཡིན་དགོས་ཡོད་ཅེས་གསུང་པ་ཡིན་ན། ཁ་སང་གསར་འགོད་གསལ་བསྒྲགས་ནང་ང་ཚོས་ཕྱི་ཡི་རྣམ་པ་ལས་ནང་གི་དོན་སྙིང་དེ་གལ་ཆེན་པོ་རྩི་བཞིན་ཡོད་ཅེས་གསལ་བོ་བཀོད་ཡོད་པ་ལྟར། བོད་དོན་འགྲུབ་པའི་ཆེད་དུ་གང་འདྲ་ཞིག་སྐོས་ལབ་ནའང་ང་ཚོས་བསྐོ་རྒྱུ་རེད། ང་ཚོས་དོན་དག་བསྒྲུབ་པ་ཡིན་ན་ཕྱིའི་རྣམ་པ་དེ་གལ་ཆུང་དུ་རྩི་དགོས་ངེས་རེད། གནད་དོན་དེ་གལ་ཆེན་པོ་ཡིན་པ་གང་ཞིག་ལ་ང་ཚོ་འགག་དགོས་དོན་གང་ཡང་མཐོང་གི་མི་འདུག་ཅེས་གསུངས་འདུག

གཞན་ཡང༌། སྐབས་དེར་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་རྩིས་སྤྲོད་གནང་ཟིན་ཡང༌། ཨ་རིའི་དཔོན་རིགས་ཚོས་སྔར་བཞིན་༧མགོན་པོ་གང་ཉིད་ལ་གུས་བརྩི་དང་བོད་དོན་ལ་མུ་མཐུད་ནས་རྒྱབ་སྐྱོར་གནང་བཞིན་ཡོད་པའི་སྐོར་དང༌། དེ་བཞིན་རྒྱ་གཞུང་གིས་འཁྱོག་བརྗོད་དང་སྐྱོན་བརྗོད་བྱེད་མིན་ལ་མ་བལྟོས་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་མུ་མཐུད་དེ་རང་ལུས་མེར་སྲེག་གཏོང་མཁན་ཚོའི་མངོན་འདོད་ལ་རྒྱབ་སྐྱོར་གནང་བཞིན་ཡོད་པའི་སྐོར་སོགས་གསུངས་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

གསར་འགྱུར། 