Payday loans
Different names for payday loans Payday loans UK Payday loans-about-us page
སྐུ་ཉིད་འདིར་འདུག མདུན་ཤོག གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར། ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་བོད་དོན་སྙན་ཞུ་ཕུལ་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་བོད་དོན་སྙན་ཞུ་ཕུལ་འདུག

Email པར་འདེབས།
us-2012-congressmen

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༨ཚེས་༡༣ཉིན། ཟླ་འདིའི་ཕྱི་ཚེས་༩ཉིན། ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་དོན་ཐོག་མངོན་གསལ་ལྡན་པའི་རྒྱབ་སྐྱོར་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད་འདུག

ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༩ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་སི་མེཀ་གོ་ཝན་(James P McGovern) མཆོག་དང་སྐུ་ཞབས་ཕེ་རེངྐ་ཝུལ་ཕུ་མཆོག (Frank R Wolf) རྣམ་གཉིས་ཀྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་སྐུ་ཧི་ལེ་རི་ཁི་ལིན་ཊོན་ (Hillary Clinton) མཆོག་ལ་འབོད་སྐུལ་གྱི་ཞུ་སྙན་ཞིག་ཕུལ་ཏེ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱལ་སྤྱིའི་སྟེང་བོད་དོན་ཐོག་མངོན་གསལ་ལྡན་པའི་རྒྱབ་སྐྱོར་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་ལས་སྐྱོབ་ཐབས་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད།

དེ་ཡང་ཞུ་སྙན་དེའི་ནང་ད་ལྟའི་བོད་ནང་དུ་རྒྱ་ནག་གཞུང་གིས་བོད་མི་ཚོར་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་ཞི་རྒོལ་ཆེད་བོད་མི་ཚོས་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པ་དེར་ཧ་ཅང་སེམས་འཚབ་ཡོད་སྐོར་འཁོད་དོན།

ང་ཚོས་ཨ་རིའི་གཞུང་གི་འབྲེལ་ཡོད་ལས་བྱེད་པ་རྣམ་པས་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་པ་ཚོ་དང་ལྷན་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་ཁྱད་པར་བོད་ཀྱི་གནད་དོན་སྐོར་གྲོས་མོལ་ཡང་ཡང་བྱེད་བཞིན་ཡོད་པ་གསལ་རྟོགས་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ད་ལྟའི་བོད་མིའི་ཐོག་དམ་བསྒྲགས་བྱེད་བཞིན་པའི་བྱ་སྤྱོད་དེ་འགོག་ཆེད་ཨ་རིའི་གཞུང་གིས་གནོན་ཤུགས་སྤྲོད་ཐུབ་པ་དགོས། དེར་བརྟེན་ཨ་རིའི་གཞུང་གིས་བོད་མིའི་ཐོག་རྒྱབ་སྐྱོར་གྱི་རྣམ་འགྱུར་མངོན་གསལ་དོད་པོ་ཞིག་འདོན་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་འཁོད་ཡོད།

གཞན་ཡང་ཞུ་སྙན་དེའི་ནང་ཨ་རིའི་གཞུང་གིས་བོད་ཀྱི་གནད་དོན་ཐོག་རྒྱལ་སྤྱིའི་ལྷན་ཚོགས་གོ་སྒྲིག་གནང་དགོས་པའི་བསམ་འཆར་བཏོན་ཡོད་པ་དང་དུས་དུས་སུ་གཞུང་དང་མང་ཚོགས་དབར་བགྲོ་གླེང་ལྷན་ཚོགས་གོ་སྒྲིག་གནང་རྒྱུ། དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཚོའི་དབར་བོད་དོན་ལས་འགུལ་གྱི་འབྲེལ་ལམ་གསར་འཛུགས་ཐོག་བོད་དོན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སོགས་འབོད་སྐུལ་ཞུས་ཡོད།

མཐར་ཞུ་སྙན་དེའི་ནང་དེང་སྐབས་ཨ་རིའི་གཞུང་གིས་ཨེ་ཤི་ཡའི་གླིང་ཆེན་ནང་དོ་སྣང་ཆེན་པོ་སྤྲོད་བཞིན་པའི་སྐབས་དང་བསྟུན། བོད་མི་ཚོས་རྒྱབ་སྐྱོར་དགོས་པའི་སྨྲེ་ངག་འདོན་བཞིན་པ་དེ་ང་ཚོས་གོ་ཐུབ་ཀྱི་ཡོད་པའི་བརྡ་ལན་གཏོང་ཐུབ་པ་དགོས་ཞེས་སོགས་འཁོད་ཡོད།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས།

Addthis
མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, 13 ཕྱི་ཟླ་བརྒྱད་པ། 2012 16:45 )  


......


ཆབ་སྲིད་བཙོན་པ་སོག་རྫོང་བློ་གྲོས་རྒྱ་མཚོ་ལགས་གློད་བཀྲོལ་བཏང་བ།

ཆབ་སྲིད་བཙོན་པ་སོག་རྫོང་བློ་གྲོས་རྒྱ་མཚོ་ལགས་གློད་བཀྲོལ་བཏང་བ།
༢༠༡༣ ཟླ་ ༥ ཚེས་ ༡༩ ཉིན། འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ནག་ཆུ་ས་ཁུལ་སོག་རྫོང་ཁོངས...

རྩོམ་པ་པོ་འགར་རྩེ་འཇིགས་མེད་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཏང་འདུག

རྩོམ་པ་པོ་འགར་རྩེ་འཇིགས་མེད་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཏང་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ཟླ་༥ཚེས་༡༨ཉིན། འདི་ཟླའི་ཚེས་༡༤ཉིན་རྒྱ་གཞུང་གིས་བོད་མི་གཞོན་སྐྱེས་རྩོམ་པ་པོ་འགར་རྩེ་འཇིག...

བོད་དྲག་གནོན་ཆེད་དྲག་ཆས་དམག་མིའི་ཆེད་སྤྱོད་ལག་དེབ།

བོད་དྲག་གནོན་ཆེད་དྲག་ཆས་དམག་མིའི་ཆེད་སྤྱོད་ལག་དེབ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ༥ཚེས་༡༤ཉིན། ༢༠༠༨ལོའི་ཕྱི་ཟླ་༡༠བོད་ཁུལ་བརྟན་ལྷིང་སྲུང་སྐྱོབ་བྱེད་སྐབས་ཀྱི་སེམས་...

རྒྱ་གཞུང་གིས་ལྷ་སའི་གནའ་ཤུལ་རྩ་མེད་གཏོང་གིན་འདུག ༼ལྷ་ས་སྐྱོབས་རོགས།༽

རྒྱ་གཞུང་གིས་ལྷ་སའི་གནའ་ཤུལ་རྩ་མེད་གཏོང་གིན་འདུག ༼ལྷ་ས་སྐྱོབས་རོགས།༽
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ༥ཚེས་༩ཉིན། ཉེ་དུས་ནས་རྒྱ་ནག་གཞུང་གིས་དཔལ་འབྱོར་ཁེ་ཕན་དང་སྤྱི་ཚོགས་བརྟན་ལྷིང་ཞེ...

བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་བཙོན་གྲོལ་ཐོབ་པ།

བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་བཙོན་གྲོལ་ཐོབ་པ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ལོའི་ཟླ་༥ཚེས་༧ཉིན། རྒྱ་ནག་གི་བཙོན་དུ་ཚུད་པའི་བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་སྤྱི...

མི་ལོ་༢༥རྗེས་སུ་བཙོན་གྲོལ་ཐོབ་པའི་བློ་བཟང་བསྟན་འཛིན།

མི་ལོ་༢༥རྗེས་སུ་བཙོན་གྲོལ་ཐོབ་པའི་བློ་བཟང་བསྟན་འཛིན།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ལོའི་ཟླ་༥ཚེས་༤ཉིན། མི་ལོ་༢༥རིང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་བློ་བཟང་བསྟན་འཛིན་ལགས་བ...

བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་དམ་དྲག་ཆེ་རུ་བཏང་བ།

བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་དམ་དྲག་ཆེ་རུ་བཏང་བ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་ ༢༠༡༣ ཟླ ༥ ཚེས ༣ ཉིན། བོད་ནས་གསར་དུ་འབྱོར་བའི་བོད་མི་ཞིག་གིས་འདི་གར་གསར་ཁང་དུ་ག...

བོད་མདོ་སྨད་བྱ་ཁྱུང་དགོན་དུ་རྒྱ་གཞུང་གི་དམ་དྲག

 བོད་མདོ་སྨད་བྱ་ཁྱུང་དགོན་དུ་རྒྱ་གཞུང་གི་དམ་དྲག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་ ༢༠༡༣ ཟླ ༥ ཚེས ༣ ཉིན། མདོ་སྨད་བྱ་ཁྱུང་དགོན་པའི་ནང་དུ་ཉེ་སྔོན་རང་ལུས་མེར་སྲེག་གི་དོན་...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish