སྐུ་ཉིད་འདིར་འདུག མདུན་ཤོག གསར་འགྱུར། བོད་གནས་གསར་འགྱུར། རྨས་སྐྱོན་ཕོག་པའི་བོད་མི་ཞིག་གིས་རྒྱལ་སྤྱིའི་གསར་འགོད་པར་འབོད་སྐུལ།

རྨས་སྐྱོན་ཕོག་པའི་བོད་མི་ཞིག་གིས་རྒྱལ་སྤྱིའི་གསར་འགོད་པར་འབོད་སྐུལ།

Email པར་འདེབས། PDF
28may20093

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༥པའི་ཚེས༢༨ཉིན་སྤེལ།བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་སྔར་ལོར་དཀར་མཛེས་རྫོང་ཐོག་ཏུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ཞི་བའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མི་བཞི་ལ་གསར་འགོད་གསལ་བསྒྲགས་ཤིག་གོ་སྒྲིག་གནང་ཞིང༌། རྒྱལ་སྤྱིའི་གསར་འགོད་མི་སྣ་༣༠ལྷག་གསར་འགོད་གསལ་བསྒྲགས་ཐོག་འདུ་འཛོམས་བྱུང་ཡོད་པ་རེད།

ཐེངས་འདིའི་གསར་འགོད་གསལ་བསྒྲགས་ཐོག་སྔར་ལོའི་ཞི་རྒོལ་ཆེན་མོར་མཉམ་ཞུགས་གནང་རྐྱེན། རྒྱ་གཞུང་གི་བཙན་དབང་མནར་གཅོད་འོག་སྡོད་ཐབས་བྲལ་ཏེ་ཉེ་འཆར་རྒྱ་གར་ནང་བྲོས་བྱོལ་ལ་ཕེབས་ཡོང་མཁན་ཚེ་རིང་འགྱུར་མེད་ལགས་དང། མ་འདུས་མགོན་པོ།ཚེ་དབང་དོན་འགྲུབ།བློ་བཟང་ཐུབ་བསྟན་སོགས་ངོ་ཕེབས་གནང་ཡོད་ཁར།ཁོང་ཚོས་སྔར་ལོའི་ཞི་རྒོལ་ཆེན་མོ་སྐབས་ཀྱི་མཐོང་ཐོས་མྱོང་གསུམ་གསར་འགོད་པར་ངོ་སྤྲོད་དང་སྒྲོག་འདོན་གནང།

ཚེ་རིང་འགྱུར་མེད་ལགས་ནི་དཀར་མཛེས་རྫོང་ལྷོ་པ་ཤང།ཕུག་ཡུལ་ནང།ཕ་རི་ཚང་གི་ཕ་ཟླ་བ་དོན་འགྲུབ་དང་། མ་དཔལ་བདེ་སྐྱིད་གཉིས་སུ་སྐྱེས་ཤིང།ཕྱི་ལོ༢༠༠༨ལོའི་ཟླ༣པའི་ཚེས༡༨ཉིན་དཀར་མཛེས་རྫོང་ཐོག་ཏུ་དཀར་མཛེས་གསེར་ཆུ་སྟེང་ནས་ཡིན་པ་ཆུ་ཁ་ཚང་གི་དངོས་དགའ་གཙོས་མི་བཅུ་ཕྲག་ལྷག་གིས་སྣེ་ཁྲིད་དེ་མི་དམངས་ཞི་རྒོལ་ཆེན་མོ་བྱས་སྐབས་མཉམ་ཞུགས་བྱས་ཏེ་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་འདུག མ་འདུས་མགོན་པོ་ནི་མདོ་ཁམས་ཤར་ཕྱོགས་དཀར་མཛེས་རྫོང།སེ་ངོ་ཤང།ཀ་རྡོག་གྲོང་དུ་ཕ་དགེ་ལུ་དང་། མ་བློ་བཟང་མཚོ་གཉིས་སུ་སྐྱེས་ཤིང།དེ་ཡང་ཕྱི་ལོ༢༠༠༨ལོའི་ཟླ༣པའི་ཚེས༡༨ཉིན་ཆུ་ཚོད་དང་པོ་དང་སྐར་མ༥༠ཙམ་ལ་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་གནང་རྐྱེན།དཀར་མཛེས་རྫོང་སྤྱི་བདེ་ཅུས་རང་ནས་ཕྱི་ཟླ༣པའི་ཚེས༡༨ཉིན་བྲོས་བྱོལ་དུ་སོང་བ་དཀར་མཛེས་དགོན་གྱི་དབུ་ཟུར་ཚེ་བརྟན་ཕུན་ཚོགསདང༌། རྩིས་ཚང་དགོན་གྱི་གྲྭ་ཚེ་རིང་འགྱུར་མེད།བུ་མོ་ཞའོ་མེན་མེན།མ་འདུས་མགོན་པོ་བཅས་མི་བཞི་ཅན་ཞིག་འཇུ་བཟུང་བཀའ་རྒྱ་གང་སར་བཀྲམ་པ་མ་ཚད། ཁོང་རྣམས་རྩིས་སྤྲོད་བྱེད་མཁན་བྱུང་ཚེ་རྒྱ་སྒོར་ཁྲི༢༥ནས༢༠བར་བྱ་དགའ་སྤྲད་རྒྱུ་ཡིན་ལུགས་སོགས་གསར་ལམ་དང་བརྙན་འཕྲིན་ཁག་ཏུ་སྤེལ་འདུག

ཚེ་དབང་དོན་འགྲུབ་ལགས་ནི་བྲག་མགོ་རྫོང།ཏྲེ་ཧོར་ཤང་། ཆོག་རི་སྒོ་རོང་གྲོང་དུ་ཕ་བསྟན་འཛིན་གྲགས་པ་དང༌།མ་ནོར་བུ་ལྷ་སྒྲོན་གཉིས་སུ་སྐྱེས་ཤིང།རྒྱ་གཞུང་གིས་བོད་མི་རིགས་ཚོར་བསམ་བློ་བཅོས་བསྒྱུར་དང༌། བཙན་ཐོད་ཀྱིས་ྋགོང་ས་མཆོག་ལ་མཚན་སྨོད་བྱེད་དུ་འཇུག་བཞིན་པའི་སྲིད་བྱུས་ངན་རྒུ་ལ་ངོ་རྒོལ་གནད་སླད།སྔར་ལོའི་ཟླ༣པའི་ཚེས༢༤ཉིན་དཀར་མཛེས་རྫོང་ཐོག་ཏུ་རྒྱ་གཞུང་ལ་རྒོལ་བའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་ནང་ཞུགས་པ་མ་ཟད།རྒྱ་གཞུང་གི་དམིགས་བསལ་དྲག་སྤྱོད་དམག་མིའི་མེ་མདའི་འོག་འཆི་ལ་ཉེ་བའི་བོད་མི་གྲྭ་བ་ངོ་རྒོལ་བ་ཞིག་རང་ཉིད་ཀྱི་སྲོག་ཉེན་ལ་མ་འཛེམས་པར་སྐྱོབ་སྐབས།ཁོའི་ལག་གཡོན་པར་རྒྱ་དམག་གི་མེ་མདའ་ཕོག་སྟེ་ལག་ཡ་གཅིག་ཞ་བོ་ཆགས་ཡོད་འདུག

28may20094ཞི་རྒོལ་བྱུང་རྗེས་ཚེ་རིང་དོན་འགྲུབ་དང་ཁོའི་སྤུན་ཟླ་གཉིས་རི་ལ་བྲོས་ཏེ་ཡིབ་སྐོང་བྱ་དགོས་བྱུང་ཞིང། ཁོའི་ཞང་པོ་ཞིག་རྒྱ་གཞུང་གིས་འཇུ་བཟུང་བཙོན་འཇུག་བྱས་ཡོད་འདུག

སྔར་ལོའི་ཟླ༣པའི་ཚེས༢༥ཉིན་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད་ཕོག་པའི་སེར་མོ་བ་དང་སྐྱ་བོ་དག་ནི།དབང་མོ།ཡེ་ཕུང་སྒྲོན་གཡང་། སྒྲོལ་མ།དབྱངས་མཚོ། སྐལ་བཟང། རྡོར་རྗེ་བཅས་ཡིན་ཞིང།ཨ་ནེ་མཁའ་འགྲོ་ལྷ་མོ། ཆོས་སྒྲོན། གཡང་མཚོ་གསུམ་ལོ༧གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ཁར། བསོད་ནམས་ཡར་འཕེལ་ལགས་རྒྱ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པའི་ཁག་འཛུགས་ཉེས་འདོགས་འོག་ལོ༡༠། དེ་མིན་བློ་བཟང་ཡར་འཕེལ་ལགས་ལོ༣དང༌། རྡོ་རྗེ་ལགས་སམ་ཁམས་ཕང་ལོ༤བཙོན་འཇུག་ཁྲིམས་ཆད་ཕོག་ཡོད་འདུག བློ་བཟང་ཐུབ་བསྟན་ལགས་ནི་བྲག་འགོ་རྫོང་། ཏྲེ་ཧོར་ཤང། ཆོག་རི་སྒོ་ལ་གྲོང་དུ་སྐྱེས་ཤིང་། སྔར་ལོའི་ཟླ༣པའི་ཚེས༢༤ཉིན་རྒྱ་གཞུང་ལ་རྒོལ་བའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་ནང་མཉམ་ཞུགས་གནང་ཡོད་འདུག

མཐའ་མའི་བསྐྱར་བཅོས། ( གཟའ་ཕུར་བུ།, 28 ཕྱི་ཟླ་ལྔ་པ། 2009 19:31 )  



......


༧གོང་ས་མཆོག་གི་གསུང་ཨམ་སྐད་དུ་བསྒྱུར་འདུག

༧གོང་ས་མཆོག་གི་གསུང་ཨམ་སྐད་དུ་བསྒྱུར་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༧ཚེས་༧ཉིན། བཞུགས་སྒར་དྷ་རམ་ས་ལར་བརྟེན་གཞི་བྱས་ཡོད་པའི་རིགས་ལམ་སློབ་གཉེར་ཁང་གིས་འགན་འཁུར་འོག ༧གོང་ས...

རྒྱ་བོད་དབྱིན་གསུམ་གྱི་གསར་བྱུང་རྒྱུན་བཀོལ་མིང་མཛོད།

རྒྱ་བོད་དབྱིན་གསུམ་གྱི་གསར་བྱུང་རྒྱུན་བཀོལ་མིང་མཛོད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༧ཚེས་༡ཉིན། གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གཙོས་བོད་ནང་གི...

རྒྱ་གཞུང་གིས་ཡར་ལུང་གཙང་པོར་ཆུ་རཌ་རྒྱག་འཆར།

རྒྱ་གཞུང་གིས་ཡར་ལུང་གཙང་པོར་ཆུ་རཌ་རྒྱག་འཆར།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༥ཚེས་༢༥ཉིན། རྒྱ་ནག་གཞུང་གིས་བོད་ནང་གི་ཡར་ལུང་གཙང་བོར་ཆུ་རགས་རྒྱག་པའི་འཆར་འགོད་བྱེད་ཀྱིན་འདུག་ལ། ད...

ཆུ་རགས་རྒྱག་དོན་ནི་ཆུ་གློག་མཁོ་འདོན་བྱ་ཆེད་ཡིན་ཟེར།

ཆུ་རགས་རྒྱག་དོན་ནི་ཆུ་གློག་མཁོ་འདོན་བྱ་ཆེད་ཡིན་ཟེར།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༤ཉིན། རྒྱ་ནག་གཞུང་གིས་བོད་ནང་གི་ཡར་ལུང་གཙང་བོར་ཆུ་རགས་རྒྱག་བཞིན་ཡོད་པ་གཞི་ནས་ངོས་ལེན་བྱས་འད...

དྷ་རམ་ས་ལའི་རི་རྩེ་སྒྱུར་རྩལ་འགྲེམས་སྟོན་ཁང༌།

དྷ་རམ་ས་ལའི་རི་རྩེ་སྒྱུར་རྩལ་འགྲེམས་སྟོན་ཁང༌།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༧ཚེས་༧ཉིན། དྷ་རམ་ས་ལར་ཡོད་པའི་རི་རྩེ་སྒྱུར་རྩལ་འགྲེམས་སྟོན་ཁང་དེ་ནི། བོད་པའི་ཆོས་དང་རིག་གཞུང༌། བོ...

ངའི་མི་ཚེ་ལོ་རྒྱུས། རང་གི་ཕ་ཡུལ་ཅི་ཡིན།

ངའི་མི་ཚེ་ལོ་རྒྱུས། རང་གི་ཕ་ཡུལ་ཅི་ཡིན།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༥ཉིན། བོད་པའི་སྐྱབས་བཅོལ་གཞུང་ལ་རོགས་པ་ཞིག་བྱེད་འདོད་པའི་ཀུན་སློང་གིས་ང་རང་འདི་གར་འོང་བ་ཡིན་...

བཀའ་བློན་ཁྲི་པའི་བགྲོ་གླེང་ཆེན་མོ་གོ་སྒྲིག་བྱ་རྒྱུ་ཡིན་ཟེར།

བཀའ་བློན་ཁྲི་པའི་བགྲོ་གླེང་ཆེན་མོ་གོ་སྒྲིག་བྱ་རྒྱུ་ཡིན་ཟེར།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༨ཚེས་༡༤ཉིན། འདི་ལོ་ཕྱི་ཟླ་༩་པ་ཚེས་༣ཉིན་རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་གཞིས་གྲོང་དུ་བོད་མི་ཁག་ཅིག་གིས་དང་...

ཡར་ཐོན་རྒྱལ་ཁབ་བརྒྱད་ཀྱི་ལྷན་ཚོཌ་སུ་བོད་་གླེང་རོཌ།

ཡར་ཐོན་རྒྱལ་ཁབ་བརྒྱད་ཀྱི་ལྷན་ཚོཌ་སུ་བོད་་གླེང་རོཌ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༦ཚེས་༡༨ཉིན། ཡར་ཐོན་རྒྱལ་ཁབ་བརྒྱད་ཀྱི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཐེངས་༣༦པ་དེ་ཁ་ན་ཌའི་ཨོན་ཌ་རེའོ་...

བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་འཇུག་བསྡོམས་མཛད་སྒོ།

བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་འཇུག་བསྡོམས་མཛད་སྒོ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༨ཚེས་༣༡ཉིན། རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་རུ་ཚོགས་པའི་ཉིན་གྲངས་༦རིང་གི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེང...

བཀའ་ཁྲི་མཆོག་གི་ལམ་སྟོན་བཀའ་སློབ།

བཀའ་ཁྲི་མཆོག་གི་ལམ་སྟོན་བཀའ་སློབ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༨ཚེས༢༦ཉིན། དེ་རིང་སྔ་དྲོ་ཆུ་ཚོད་...

འོས་བསྡུའི་དེབ་སྐྱེལ་མཚམས་འཇོག་བྱས་པར་འགྲིག་ཡོད་ཟེར།

འོས་བསྡུའི་དེབ་སྐྱེལ་མཚམས་འཇོག་བྱས་པར་འགྲིག་ཡོད་ཟེར།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༨ཚེས་༡༢ཉིན། ཉེ་ཆར་ཕ་ཡུལ་དྲ་རྒྱའི་ནང་ལྷོ་སྤྱི་ལས་ཁུངས་ཀྱིས་འོས་བསྡུའི་སྒྲིག་གཞི་ལོག་སྤྱོད་བྱེད་བྱས...

བོད་མི་གཉིས་ལ་ཁྲིམས་ཐག་བཅད་པ།

བོད་མི་གཉིས་ལ་ཁྲིམས་ཐག་བཅད་པ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༨ཚེས་༩ཉིན། ཁམས་སྡེ་དགེ་འཇོ་མདའ་རྫོང་ཁོངས་ཨད་སྤུན་དབེན་པའི་ཤང༌། གདོང་སྒྲ་གྲོང་ཚོའི་བོད་མི་ག་ལུག་ལ་...

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་༡༤པ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་༡༤པ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༨ཚེས་༢ཉིན། བདུན་ཕྲག་༡རིང་འཚོགས་འཆ...

ཨོ་སི་ཁྲུའུ་ལི་ཡའི་གྲོང་ཁྱེར་སི་ཌི་ནིང་དུ་འཁྲུངས་སྐར་སྲུང་བརྩི།

ཨོ་སི་ཁྲུའུ་ལི་ཡའི་གྲོང་ཁྱེར་སི་ཌི་ནིང་དུ་འཁྲུངས་སྐར་སྲུང་བརྩི།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༧ཚེས་༡༣ཉིན། འཛམ་གླིང་གི་གྲོང...

བོད་དོན་ལ་འཛིན་པའི་སྲིད་བྱུས་བསྐྱར་ཞིབ་གནང་རོགས།

བོད་དོན་ལ་འཛིན་པའི་སྲིད་བྱུས་བསྐྱར་ཞིབ་གནང་རོགས།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༧ཚེས་༡༢ཉིན། ཉེ་ཆར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ལྕམ་ནེ་རུ་པ་མ་མཆོག་བཞུགས་སྒར་དྷ་རམ་ས་ལར་འཚམས་གཟིགས་...

༧གོང་ས་མཆོག་དང་རྒྱ་གར་ཕྱི་སྲིད་དྲུང་ཆེའི་མཇལ་མོལ།

༧གོང་ས་མཆོག་དང་རྒྱ་གར་ཕྱི་སྲིད་དྲུང་ཆེའི་མཇལ་མོལ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༧ཚེས་༡༢ཉིན། ཟླ་འདིའི་ཚེས་༡༠ཉིན་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ལྕམ་ནི་རུ་པ་མ་རའོ་མཆོག་བཙན་བྱོལ་བོད་གཞ...
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow

སྐད་ཡིག་གཞན་ཐོག་གཟིགས།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish