རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༡༠ཚེས་༢༥ཉིན། Forum 2000 ༢༠༠༠ལོའི་གླེང་སྟེགས་ཀྱི་ལོ་འཁོར་ལྷན་ཚོགས་ཐེངས་༡༦པ་དེ་ཟླ་འདིའི་ཕྱི་ཚེས་༢༡ནས་༢༣བར་ཁྱོན་དུས་ཡུན་ཉིན་གྲངས་༣རིང་Czech Republic ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ཕ་རཱ་གྷུའི་ནང་ཚོགས་ཡོད་འདུགཚོགས་ཆེན་དེའི་ཐོག་གླེང་སྟེགས་དེ་ཉིད་གསར་འཛུགས་གནང་མཁན་སྔོན་མ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་Václav Havel ཝེ་ཀ་ལ་ཝི་ཧཱ་ཝལ་མཆོག་དམ་པ་དེ་ཉིད་ཀྱིས་དགོངས་དོན་དང་ཞལ་ཆེམས་ལག་བསྟར་བྱ་རྒྱུའི་དམ་བཅའ་དང་། ཐེངས་འདིར་ Media and Democracy མང་གཙོ་དང་བརྒྱུད་ལམ་བར་གྱི་འབྲེལ་བའི་སྐོར་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དང་དེ་དག་ཡར་རྒྱས་གཏོང་ཕྱོགས་ཀྱི་ཐབས་ལམ་བཅས་ཀྱི་སྐོར་བགྲོ་གླེང་གནང་ཡོད་འདུག
ཐེངས་འདིར་ལོ་འཁོར་ཚོགས་ཆེན་གྱི་བགྲོ་གླེང་དེའི་ཐོག འཛམ་གླིང་གི་ས་ཕྱོགས་གང་ས་ནས་མཁས་དབང་སོགས་ཁྱོན་གྲགས་ཅན་མི་སྣ་ ༡༡༠ཙམ་མཉམ་ཞུགས་བྱས་ཡོད་པའི་ནང་། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་ཆེད་མཁས་མི་སྣ་༡༣ཙམ་གྱིས་ཚོགས་ཆེན་གྱི་གླེང་སྟེགས་ཐོག་གཏམ་བཤད་སྤེལ་ཡོད་འདུག
ཉེ་ཆར་གླེང་སྟེགས་ཚོགས་པ་དེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། འབར་མ་མང་གཙོའི་དབུ་ཁྲིད་ལྕམ་ཨང་སང་སུ་སྐྱིད་རྣམ་གཉིས་ Forum 2000 Foundation ༢༠༠༠ལོའི་ཐེགས་རྩའི་གླེང་སྟེགས་ཀྱི་ International Advisory Board རྒྱལ་སྤྱིའི་སློབ་སྟོན་ལྷན་ཚོགས་སུ་ཞུགས་ཡོད་ལུགས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

གསར་འགྱུར། 

