Payday loans
eocash loans
སྐུ་ཉིད་འདིར་འདུག མདུན་ཤོག གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར། ༧གོང་ས་མཆོག་ནས་ལ་དྭགས་སུ་མཛད་འཕྲིན་སྐྱོང་བཞིན་པ།

༧གོང་ས་མཆོག་ནས་ལ་དྭགས་སུ་མཛད་འཕྲིན་སྐྱོང་བཞིན་པ།

Email པར་འདེབས།
dalai-lama-tibet-ladakh-2012

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༧ཚེས་༣༡ཉིན། ཟླ་འདིའི་ཕྱི་ཚེས་༡༨ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཞབས་སོ་བདེ་བར་འཁོད་དེ། དེ་གར་ཁྱོན་དུས་ཡུན་ཉིན་གྲངས་༢༠རིང་གྱི་མཛད་འཕྲིན་ནང་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་མ་ཟད། དམིགས་བསལ་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་དང་སྐྱངས་འཆར་ནང༌། ཟླ་འདིའི་ཕྱི་ཚེས་༢༧ཉིན་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་ཡོད་པའི་ལམ་སྒྲོན་སློབ་གྲྭའི་ཚན་རིག་སློབ་ཁྲིད་ཐོག་ཁང་དབུ་འབྱེད་དང༌། ས་གནས་ཁ་ཆེའི་ལྷ་ཁང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། མི་མང་སྟོང་ཕྲག་མང་པོར་བཀའ་སློབ་ལམ་སྟོན་གནང་ཡོད་འདུག

སྐུ་སྒེར་ཐེབས་རྩ་ནས་གསར་བཞེངས་གནང་བའི་ལ་དྭགས་སླེའི་ལམ་སྒྲོན་སློབ་གྲྭའི་ཚན་རིག་ཐོག་ཁང་ལེགས་འགྲུབ་བྱུང་ཏེ། ཟླ་འདིའི་ཕྱི་ཚེས་༢༧ཉིན། ༧གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་དང་སློབ་གྲྭ་དེའི་དགེ་སློབ་གཅིག་སྟོང་ལྷག་དང་སེར་སྐྱ་མི་མང་ལ་བཀའ་སློབ་ལམ་སྟོན་གནང་ཡོད་འདུག

སྐབས་དེར་༧མགོན་པོ་གང་ཉིད་ཀྱིས། སློབ་གྲྭ་དེའི་ཕྱི་ནང་གཉིས་ཀའི་ཆ་རྐྱེན་སྔར་ལས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་ལྟར། དགེ་རྒན་དང་སློབ་དེབ་ཁོ་ནར་བརྟེན་ནས་མ་བསྡད་པར་རང་རང་སོ་སོའི་ཐོག་ནས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། སློབ་མ་ཚོའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་འཕེལ་ཡོང་བར་བྱ་རྒྱུ་གནད་འགག་ཡིན་པ་དང༌། རྒྱུ་མཚན་རྣམས་ཡང་ནས་ཡང་དུ་དཔྱད་པ་བྱ་རྒྱུ་དེ་ནི། ཤེས་རབ་ཀྱི་རྒྱུན་མཐར་ཐུག་པ་རྗེ་བཙུན་འཇམ་དཔལ་དབྱངས་ལྟ་བུར་འགྱུར་རྒྱུའི་འགྲོ་ལམ་དེ་ཡིན་ཞིང༌། སློབ་སྦྱོང་ནི་གལ་ཆེན་པོ་ཡིན་པ་ཤེས་པ་ཙམ་མ་ཡིན་པར། དགེ་རྒན་གྱིས་སློབ་ཁྲིད་བྱས་པ་རྣམས་དོན་ལ་བསམ་བློ་བཏང་ནས་དཔྱད་པ་བྱས་ཏེ། དཔྱད་པ་དང་དོན་ཀྱི་ངེས་པ་རྙེད་པ་ཞིག་ཡོང་རྒྱུ་གལ་ཆེན་པོ་རེད། ཅེས་དང༌།

ཡང་ཁོང་གིས་མུ་མཐུད་དུ་གསུངས་དོན། ཧི་མ་ལ་ཡའི་ཆོས་དང་རིག་གཞུང་བོད་ནས་མཆེད་པ་ཞིག་ཡིན་སྟབས། ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང༌། མི་ཉམས་རྒྱུན་འཛིན་ཡོང་རྒྱུར་ཧི་མ་ལ་ཡ་ཁུལ་གྱི་བཙན་བྱོལ་བའི་ཆོས་སྒར་ཁག་ནང་སློབ་གཉེར་གནང་མཁན་ཚོས་ཞབས་འདེགས་ཞུས་ཡོད་ལ། ད་དུང་ཡང་ཕྲུ་གུ་རྣམས་བཙན་བྱོལ་གྱི་ཆོས་སྒར་ཁག་ནང་སློབ་གཉེར་དུ་འཛུལ་ཞུགས་བྱ་རྒྱུར་གོ་སྐབས་གནང་རྒྱུ་ཡིན་ཞེས་བཀའ་བསྕལ་ཡོད་འདུག

མཐའ་དོན་དུ་༧མགོན་པོ་གང་ཉིད་ཀྱིས། ལམ་སྒྲོན་སློབ་གྲྭའི་ཚན་རིག་སློབ་གཉེར་བ་ཚོས་འབྱུང་འགྱུར་དུས་རབས་ཉེར་གཅིག་པའི་སྨད་ཆར་ཕྱི་གཟིགས་ཅན་དང་ནང་ཤེས་པ་ཡི་ཚན་རིག་ཀུན་ལ་སློབ་གཉེར་གྱིས་ཚན་རིག་པ་མང་པོ་ཐོན་ཏེ། མིའི་རིགས་ལ་བདེ་སྐྱིད་བསྐྲུན་པར་རོགས་ཕན་བྱེད་ཐུབ་པར་རེ་བ་དང་སྨོན་ལམ་ཡོད་ཅེས་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་ཡོད་འདུག

དེ་རྗེས་༧མགོན་པོ་གང་ཉིད་ས་གནས་དེའི་ཁ་ཆེའི་ལྷ་ཁང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། དེར་འདུས་ཀྱི་སེར་སྐྱ་རྒན་གཞོན་༡༠༠༠ལྷག་ལ་བཀའ་སློབ་གནང་དོན། ཕྱིའི་དཔལ་འབྱོར་གྱི་མཐུན་རྐྱེན་དང་ཆོས་ཀྱི་དད་མོས་སོགས་མི་འདྲ་བ་ཙམ་མ་གཏོགས་དོན་དངོས་སུ་མི་ཚང་མ་གཅིག་པ་ཡིན་ལ། ཀུན་ལ་བྱམས་བརྩེ་དང་སྙིང་རྗེ་སོགས་ལྷན་སྐྱེས་སུ་ཡོད་པས། ཆོས་ལུགས་ཀུན་ལ་གུས་བརྩི་ཡོད་པའི་སྒོ་ནས་ལྷན་སྐྱེས་ཀྱི་ཡོན་ཏན་དེ་ཚོ་ཡར་རྒྱས་སུ་གཏོང་དགོས་ཤིང༌། རྩ་བའི་ཆོས་ལུགས་ཀྱིས་བཟོད་པ་དང་སྙིང་རྗེ། ཆོག་ཤེས་སོགས་གཅིག་མཚུངས་སུ་བཤད་ཀྱི་ཡོད་པས། ལྟ་གྲུབ་མི་འདྲ་བ་དེ་ཕར་བཞག་ནས་ཕན་ཚུན་སློབ་སྦྱོང་དང་གུས་ཞབས་ཀྱི་སྒོ་ནས་ནང་སེམས་ཀྱི་བདེ་སྐྱིད་འཚོལ་ཐབས་བྱེད་དགོས་པ་ནི། དོན་དམ་གྱི་ཆོས་ལུགས་མཐུན་སྒྲིལ་དང་ཕན་ཚུན་བསམ་བློ་བརྗེ་རེས་ཆགས་བཞིན་ཡོད་སྐོར་སོགས་བཀའ་སློབ་གནང་ཡོད་འདུག

Addthis
 


......


བོད་ཨ་མདོ་རྔ་བའི་གླུ་བ་གཉིས་འཛིན་བཟུང་བྱས་ཡོད་སྐོར།

བོད་ཨ་མདོ་རྔ་བའི་གླུ་བ་གཉིས་འཛིན་བཟུང་བྱས་ཡོད་སྐོར།
འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་རྣམ་གཉིས་ཀྱིས་ཕྱི་ལ...

ཆབ་སྲིད་བཙུན་མ་གཉིས་དང་བུ་མོ་ཞིག་བཙོན་གྲོལ་ཐོབ་ཡོད་པ།

ཆབ་སྲིད་བཙུན་མ་གཉིས་དང་བུ་མོ་ཞིག་བཙོན་གྲོལ་ཐོབ་ཡོད་པ།
ཕྱི་ལོ་༢༠༡༣ ཟླ་ ༦ ཚེས་ ༡༤ ཉིན། འདི་གར་གནས་ཚུལ་འབྱོར་གསལ། དཀར་མཛེས་རྫོང་། རུང་ཚ་ཞང་། ཧོར་མི་གྲོང་། རུང་གྲགས་དགོན། ཧོར་མི་...

སློབ་མ་དབང་ཕྱུག་རྡོ་རྗེར་ལོ་བཞིའི་ཁྲིམས་ཐག་བཅད་པ།

སློབ་མ་དབང་ཕྱུག་རྡོ་རྗེར་ལོ་བཞིའི་ཁྲིམས་ཐག་བཅད་པ།
༢༠༡༣ཟླ་༦ཚེས་༡༣ཉིན། དེ་སྔོན་རྨ་ལྷོ་རེབ་གོང་ཁུལ་གྱི་སློབ་གྲ་ཁག་མང་པོའི་སློབ་ཕྲུག་ཚོས་སྐད་ཡིག་རང་དབང་དང་། མི་རིགས་འདྲ་...

ཁམས་རྟའུ་རྫོང་དུ་བཙུན་མ་ཞིག་གིས་རང་ལུས་མེར་སྲེག་བཏང་པ།

ཁམས་རྟའུ་རྫོང་དུ་བཙུན་མ་ཞིག་གིས་རང་ལུས་མེར་སྲེག་བཏང་པ།
ཕྱི་ཟླ་༦ཚེས་༡༢ཉིན། འདི་ཟླའི་ཚེས་༡༡ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་༥པའི་ཐོག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་...

མདོ་ཁམས་འཇང་དགུན་ཆོས་ཆེན་མོ་ཐེངས་ལྔ་པ་ཁམས་རྟའུ་རུ་དབུ་འཛུགས་གནང་ཡོད་པ།

མདོ་ཁམས་འཇང་དགུན་ཆོས་ཆེན་མོ་ཐེངས་ལྔ་པ་ཁམས་རྟའུ་རུ་དབུ་འཛུགས་གནང་ཡོད་པ།
༢༠༡༣ལོའི་ཟླ་༦ཚེས་༡༡ཉིན། རྒྱ་གཞུང་གི་བཀག་འགོག་གིས་བྱས་མིན་ལ་ལྟོས་མེད་མདོ་ཁམས་འཇང་དགུན་ཚོས་ཆེན་མོ་ཐེངས་ལྔ་པ་འདི་ལོར་ཁམས་རྟ...

ཚེ་དབང་གྲགས་པ་ལགས་བཙོན་གྲོལ་ཐོབ་ཀྱང་ནད་པ་ཆགས་འདུག

ཚེ་དབང་གྲགས་པ་ལགས་བཙོན་གྲོལ་ཐོབ་ཀྱང་ནད་པ་ཆགས་འདུག
ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༧ ཉིན། གནས་ཚུལ་མཁོ་སྤྲོད་པས་བརྗོད་གསལ་དུ། ཁམས་བྲག་མགོ་ནས་ཡིན་པའི་ཆབ་སྲིད་བཙོན་པ་ཚེ་དབང་གྲགས་པ་ལག...

མདོ་སྨད་མཚོ་སྔོན་མཚོ་ཤར་ཁུལ་ནས་དགེ་འདུན་པ་གཉིས་ལ་བཙོན་འཇུག་གི་ཁྲིམས་ཆད།

མདོ་སྨད་མཚོ་སྔོན་མཚོ་ཤར་ཁུལ་ནས་དགེ་འདུན་པ་གཉིས་ལ་བཙོན་འཇུག་གི་ཁྲིམས་ཆད།
ཕྱི་ལོ་༢༠༡༣ ཟླ་༦ ཚེས་༦ཉིན། བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གཞུང་གིས་བོད་མདོ་སྨད་མཚོ་སྔོན་མཚོ་ཤར་ས་ཁུལ་ཡ་རྫ...

རྒྱ་གཞུང་གིས་བོད་མིར་བཙོན་འཇུག་དང་བརྒྱུད་ལམ་བཙན་འཕྲོག་བྱས་པ།

རྒྱ་གཞུང་གིས་བོད་མིར་བཙོན་འཇུག་དང་བརྒྱུད་ལམ་བཙན་འཕྲོག་བྱས་པ།
༢༠༡༣ ཟླ་༦ཚེས་༣ཉིན། རྒྱ་གཞུང་གིས་བོད་མགོ་ལོག་པད་མ་རྫོང་ནས་ཡིན་པའི་བོད་མི་རྡོར་ཕྲུག་ལ་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish