རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༡༡ཚེས་༡ཉིན། ཁེ་ན་ཌས་རྒྱ་ནག་དང་ཨ་སྒོར་ས་ཡ་༡༥།༡ཀྱི་མ་གནས་ Oil giant Nexen རྡོ་སྣུམ་ཚོང་འབྲེལ་ལ། ཉེ་ཆར་ཕྱི་ཟླ་༡༠པའི་ཚེས་༣༡ཉིན་ཁེ་ན་ཌ་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ་ཤུགས་ཆེ་བྱས་འདུག ངོ་རྒོལ་བ་རྣམས་ཀྱིས་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠པ་ནས་༡༢བར་ཁེ་ན་ཌའི་ཕྱི་འབྲེལ་ལས་ཁུངས་དང་། རྒྱལ་སྤྱིའི་ཚོང་དོན་ལྷན་ཁང་མདུན་དུ་འདུ་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་བྱས་འདུག་པ་དང་། ཁེ་ན་ཌའི་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་འབའ་སྡེ་ཚང་ཨོ་རྒྱན་ལགས་ཀྱིས། “This deal is bad for Canada, and it is bad for Tibet,” ཚོང་འབྲེལ་འདི་ནི་བོད་དང་ཁེ་ན་ཌ་གཉིས་ཀར་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་རེད། རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་། བོད་ནང་གཏེར་ཁ་སྔོག་འདོན་སོགས་ཀྱིས་རྐྱེན་པས་བོད་མི་ཞིང་འབྲོག་པ་ས་ཡ་མང་པོའི་འཚོ་བ་ལ་གཏོར་བཤིག་གཏོང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་དེར་ངོ་རྒོལ་གྱིས་བོད་མི་མང་པོ་ཞིག་གིས་རང་ལུས་མེར་སྲེག་གཏོང་བཞིན་ཡོད།
རྒྱ་ནག་གཞུང་གིས་རང་བྱུང་གཏེར་ཁ་སྔོག་འདོན་གྱིས་རྐྱེན་པས་བོད་མི་མང་པོ་ཞིག་གི་ཚེ་སྲོག་ལ་གནོད་སྐྱོན་ཐེབས་ཀྱིན་ཡོད་སྟབས། ཁེ་ན་ཌ་སྲིད་གཞུང་གིས་ཀྱང་རང་གི་ལུང་པའི་ནང་རང་བྱུང་གི་གཏེར་ཁ་དེ་དག་རྒྱ་ནག་གཞུང་ལ་ཅི་ནས་ཀྱང་ཚོང་སྒྱུར་མི་བྱེད་པའི་རེ་སྐུལ་ཞུ་བཞིན་ཡོད་ཅེས་སོགས་གསུངས་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

གསར་འགྱུར། 

