Payday loans
Both the applications are very alike payday loans How much do you repay the loan
སྐུ་ཉིད་འདིར་འདུག མདུན་ཤོག གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར། ཀོ་རི་ཡའི་དད་ལྡན་རྣམས་ལ་གསུང་ཆོས་དབུ་འཛུགས་གནང་བ།

ཀོ་རི་ཡའི་དད་ལྡན་རྣམས་ལ་གསུང་ཆོས་དབུ་འཛུགས་གནང་བ།

Email པར་འདེབས།
tibet-teaching-korea-2012རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༡༠ཚེས་༢༩ཉིན། དེ་རིང་ཕྱི་ཚེས་༢༩ཉིན་གྱི་ཞོགས་པ་ཆུ་ཚོད་༩ཙམ་ལ། དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་རི་ཡའི་དད་ལྡན་ནང་པ་ཚོར་ཉིན་གྲངས་གསུམ་རིང་གི་གསུང་ཆོས་དབུ་འཛུགས་གནང་སོང་།

ཀོ་རི་ཡའི་དད་ལྡན་ནང་པ་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། དེ་རིང་ཞོགས་པ་ཆུ་ཚོད་༩ཙམ་ལ་ཐེག་ཆེན་གཙུག་ལག་ཁང་དུ། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གྲངས་གསུམ་རིང་༼དབུ་མ་རྩ་བ་ཤེས་རབ༽ཀྱི་གསུང་ཆོས་དབུ་འཛུགས་གནང་པ་དང་། ཐེངས་འདིའི་གསུང་ཆོས་སྐབས་ཀོ་རི་ཡ་ནས་དད་ལྡན་པ་༢༥༠དང་རྒྱ་ནག་ནས་༢༢། དེ་མིན་གྱི་རྒྱལ་ཁབ་ཁག་༦༢ཙམ་ནས་༡༤༤༦དང་། དེ་བཞིན་དྷ་ས་ཁུལ་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་རིགས་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་༥༠༠༠ལྷག་འཛོམས་འདུག

གསུང་ཆོས་ཀྱི་ཐོག་མར་༧མགོན་པོ་གང་ཉིད་ནས་ཀོ་རི་ཡའི་དད་ལྡན་པ་རྣམས་གཙོ་བོར་བའི་ཆོས་ཞུ་བ་ཡོངས་ལ་འཚམས་འདྲི་དང་བཅས་གསུངས་དོན། ཞི་བདེ་ཟེར་བ་དེ་ནང་སེམས་ཀྱི་ཞི་བདེ་བསྐྱེད་ནས་ཡོང་དགོས་ཀྱི་ཡོད་པ་ལས། ཞི་བདེ་ཟེར་དུས་ཕྱི་ལོག་ནས་འབད་བརྩོན་བྱས་བསྡད་པ་འདྲ་བོ་དང་། ཡིག་ཆ་བཞག་པ་སོགས་ཀྱིས་ཕན་གྱི་ཡོད་པ་མ་རེད། ཞི་བདེ་ངོ་མ་ཞིག་བསྐྲུན་དགོས་ན་ནང་སེམས་ཀྱི་ཞི་བདེ་བསྐྲུན་དགོས་པ་རེད། ཅེས་དང་།

ཡང་ཁོང་གིས་གཞན་གྱི་སེམས་ལ་ཞི་བདེ་བསྐྲུན་པར་རང་གི་སེམས་ལ་ཞི་བདེ་དགོས་པའི་སྐོར་སོགས་ལ་གསུངས་རྒྱུར། ང་རང་ཚོ་ཆོས་པ་ཞིག་དང་ལྷག་པར་དུ་སངས་རྒྱས་པའི་ཆོས་པ་ཞིག་གི་ངོས་ནས་བཤད་པ་ཡིན་ན། སེམས་ཀྱི་ཞི་བདེ་བསྐྲུན་པ་དེ་སོ་སོའི་ཕ་མེས་ནས་ཡོད་པའི་སངས་རྒྱས་པའི་ཆོས་དེ་ཆོ་ག་ཕྱག་ལེན་བྱས་བསྡད་པ་འདྲ་བོ་དང་། རྐྱེན་སེལ་བསྒྲུབ་པ་འདྲ་བོ་ཞིག་མ་ཡིན་པར་གཙོ་བོ་སེམས་རྒྱུད་འདུལ་བའི་ཐོག་ནས་སེམས་ལ་ཞི་བདེ་ཡོང་བའི་སྐོར་ལ་སངས་རྒྱས་པའི་ཆོས་ཀྱི་ནང་དུ་ཐབས་ལམ་མང་པོ་གསུངས་ཡོད་ལ། དེ་ཚོ་ང་རང་ཚོས་ལག་ལེན་བསྟར་དགོས་པ་རེད། འཛམ་བུ་གླིང་འདིའི་ཐོག་སངས་རྒྱས་ཀྱི་ཆོས་སྤེལ་བའི་དོན་དུ་མ་རེད། སོ་སོ་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་དེ་ཉམས་སུ་བླངས་ན་བརྟན་པ་དང་ཡག་པོ་ཡོད་པ་རེད། ཡིན་ནའང་། ང་ཚོ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཞིག་གིས་སངས་རྒྱས་པའི་ཆོས་ཀྱི་ནང་དུ་གསུངས་བཞག་པའི་སེམས་འདུལ་བའི་སྐོར་དེ། ཆོས་མེད་མཁན་ཚོར་གྲོགས་པོ་གྲོགས་མོའི་འདུ་ཤེས་ཀྱི་ཐོག་ནས་བཤད་ཐུབ་པ་ཞིག་དང་། དེ་བཤད་པ་ལ་སངས་རྒྱས་པའི་ཆོས་བྱེད་མཁན་རང་ཉིད་ཀྱི་སེམས་འདུལ་བ་ཞིག་དགོས་པ་རེད། སངས་རྒྱས་པའི་ཆོས་བྱེད་མཁན་ཡིན་ཟེར་ནས་ཆགས་སྡང་གི་དབང་དུ་སོང་བ་ཡིན་ན། སངས་རྒྱས་པའི་ཆོས་པ་ཆགས་ཀྱི་ཡོད་པ་མ་རེད། དེ་འདྲ་ཡིན་དུས། གཞན་ཀྱི་སེམས་ལ་ཞི་བདེ་བསྐྲུན་པ་ལ་རང་གི་སེམས་ལ་ཞི་བདེ་དགོས་པ་རེད་ཅེས་སོགས་གསུངས་སོང་།  

ཐེངས་འདིའི་གསུང་ཆོས་ཀོ་རི་ཡའི་སྐད་དང་དབྱིན་སྐད། ཉི་ཧོང་གི་སྐད། ཨུ་རུ་སིའི་བཅས་སུ་ཐད་བསྒྱུར་གྱིས་དྲ་བྱང་http://dalailama.com/livewebབརྒྱུད་ནས་རྒྱང་སྲིང་ཞུ་བཞིན་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Addthis
མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, 29 ཕྱི་ཟླ་བཅུ་པ། 2012 21:56 )  


......


ཆབ་སྲིད་བཙོན་པ་སོག་རྫོང་བློ་གྲོས་རྒྱ་མཚོ་ལགས་གློད་བཀྲོལ་བཏང་བ།

ཆབ་སྲིད་བཙོན་པ་སོག་རྫོང་བློ་གྲོས་རྒྱ་མཚོ་ལགས་གློད་བཀྲོལ་བཏང་བ།
༢༠༡༣ ཟླ་ ༥ ཚེས་ ༡༩ ཉིན། འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ནག་ཆུ་ས་ཁུལ་སོག་རྫོང་ཁོངས...

རྩོམ་པ་པོ་འགར་རྩེ་འཇིགས་མེད་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཏང་འདུག

རྩོམ་པ་པོ་འགར་རྩེ་འཇིགས་མེད་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཏང་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ཟླ་༥ཚེས་༡༨ཉིན། འདི་ཟླའི་ཚེས་༡༤ཉིན་རྒྱ་གཞུང་གིས་བོད་མི་གཞོན་སྐྱེས་རྩོམ་པ་པོ་འགར་རྩེ་འཇིག...

བོད་དྲག་གནོན་ཆེད་དྲག་ཆས་དམག་མིའི་ཆེད་སྤྱོད་ལག་དེབ།

བོད་དྲག་གནོན་ཆེད་དྲག་ཆས་དམག་མིའི་ཆེད་སྤྱོད་ལག་དེབ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ༥ཚེས་༡༤ཉིན། ༢༠༠༨ལོའི་ཕྱི་ཟླ་༡༠བོད་ཁུལ་བརྟན་ལྷིང་སྲུང་སྐྱོབ་བྱེད་སྐབས་ཀྱི་སེམས་...

རྒྱ་གཞུང་གིས་ལྷ་སའི་གནའ་ཤུལ་རྩ་མེད་གཏོང་གིན་འདུག ༼ལྷ་ས་སྐྱོབས་རོགས།༽

རྒྱ་གཞུང་གིས་ལྷ་སའི་གནའ་ཤུལ་རྩ་མེད་གཏོང་གིན་འདུག ༼ལྷ་ས་སྐྱོབས་རོགས།༽
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ༥ཚེས་༩ཉིན། ཉེ་དུས་ནས་རྒྱ་ནག་གཞུང་གིས་དཔལ་འབྱོར་ཁེ་ཕན་དང་སྤྱི་ཚོགས་བརྟན་ལྷིང་ཞེ...

བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་བཙོན་གྲོལ་ཐོབ་པ།

བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་བཙོན་གྲོལ་ཐོབ་པ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ལོའི་ཟླ་༥ཚེས་༧ཉིན། རྒྱ་ནག་གི་བཙོན་དུ་ཚུད་པའི་བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་སྤྱི...

མི་ལོ་༢༥རྗེས་སུ་བཙོན་གྲོལ་ཐོབ་པའི་བློ་བཟང་བསྟན་འཛིན།

མི་ལོ་༢༥རྗེས་སུ་བཙོན་གྲོལ་ཐོབ་པའི་བློ་བཟང་བསྟན་འཛིན།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ལོའི་ཟླ་༥ཚེས་༤ཉིན། མི་ལོ་༢༥རིང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་བློ་བཟང་བསྟན་འཛིན་ལགས་བ...

བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་དམ་དྲག་ཆེ་རུ་བཏང་བ།

བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་དམ་དྲག་ཆེ་རུ་བཏང་བ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་ ༢༠༡༣ ཟླ ༥ ཚེས ༣ ཉིན། བོད་ནས་གསར་དུ་འབྱོར་བའི་བོད་མི་ཞིག་གིས་འདི་གར་གསར་ཁང་དུ་ག...

བོད་མདོ་སྨད་བྱ་ཁྱུང་དགོན་དུ་རྒྱ་གཞུང་གི་དམ་དྲག

 བོད་མདོ་སྨད་བྱ་ཁྱུང་དགོན་དུ་རྒྱ་གཞུང་གི་དམ་དྲག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་ ༢༠༡༣ ཟླ ༥ ཚེས ༣ ཉིན། མདོ་སྨད་བྱ་ཁྱུང་དགོན་པའི་ནང་དུ་ཉེ་སྔོན་རང་ལུས་མེར་སྲེག་གི་དོན་...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish