Payday loans
Both the applications are very alike payday loans How much do you repay the loan
སྐུ་ཉིད་འདིར་འདུག མདུན་ཤོག གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར། མིའི་རིགས་ཀྱི་རྣམ་དཔྱོད་ཀྱིས་བྱ་དངོས་ཀྱི་གནས་ལུགས་རྟོགས་པར་བྱེད་དགོས།

མིའི་རིགས་ཀྱི་རྣམ་དཔྱོད་ཀྱིས་བྱ་དངོས་ཀྱི་གནས་ལུགས་རྟོགས་པར་བྱེད་དགོས།

Email པར་འདེབས།
D7T_4962རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༡༡ཚེས་༡ཉིན། ཀོ་རི་ཡའི་དད་ལྡན་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་ཉིན་གྲངས་གསུམ་རིང་དྷ་ས་ཐེག་ཆེན་གཙུག་ལག་ཏུ། ༧གོང་ས་མཆོག་གིས་དབུ་མ་རྩ་བ་ཤེས་རབ་བཀའ་འཁྲིད་གནང་ནས་ཉིན་མཐའ་མ་དེར། ༧མགོན་པོ་གང་ཉིད་ཀྱིས་ཀོ་རི་ཡའི་དད་ལྡན་རྣམས་གཙོ་བོར་གྱུར་བའི་ཆོས་ཞུ་བ་རྣམས་ལ་བཀའ་དབང་དང་སྡོམ་པ་འབོགས་འཇོག་བཅས་གནང་ཡོད་འདུག

སྐབས་དེར་༧མགོན་པོ་གང་ཉིད་ཀྱིས་ང་ཚོ་རང་ཉིད་ལ་བདག་གཅེས་བྱེད་བཞིན་ཡོད་པས་སེམས་ཅན་གཞན་རྣམས་ལའང་བསམ་ཤེས་དང་། གཞན་གྱི་དཀའ་ངལ་སེལ་བར་བྱེད་དགོས་པ་རེད། དཔེར་ན། ཁྱེད་ཀྱིས་སྲིན་བུ་ཞིག་ལ་མཇུབ་མོ་ཐུག་པ་ཡིན་ན། སྲིད་བུ་དེ་འཕྲལ་དུ་འཕུར་འགྲོ་ངེས་རེད། དེའི་ཐོག་ནས་སྲིད་བུར་ཡང་དཀའ་སྡུག་མྱོང་འདོད་མེད་པ་གསལ་བོ་མཚོན་ཡོད་པ་རེད། ང་ཚོས་ངེས་པར་དུ་ང་ཚོ་མིའི་རིགས་ཀྱི་རྣམ་དཔྱོད་བེད་སྤྱད་དེ་ཅ་དངོས་ཀྱི་གནས་ལུགས་རྟོགས་པར་བྱེད་དགོས་པའི་སྐོར་སོགས་བཀའ་སློབ་ལམ་སྟོན་གནང་ཡོད་འདུག

ཀོ་རི་ཡའི་དགེ་འདུན་པ་བྷམ་གྷོག་(Bumguk)ལགས་ཀྱིས་གསར་འགོད་པར་བརྗོད་རྒྱུར། དུས་ཡུན་ཐུང་ཐུང་ཉིན་གསུམ་ཙམ་གྱི་རིང་གི་༧གོང་ས་མཆོག་གི་བཀའ་སློབ་དེ་ཚོ་ཧ་ཅང་གལ་ཆེན་ཤ་སྟག་ཡིན་ལ། དེ་རིང་ང་རང་སེམས་པ་ཧ་ཅང་སྐྱིད་པོ་འདུག  དེ་རིང་འདིར་ཕེབས་པའི་ཀོ་རི་ཡའི་ནང་པ་མང་པོས་མི་ལོ་༡༠ལྷག་གི་རིང་ལ་ནང་ཆོས་ལ་སློབ་སྦྱོང་བྱས་ཡོད་ལ། ད་ཐེངས་འདིར་ཡོང་ནས་༧གོང་ས་མཆོག་གི་མདུན་ནས་གསུང་ཆོས་ཞུ་བའི་གོ་སྐབས་བྱུང་བ་ཧ་ཅང་ལེགས་པོ་བྱུང་། ཞེས་སོགས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་༤ཉིན་ནས་༡༣བར༧མགོན་པོ་གང་ཉིད་ཀྱིས་ཉི་ཧོང་གི་ནང་དུ་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དང་། དེ་བཞིན་མི་མང་ལ་༼རྐྱེན་ངན་བྱུང་སྐབས་བཟང་ཕྱོགས་ཀྱི་རེ་བ་༽་དང་།  ཚན་རིག་པ་དང་དགེ་འདུན་པ། ནང་པའི་མཁས་དབང་བཅས་ལྷན་འཛོམས་ཐོག་ནང་ཆོས་ཕྱི་ནང་གི་མཚན་རིག དེ་བཞིན་དཀའ་ངལ་ལས་འགྲོལ་བའི་ནུས་ཤུགས་དང་། མ་འོངས་པའི་མི་རབས་གཞོན་པའི་སྐོར་སོགས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་གནང་རྒྱུ་ཡིན་འདུག

Addthis
མཐའ་མའི་བསྐྱར་བཅོས། ( གཟའ་ལྷག་པ།, 31 ཕྱི་ཟླ་བཅུ་པ། 2012 20:42 )  


......


ཆབ་སྲིད་བཙོན་པ་སོག་རྫོང་བློ་གྲོས་རྒྱ་མཚོ་ལགས་གློད་བཀྲོལ་བཏང་བ།

ཆབ་སྲིད་བཙོན་པ་སོག་རྫོང་བློ་གྲོས་རྒྱ་མཚོ་ལགས་གློད་བཀྲོལ་བཏང་བ།
༢༠༡༣ ཟླ་ ༥ ཚེས་ ༡༩ ཉིན། འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ནག་ཆུ་ས་ཁུལ་སོག་རྫོང་ཁོངས...

རྩོམ་པ་པོ་འགར་རྩེ་འཇིགས་མེད་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཏང་འདུག

རྩོམ་པ་པོ་འགར་རྩེ་འཇིགས་མེད་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཏང་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ཟླ་༥ཚེས་༡༨ཉིན། འདི་ཟླའི་ཚེས་༡༤ཉིན་རྒྱ་གཞུང་གིས་བོད་མི་གཞོན་སྐྱེས་རྩོམ་པ་པོ་འགར་རྩེ་འཇིག...

བོད་དྲག་གནོན་ཆེད་དྲག་ཆས་དམག་མིའི་ཆེད་སྤྱོད་ལག་དེབ།

བོད་དྲག་གནོན་ཆེད་དྲག་ཆས་དམག་མིའི་ཆེད་སྤྱོད་ལག་དེབ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ༥ཚེས་༡༤ཉིན། ༢༠༠༨ལོའི་ཕྱི་ཟླ་༡༠བོད་ཁུལ་བརྟན་ལྷིང་སྲུང་སྐྱོབ་བྱེད་སྐབས་ཀྱི་སེམས་...

རྒྱ་གཞུང་གིས་ལྷ་སའི་གནའ་ཤུལ་རྩ་མེད་གཏོང་གིན་འདུག ༼ལྷ་ས་སྐྱོབས་རོགས།༽

རྒྱ་གཞུང་གིས་ལྷ་སའི་གནའ་ཤུལ་རྩ་མེད་གཏོང་གིན་འདུག ༼ལྷ་ས་སྐྱོབས་རོགས།༽
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ༥ཚེས་༩ཉིན། ཉེ་དུས་ནས་རྒྱ་ནག་གཞུང་གིས་དཔལ་འབྱོར་ཁེ་ཕན་དང་སྤྱི་ཚོགས་བརྟན་ལྷིང་ཞེ...

བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་བཙོན་གྲོལ་ཐོབ་པ།

བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་བཙོན་གྲོལ་ཐོབ་པ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ལོའི་ཟླ་༥ཚེས་༧ཉིན། རྒྱ་ནག་གི་བཙོན་དུ་ཚུད་པའི་བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་སྤྱི...

མི་ལོ་༢༥རྗེས་སུ་བཙོན་གྲོལ་ཐོབ་པའི་བློ་བཟང་བསྟན་འཛིན།

མི་ལོ་༢༥རྗེས་སུ་བཙོན་གྲོལ་ཐོབ་པའི་བློ་བཟང་བསྟན་འཛིན།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ལོའི་ཟླ་༥ཚེས་༤ཉིན། མི་ལོ་༢༥རིང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་བློ་བཟང་བསྟན་འཛིན་ལགས་བ...

བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་དམ་དྲག་ཆེ་རུ་བཏང་བ།

བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་དམ་དྲག་ཆེ་རུ་བཏང་བ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་ ༢༠༡༣ ཟླ ༥ ཚེས ༣ ཉིན། བོད་ནས་གསར་དུ་འབྱོར་བའི་བོད་མི་ཞིག་གིས་འདི་གར་གསར་ཁང་དུ་ག...

བོད་མདོ་སྨད་བྱ་ཁྱུང་དགོན་དུ་རྒྱ་གཞུང་གི་དམ་དྲག

 བོད་མདོ་སྨད་བྱ་ཁྱུང་དགོན་དུ་རྒྱ་གཞུང་གི་དམ་དྲག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་ ༢༠༡༣ ཟླ ༥ ཚེས ༣ ཉིན། མདོ་སྨད་བྱ་ཁྱུང་དགོན་པའི་ནང་དུ་ཉེ་སྔོན་རང་ལུས་མེར་སྲེག་གི་དོན་...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish