Payday loans
eocash loans
སྐུ་ཉིད་འདིར་འདུག མདུན་ཤོག གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར། ཨ་རིའི་མགྲིན་ཚབ་མས་བོད་དོན་འབོད་སྐུལ་གནང་འདུག

ཨ་རིའི་མགྲིན་ཚབ་མས་བོད་དོན་འབོད་སྐུལ་གནང་འདུག

Email པར་འདེབས།

24-Oct-2012-Nuland-Washington-DC-USརྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༡༠ཚེས་༢༥ཉིན། ཁ་སང་གཟའ་ལྷག་པ་ཉིན་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་མས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་སེམས་འཚབ་ཆེན་པོ་ཡོད་པ་མ་ཟད། རྒྱ་གཞུང་གིས་གང་མགྱོགས་ཀྱིས་བོད་མིའི་འདོད་བློ་མ་ཁེངས་བའི་གནད་དོན་དག་ཐག་གཅོད་གནང་དགོས་པའི་འབོད་སྐུལ་གནང་ཡོད་འདུག

ཁ་སང་ཕྱི་ཚེས་༢༤ཉིན། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་མ་ལྕམ་ཝེ་ཀེ་ཊོ་རི་ཡ་ནོ་ལན་ཌི་(Victoria Nuland)མཆོག་གིས།  ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐད་སེམས་འཚབ་ཆེན་པོ་ཡོད་ལ། རྒྱ་གཞུང་གིས་གང་མགྱོགས་ཀྱིས་བོད་མི་ཚོའི་འདོད་བློ་མ་ཁེངས་པའི་གནད་དོན་ཁག་ཐག་གཅོད་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་མ་ཟད། ལོ་རེ་ནས་ལོ་རེ་བཞིན་ཛ་དྲག་ཅན་དུ་འགྱུར་བཞིན་པའི་བོད་ནང་གི་གནས་སྟངས་ཐག་གཅོད་ཡོང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་ཞེས་དང་།

ཡང་ཁོང་མོས།  ང་ཚོས་ཐོག་མཐའ་བར་གསུམ་དུ་བོད་ནང་རིམ་པར་བྱུང་བའི་རང་ལུས་མེར་སྲེག་གི་དོན་རྐྱེན་སོགས་ཛ་དྲག་གི་གནས་ལ་སེམས་འཚབ་ཆེན་པོ་ཡོད་པ་གསལ་སྟོན་བྱས་ཡོད་ལ།   མ་འོངས་པར་ཡང་ཨ་རིའི་གཞུང་སྒེར་གཉིས་ཀྱི་ངོས་ནས་རྒྱ་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་འཛིན་བྱེད་པར་བཙན་གནོན་དམ་དྲག་བྱེད་བཞིན་པ་མཚམས་འཇོག་ཡོང་བར་འབོད་སྐུལ་བྱ་རྒྱུ་ཡིན་ཅེས་གསུངས་ཡོད་འདུག
ཡང་སྐབས་དེར་གསར་འགོད་པ་ཞིག་ནས་རྒྱ་གཞུང་གིས་གལ་སྲིད་རང་ལུས་མེར་སྲེག་གཏོང་འཆར་ཡོད་མཁན་ཐེར་འདོན་བྱས་ཚེ། ཨ་སྒོར་༨༠༠༠གི་བྱ་དགའ་སྤྲོད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་ཤེས་རྟོགས་བྱུང་ངམ་ཞེས་དྲིས་པར། དེ་ཤེས་རྟོགས་མ་བྱུང་ཡང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐད་སེམས་འཚབ་
ཆེན་པོཡོད་ལུགས་གསུངས་འདུག

དེ་བཞིན་གོང་ཚེས་ཉིན། བོད་མི་མང་སྤྱི་འཐུས་ནས་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འབོད་སྐུལ་གནང་དོན།  རྒྱ་གཞུང་གིས་གཡོ་རྫུན་གྱི་འཁྱོག་བཤད་དེ་དག་ཇི་སྐད་བཤད་པ་ལྟར་གནས་ཚུལ་བདེན་པ་ཡིན་ན།   རྒྱལ་སྤྱིའི་ངོ་བོ་ཅན་གྱི་སྒྲིག་འཛུགས་ཁག་གི་སྐུ་ཚབ་དང་རྒྱལ་ཁབ་ཁག་གི་རྟོག་ཞིབ་པ། དེ་བཞིན་གསར་འགོད་པ་བཅས་བཀག་སྡོམ་མེད་པར་ཤར་གཏོང་གིས་ཞིབ་འཇུག་བྱེད་དུ་འཇུག་པ་དང་།  ཕྱོགས་ལྷུང་གི་སྲིད་བྱུས་བཅོས་བསྒྱུར་ཡོ་བསྲང་གིས་ཐབས་སྡུག་གི་གནས་ཚུལ་དེའི་རིགས་མི་ཡོང་རྒྱུར་འགན་འཁྱེར་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡིན་ཞེས་དང་།


དེ་བཞིན་རྒྱལ་སྤྱིའི་ངོ་བོ་ཅན་གྱི་སྒྲིག་འཛུགས་དང་།  རྒྱལ་ཁབ་ཁག་གིས་ཀྱང་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་།  དྲང་བདེན་ལ་རྒྱབ་སྐྱོར་གྱིས་བོད་ནང་གི་ཛ་དྲག་གི་གནས་ཚུལ་ལ་མངོན་གསལ་དོད་པོས་ངོས་འཛིན་དང་རྒྱབ་སྐྱོར་ཐོག་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་དང།  ཕ་མ་བུ་ཕྲུག་དང་བཟའ་ཟླ་ནང་མི།  ལུས་སྲོག་ལོངས་སྤྱོད་ཡོངས་རྗོགས་བློས་གཏོང་གིས་རྒྱལ་སྤྱིའི་ཐོག་རེ་བའི་མིག་འབུར་གཏོད་པའི་ངོ་རྒོལ་གྱི་ལས་འགུལ་འདི་དག་ལ་བསམ་ཞིབ་ཐོག ཁ་ཡོད་ལག་ཡོད་ཀྱིས་རྒྱབ་སྐྱོར་གནང་རྒྱུར་རེ་སྐུལ་ནན་མོ་བྱེད་རྒྱུ་ཡིན་གསུངས་འདུག

Addthis
མཐའ་མའི་བསྐྱར་བཅོས། ( གཟའ་ཕུར་བུ།, 25 ཕྱི་ཟླ་བཅུ་པ། 2012 21:26 )  


......


བོད་ཨ་མདོ་རྔ་བའི་གླུ་བ་གཉིས་འཛིན་བཟུང་བྱས་ཡོད་སྐོར།

བོད་ཨ་མདོ་རྔ་བའི་གླུ་བ་གཉིས་འཛིན་བཟུང་བྱས་ཡོད་སྐོར།
འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་རྣམ་གཉིས་ཀྱིས་ཕྱི་ལ...

ཆབ་སྲིད་བཙུན་མ་གཉིས་དང་བུ་མོ་ཞིག་བཙོན་གྲོལ་ཐོབ་ཡོད་པ།

ཆབ་སྲིད་བཙུན་མ་གཉིས་དང་བུ་མོ་ཞིག་བཙོན་གྲོལ་ཐོབ་ཡོད་པ།
ཕྱི་ལོ་༢༠༡༣ ཟླ་ ༦ ཚེས་ ༡༤ ཉིན། འདི་གར་གནས་ཚུལ་འབྱོར་གསལ། དཀར་མཛེས་རྫོང་། རུང་ཚ་ཞང་། ཧོར་མི་གྲོང་། རུང་གྲགས་དགོན། ཧོར་མི་...

སློབ་མ་དབང་ཕྱུག་རྡོ་རྗེར་ལོ་བཞིའི་ཁྲིམས་ཐག་བཅད་པ།

སློབ་མ་དབང་ཕྱུག་རྡོ་རྗེར་ལོ་བཞིའི་ཁྲིམས་ཐག་བཅད་པ།
༢༠༡༣ཟླ་༦ཚེས་༡༣ཉིན། དེ་སྔོན་རྨ་ལྷོ་རེབ་གོང་ཁུལ་གྱི་སློབ་གྲ་ཁག་མང་པོའི་སློབ་ཕྲུག་ཚོས་སྐད་ཡིག་རང་དབང་དང་། མི་རིགས་འདྲ་...

ཁམས་རྟའུ་རྫོང་དུ་བཙུན་མ་ཞིག་གིས་རང་ལུས་མེར་སྲེག་བཏང་པ།

ཁམས་རྟའུ་རྫོང་དུ་བཙུན་མ་ཞིག་གིས་རང་ལུས་མེར་སྲེག་བཏང་པ།
ཕྱི་ཟླ་༦ཚེས་༡༢ཉིན། འདི་ཟླའི་ཚེས་༡༡ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་༥པའི་ཐོག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་...

མདོ་ཁམས་འཇང་དགུན་ཆོས་ཆེན་མོ་ཐེངས་ལྔ་པ་ཁམས་རྟའུ་རུ་དབུ་འཛུགས་གནང་ཡོད་པ།

མདོ་ཁམས་འཇང་དགུན་ཆོས་ཆེན་མོ་ཐེངས་ལྔ་པ་ཁམས་རྟའུ་རུ་དབུ་འཛུགས་གནང་ཡོད་པ།
༢༠༡༣ལོའི་ཟླ་༦ཚེས་༡༡ཉིན། རྒྱ་གཞུང་གི་བཀག་འགོག་གིས་བྱས་མིན་ལ་ལྟོས་མེད་མདོ་ཁམས་འཇང་དགུན་ཚོས་ཆེན་མོ་ཐེངས་ལྔ་པ་འདི་ལོར་ཁམས་རྟ...

ཚེ་དབང་གྲགས་པ་ལགས་བཙོན་གྲོལ་ཐོབ་ཀྱང་ནད་པ་ཆགས་འདུག

ཚེ་དབང་གྲགས་པ་ལགས་བཙོན་གྲོལ་ཐོབ་ཀྱང་ནད་པ་ཆགས་འདུག
ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༧ ཉིན། གནས་ཚུལ་མཁོ་སྤྲོད་པས་བརྗོད་གསལ་དུ། ཁམས་བྲག་མགོ་ནས་ཡིན་པའི་ཆབ་སྲིད་བཙོན་པ་ཚེ་དབང་གྲགས་པ་ལག...

མདོ་སྨད་མཚོ་སྔོན་མཚོ་ཤར་ཁུལ་ནས་དགེ་འདུན་པ་གཉིས་ལ་བཙོན་འཇུག་གི་ཁྲིམས་ཆད།

མདོ་སྨད་མཚོ་སྔོན་མཚོ་ཤར་ཁུལ་ནས་དགེ་འདུན་པ་གཉིས་ལ་བཙོན་འཇུག་གི་ཁྲིམས་ཆད།
ཕྱི་ལོ་༢༠༡༣ ཟླ་༦ ཚེས་༦ཉིན། བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གཞུང་གིས་བོད་མདོ་སྨད་མཚོ་སྔོན་མཚོ་ཤར་ས་ཁུལ་ཡ་རྫ...

རྒྱ་གཞུང་གིས་བོད་མིར་བཙོན་འཇུག་དང་བརྒྱུད་ལམ་བཙན་འཕྲོག་བྱས་པ།

རྒྱ་གཞུང་གིས་བོད་མིར་བཙོན་འཇུག་དང་བརྒྱུད་ལམ་བཙན་འཕྲོག་བྱས་པ།
༢༠༡༣ ཟླ་༦ཚེས་༣ཉིན། རྒྱ་གཞུང་གིས་བོད་མགོ་ལོག་པད་མ་རྫོང་ནས་ཡིན་པའི་བོད་མི་རྡོར་ཕྲུག་ལ་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish