Payday loans
Both the applications are very alike payday loans How much do you repay the loan
སྐུ་ཉིད་འདིར་འདུག མདུན་ཤོག གསར་འགྱུར། བོད་གནས་གསར་འགྱུར། རོང་འབྲོག་ཁུལ་གྱི་སློབ་མ་རེར་རྒྱ་སྒོར་༢༠༠༠རེ་སྤྲོད་རྒྱུ་ཡིན་ཟེར།

རོང་འབྲོག་ཁུལ་གྱི་སློབ་མ་རེར་རྒྱ་སྒོར་༢༠༠༠རེ་སྤྲོད་རྒྱུ་ཡིན་ཟེར།

Email པར་འདེབས།
02march201109811009རྒྱལ་སྤྱིའི་བོད་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༣ཚེས་༢ཉིན། རྒྱ་གཞུང་གིས་རོང་འབྲོག་ཁུལ་གྱི་སློབ་ལོ་ལོན་པའི་བྱིས་པ་ཁྲི་༥༠ལྷག་ཚུད་པའི་སློབ་གྲྭ་ཁག་གི་སློབ་མ་ཚོར། སློབ་གསོའི་སྲིད་བྱུས་གསར་བ་ཞིག་གཏན་འབེབས་བྱེད་འཆར་ཡོད་ཅེས་བརྗོད་འདུག

རེས་གཟའ་ཟླ་བ་ཉིན། སློབ་གསོ་ཁང་གི་མགྲིན་ཚབ་པ་ཚེ་རིང་རྡོ་རྗེ་ཡིས་རོང་འབྲོག་ཁུལ་གྱི་སློབ་གསོའི་གནས་ཚད་གོང་དུ་སྤེལ་བའི་ཆེད་དུ། སྲིད་གཞུང་ནས་སློབ་མའི་རོགས་དངུལ་ལྡབ་གཅིག་གིས་འཕར་སྣོན་བྱས་སྟེ་ད་ལོར་རྒྱ་སྒོར་དུང་ཕྱུར་༡་༠༡ཙམ་གྱིས་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་དང༌། ཡང་ཁོང་གིས། རོང་འབྲོག་ཁུལ་ནས་ཡིན་པའི་བྱིས་པ་ཚོར་བྱིས་སློབ་ཁང་ནས་བཟུང་མཐོ་འབྲིང་བར་དུ་མི་རེར་རྒྱ་སྒོར་༢༠༠༠རེ་སྤྲོད་རྒྱུ་དང་དེའི་ཐོག ལོ་ལྟར་སློབ་སྦྱོང་མཁོ་ཆས་དང་ཟས་གོས་གནས་མལ་སོགས་ཀྱི་ཐོག་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་འདུག

དེ་བཞིན་རྒྱ་ནག་གི་ཤིན་ཧྭ་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་གཞུང་ནས་བོད་རིགས་བྱིས་པ་ཚོར་རིན་མེད་ཀྱི་ཐོག་ནས་སློབ་སྦྱོང་གི་གོ་སྐབས་ཕུན་སུམ་ཚོགས་པོ་ཞིག་ཐོབ་པའི་ཆེད་དུ། ཕྱི་ལོ་༡༩༨༥ལོ་ནས་བཟུང་རོང་འབྲོག་ཁྱིམ་གྱི་བྱིས་པ་ཚོར་རོགས་དངུལ་སྤྲོད་ཀྱི་ཡོད་ནའང༌། དེའི་ནང་དུ་བྱིས་སློབ་ཁང་གི་བྱིས་པ་ཚོ་ཚུད་མེད་པ་རེད་པས། ད་ལྟ་བྱིས་སློབ་ཁང་དང་སློབ་ཆུང༌། དེ་བཞིན་དམའ་འབྲིང་བཅས་འགྲིམས་བཞིན་པའི་ཡོང་སྒོ་ཉུང་བའི་ཁྱིམ་ཚང་གི་བྱིས་པ་ཚོར་དམིགས་ནས་རྒྱ་སྒོར་ས་ཡ་༡༠ཙམ་གྱི་འགྲོ་གྲོན་བཏང་ཏེ་རོགས་སྐྱོར་བྱ་རྒྱུ་ཡིན་པ་མ་ཟད། བྱ་དགའི་དངུལ་སོགས་སྤྲོད་རྒྱུ་ཡིན་ཞེས་བརྗོད་འདུག

ཡིན་ནའང༌། བོད་རིགས་ཆེད་ལས་པ་ཚོས་རྒྱ་ནག་གི་སློབ་གསོའི་ལས་གཞི་ཁག་ལ་རྒྱུས་ལོན་བྱས་པ་ལྟར་ན། ཕྱི་ལོ་༢༠༠༥ལོའི་ཡར་སྔོན་དུ་བོད་རང་སྐྱོང་ལྗོངས་སུ་བཙུགས་པའི་སློབ་གྲྭ་ཁག་གི་སློབ་མ་བརྒྱ་ཆ་༧༡རྒྱ་རིགས་དང༌། བརྒྱ་ཆ་༢༩བོད་རིགས་ཡིན་པ་དང༌། བོད་ལྗོངས་མི་རིགས་སློབ་གྲྭ་རུ་སློབ་མ་༩༣༨ཡོད་པའི་ནང་དུ་བོད་རིགས་སློབ་མ་༢༢༧ཙམ་མེད་པ་ཤེས་རྟོགས་བྱུང་ཡོད་པ་རེད། གལ་སྲིད་རྒྱ་གཞུང་གིས་བཤད་པ་ལྟར་བོད་རང་སྐྱོང་ལྗོངས་སུ་རྒྱ་རིགས་བརྒྱ་ཆ་༤ལས་མེད་པ་ཡིན་ན། བརྒྱ་ཆ་༤ལས་མེད་པའི་མི་འབོར་གྱིས་སློབ་གསོའི་སྒྲིག་འཛུགས་ཀྱི་ཆ་ཤས་བརྒྱ་ཆ་༧༡བརྒལ་བ་བཟུང་ཡོད་པ་དེ་དངོས་ཡོད་གནས་སྟངས་དང་འགལ་བའི་གནད་དོན་ཆེན་པོ་ཞིག་རེད་བརྗོད་ཀྱི་ཡོད་པ་རེད།

ཕྱི་ལོ་༢༠༠༥ལོའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མའི་བསྡོམས་གྲངས་ཀྱི་ཐོ་གཞུང་ནང་དུ། སློབ་གྲྭ་དེར་བོད་རིགས་སློབ་མ་༡༠༡༨ཡོད་པ་དང༌། རྒྱ་རིགས་སློབ་མ༢༠༨ཡོད་ཅེས་བཀོད་ཡོད་ཀྱང༌། སློབ་མཐར་ཕྱིན་པའི་སློབ་མ་ཚོའི་གྲངས་འབོར་ཕན་ཚུན་བསྡུར་བ་ཡིན་ན། ཚན་རིག་དང་ལག་རྩལ་གྱི་སློབ་ཚན་འདེམས་མཁན་བོད་རིགས་སློབ་མ་བརྒྱ་ཆ་༧༠ལྷག་ཟིན་གྱི་ཡོད་ཀྱང༌། སློབ་ཐོན་བྱུང་བའི་བོད་རིགས་སློབ་མ་བརྒྱ་ཆ་༢༦ཙམ་ལས་མེད་པ་གསལ་བོར་ཆགས་ཡོད་པ་རེད།

རྒྱ་གཞུང་གིས་འགྲེམས་སྤེལ་བྱས་པའི་ཕྱི་ལོ་༢༠༠༩ལོའི་ལོ་མཇུག་གི་བོད་རང་སྐྱོང་ལྗོངས་ཀྱི་མི་འབོར་རྩིས་བཤེར་གྱི་ཐོ་གཞུང་དུ། ༢༠༠༩ལོའི་བོད་རིགས་ཀྱི་གྲངས་འབོར་དེ་༡༩༥༩ལོ་ལས་ས་ཡ་༢་༩མང་དུ་སོང་ཡོད་ལུགས་བཀོད་ཡོད་པ་དང༌། ཡང་མི་འབོར་རྩིས་བཤེར་གྱི་ཡིག་ཆ་གཞན་ཞིག་གི་ནང་དུ་ཕྱི་ལོ་༡༩༥༩ལོའི་བོད་མིའི་གྲངས་འབོར་ས་ཡ་༡དེ་༢༠༠༨ལོར་ས་ཡ་༢་༧འཕར་ཡོད་ཚུལ་བཀོད་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Addthis
མཐའ་མའི་བསྐྱར་བཅོས། ( གཟའ་ལྷག་པ།, 02 ཕྱི་ཟླ་གསུམ་པ། 2011 16:20 )  


......


རྒྱ་ནག་དམར་པོའི་གཞུང་གི་སོ་མྱུལ་བ་བོད་མི་ཞིག་འཛིན་བཟུངབྱས་ཡོད་འདུག།

རྒྱ་ནག་དམར་པོའི་གཞུང་གི་སོ་མྱུལ་བ་བོད་མི་ཞིག་འཛིན་བཟུངབྱས་ཡོད་འདུག།
ཕྱི་ལོ་༢༠༡༣ཟླ་༥ ཚེས་༢༣ ཉིན། བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཏང་གསལ། རྒྱ་ནག་གི་སྐབས་དགུ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བོད་རང་སྐྱོང་ལྗོ...

ཨ་རུ་ན་ཅལ་དུ་བོད་དོན་ཞུ་གཏུག་ལས་འགུལ་མཇུག་བསྒྲིལ།

ཨ་རུ་ན་ཅལ་དུ་བོད་དོན་ཞུ་གཏུག་ལས་འགུལ་མཇུག་བསྒྲིལ།
༢༠༡༣ལོའི་ཟླ་༥ཚེས་༢༣ཉིན། ཨ་རུ་ན་ཅལ་མངའ་སྡེའི་ཞུ་གཏུག་ལས་འགུལ་དེར་སྤྱི་ཁྱབ་བློན་ཆེན་དང་སྲིད་དོན་ཚོགས་པ་ཁག་གི་དབུ་ཁྲིད་ཚོས་བོད་དོན་ཐོག་མཐའ་གཅིག...

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་སྐད་འབོད།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་སྐད་འབོད།
༢༠༡༣ཟླ་༥ཚེཟ་༢༠ཉྀན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞོགས་པའི་ཆུ་ཚོད་བཅུ་གཅིག་ཙམ་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་གསུམ་གྱིས་རྒྱ་ནག་གི་སྲིད...

རྒྱབ་ཤ་དཀར་པོ་ཞེས་པའི་སྙན་ཐོ་སླར་ཡང་བསྐྱར་ཞིབ་གནང་བ།

རྒྱབ་ཤ་དཀར་པོ་ཞེས་པའི་སྙན་ཐོ་སླར་ཡང་བསྐྱར་ཞིབ་གནང་བ།
༢༠༡༣ ཟླ་༥ཚེས་༢༠ཉིན།  འདི་ལོའི་ཟླ་༥ཚེས་༡༨ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་་བོད་ནང་དུ་རང་ལུས་མེར་སྲེག་གི་དོན་རྐྱེན་སྐོར་གྱི་ཞིབ་ཕྲ...

རྒྱལ་ས་ལྷ་སའི་ཆོད་དད་ཁོར་ཡུག་གཏོར་བཤིག་མཚམས་འཇོག་དགོས།

རྒྱལ་ས་ལྷ་སའི་ཆོད་དད་ཁོར་ཡུག་གཏོར་བཤིག་མཚམས་འཇོག་དགོས།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ཟླ་༥ཚེས་༡༨ཉིན།   ༢༠༡༣ལོའི་ཟླ་༥ཚེས་༡༦ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་ཁུལ་དུ་རྒྱ་ནག་གཞུང་གིས་བོད་...

བཞུགས་སྒར་དུ་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཉིན་མོ་སྲུང་བརྩི།

 བཞུགས་སྒར་དུ་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཉིན་མོ་སྲུང་བརྩི།
༢༠༡༣ ཟླ་ ༥ ཚེས་༡༨ ཉིན། ཕྱི་ལོ་༢༠༡༣ ཟླ་༥ ཚེས་༡༧ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༤བའི་ཐོག་ཐེགས་ཆེན་གཙུག་ལག་ཁང་གི་འོག་འཆམ་དུ་དབུས་བོད་མིའི་སྒྲིག་འཛུགས་...

རྒྱ་གར་གྲོས་ཚོགས་སུ་བོད་དོན་ཐོག་གྲོས་ཆོད་སླེབས་ཚེ་རྒྱབ་སྐྱོར་བྱེད་རྒྱུ་ཡིན།

རྒྱ་གར་གྲོས་ཚོགས་སུ་བོད་དོན་ཐོག་གྲོས་ཆོད་སླེབས་ཚེ་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
ཕྱི་ལོ་༢༠༡༣ཟླ་༥ཚེས་༡༦ཉིན་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཝ་ཊིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་ཚོགས་ཆུང་ནས་ཉིན་དྲུ...

སིམ་ལ་རུ་བོད་དོན་ཆེད་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་ཡོད་པ།

སིམ་ལ་རུ་བོད་དོན་ཆེད་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་ཡོད་པ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ལོའི་ཟླ་༥ཚེས་༡༠ཉིན། སིམ་ལ་དབྱངས་ཅན་དགའ་ཚལ་གླིང་གི་ལོ་འཁོར་སྤྱི་རིམ་༢༠༡༣།༥།༡ནས་༢༠༡༣།༥།༧བར་ཉིན་གྲངས་བདུན་གྱི་...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish