སྐུ་ཉིད་འདིར་འདུག མདུན་ཤོག གསར་འགྱུར། བོད་གནས་གསར་འགྱུར། བོད་ནང་དུ་རྒྱ་ནག་གི་འཛུགས་སྐྲུན་ཡར་རྒྱ་དེ་དག་རྒྱ་མི་ཚོའི་ཆེད་དུ་རེད།

བོད་ནང་དུ་རྒྱ་ནག་གི་འཛུགས་སྐྲུན་ཡར་རྒྱ་དེ་དག་རྒྱ་མི་ཚོའི་ཆེད་དུ་རེད།

Email པར་འདེབས། PDF
4june20092 རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས༤ཉིན་སྤེལ། བཞུགས་སྒར་རྡ་རམ་ས་ལར་གཏན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མི་སྟེ། མི་ལོ༡༢ལ་རྒྱ་ནག་གི་བཙོན་འོག་ནས་བསྡད་མྱོང་བའི་བོད་མི་ཆབ་སྲིད་བཙོན་ཟུར་འཇམ་པ་བཀྲ་ཤིས་ལགས་ཀྱིས་འདི་གའི་གསར་འགོད་པར་ཁོང་ཉིད་ཀྱིས་རྒྱ་དམར་གྱི་བཙན་དབང་འོག་སྡུག་སྦྱོང་མནར་གཅོད་ཇི་ལྟར་མྱངས་ཚུལ་འགྲེལ་བརྗོད་གནང་དོན་གཤམ་གསལ།

སློབ་སྦྱོང་གི་གོ་སྐབས་ཐོབ་མ་མྱོང་བའི་ང་རང་ནི། ཁམས་ཀྱི་ཞིང་བ་ཞིག་གི་ཁྱིམ་ནས་འཚར་ལོངས་བྱུང་བ་ཡིན་ལ། ང་རང་བོད་ཀྱི་རྩ་དོན་ལ་ཤུགས་སྣོན་རྒྱག་རྒྱུའྀ་འདོད་མོས་ཟབ་མོ་ཡོད། སྔོན་ཆད་ངས་ནོར་ལུག་གི་རྫི་བོ་བྱེད་པ་ལས་བོད་ཀྱི་ཕྱི་ལོག་ན་འདི་འདྲའི་འཇིག་རྟེན་རྒྱ་ཆེ་བ་ཞིག་ཡོད་པ་ཡིད་ལའང་དྲན་མྱོང་མེད། ཕྱི་ལོ༡༩༨༦དང༨༧ལོའི་ནང༌། ལོ་༡༧སྟེང་དུ་ང་རང་བོད་ཤར་ཕྱོགས་ཀྱི་དགོན་པ་ཞིག་ཏུ་གྲྭ་བ་བཅོས་ནས་བོད་ཡིག་དང་ནང་ཆོས་སློབ་གཉེར་གནང་བ་ཡིན་མོད། ཕྱིས་སུ་དགོན་པ་དེ་རྒྱ་ནག་གཞུང་གིས་གཏོར་བཅོམ་བྱས་ནས་གྲྭ་ཤག་ཆུང་ཞིག་གི་ནང་དུ་གྲྭ་བ༢༥གྲངས་དང་མཉམ་དུ་བསྡད་པ་ཡིན། དེ་ནས་བཟུང་རྒྱ་གཞུང་གིས་གྲྭ་བ་གསར་ཞུགས་བྱས་མི་ཆོག་པའི་བཀའ་རྒྱ་སྤེལ་སོང༌། ང་ཚོས་དགོན་པ་སླར་གསོ་བྱེད་རྒྱུའི་འབད་བརྩོན་བྱས་ཀྱང༌། རྒྱ་གཞུང་གིས་ང་ཚོའི་ཐོབ་ཐང་དང་རང་བཙན་འཕྲོགས་ཏེ་བཀུར་འོས་པའི ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་གསོལ་འདེབས་དང་ཆོས་དད་ཉམས་ལེན་བྱས་མི་ཆོག་པ་བཟོས།

ཕྱི་ལོ༡༩༩༤ལོའི་ཟླ་༥ནང་ངའི་གྲོགས་མང་བོས་འགྲོ་བ་མིའི་ཐོབ་ཐང་ཆེད་དང༌། རང་གི་རྒྱལ་ཁབ་ངེས་ཟིན་ཡོང་རྒྱུའི་ཆེད་དུ དུ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱེད་འགོ་བརྩམས་སོང༌། རྒྱ་ནག་གཞུང་གིས་རྒྱུན་དུ་བོད་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཐད་ཡར་རྒྱས་གཏོང་གི་ཡོད་ལུགས་བརྗོད་ཀྱིན་ཡོད་མོད། དོན་གྱིས་ང་ཚོར་འགྲོ་བ་མིའི་ཐོབ་ཐང་ཟེར་བ་ཞིག་མེད། ངས་རང་དབང་དེ་དག་གི་སླད་དུ་འཐབ་རྩོད་བརྩོན་ལེན་བྱས་མཐར།ང་ཚོ་དུད་འགྲོ་ནང་བཞིན་དུ་བརྩིས་ནས་ཉེས་མེད་ཉེས་འགལ་བཙུགས་ཏེ་གྲྭ་བ་མང་བོ་བཙོན་འཇུག་དང་གཅར་རྡུང་བཏང་བ་མ་ཟད། ང་རང་མི་ལོ༡༢ལ་བཙོན་འཇུག་ཉེས་ཆད་བཅད་པ་དང༌། ངའི་གྲོགས་པོ་རེ་འགའ་ལོ་༡༥ཁྲིམས་ཐག་བཅད། དེ་ནི་དྲང་བདེན་ཞིག་ཡིན་ནམ།

ང་བཙོན་འཇུག་བྱས་པ་ནས་བཟུང་ཕྱི་རོལ་གྱི་མི་གཅིག་ལའང་ཐུག་འཕྲད་བྱེད་དུ་མ་བཞག རང་དབང་ལྡན་པའི་སྤྱི་ཚོགས་ཤིག་གི་ནང་དུ་དུད་འགྲོ་ཞིག་ཡིན་ནའང་རང་གི་ཐོབ་ཐང་རྩོད་པའི་དབང་ཆ་ཡོད་པ་རེད། རྗེས་སུ་ངའི་གྲོགས་པོ་གསུམ་དང་ང་རང་རྒྱ་ནག་གི་བཙོན་ཁང་གཞན་ཞིག་ཏུ་གནས་སྤོར་བྱས་ཤིང༌། དེ་ནི་བོད་ཤར་ཕྱོགས་ཀྱི་བཙོན་ཁང་ཆེ་ཤོས་དེ་རེད།

དུད་འགྲོའི་ཚུལ་གྱིས་ལོ་བཅུ་དང་བཅུ་ལས་རིང་བར་བཙོན་འོག་ནས་སྡོད་དགོས་བྱུང༌། ང་རང་གིས་ཕྱི་ལོ༡༩༩༤ལོ་ནས༢༠༠༦ལོའི་བར་གྱི་མི་ལོ་བཅུ་གཉིས་ཀྱི་འཚོ་བ་བཙོན་འོག་ནས་བསྐྱལ་ཏེ། སྡུག་སྦྱོང་མནར་གཅོད་ཁུར་བ་ཟད། ཁ་ལ་ཟ་རྒྱུ་དང་ཐང་ན་ཉལ་ས་མེད་པར་ང་ཚོས་རང་གི་ལག་པར་ཁེན་ནས་ཞིང་ཁ་རྨོ་འདེབས་དང༌། གཙང་སྤྱོད་དཀྲུ་བ་སོགས་ཀྱི་ལས་ཀ་བྱས་ནས་ཉིན་མཚན་བསྐྱལ་བ་ཡྀན།

བཙོན་མ་རྣམས་ཚན་ཁག་གསུམ་དུ་བགོས་ཡོད་ཅིང༌། ཁག་རེ་རེར་བཙོན་མ་༤༠༠རེ་ཡོད་ལ་དེའི་ནང་གི་༡༢ལྷག་ཆབ་སྲིད་བཙོན་མ་རྐྱང་རྐྱང་རེད། ཚན་ཁག་དང་པོ་དང་གཉིས་པ་ནི་བོད་པ་དང་གསུམ་པ་རྒྱ་ནག་གི་བཙོན་པ་རེད། གནས་སྟངས་ཧ་ཅང་སྐྱོ་བོ་ཡིན། ཞོགས་པ་རྩམ་པའི་ནང་དུ་ཙི་རྟུག་དང་རིལ་ལུད་འདྲེས་པ་ཞིག་སྟེར་ལ། ཉིན་གུང་ང་ཚོར་ཕག་ཚིལ་དང་ཕག་གོ་འདྲེས་སྦྱོར་གྱི་ཤ་རྡོག་ཆུང་ཆུང་ཞིག་ལས་མེད་པས་བཙོན་མ་མང་བོའི་ལུས་ཕོང་ཟད་དེ་རིད་པོ་ཆགས་ཡོད་ཅིང༌། བཙོན་པ་མང་ཤོས་ཡར་ལངས་ཐུབ་ཀྱི་མེད་པའི་གནས་སྟངས་འོག་ལྷུང་ཡོད།

རྒྱ་ནག་གཞུང་གིས་རྒྱ་ནག་གི་བཙོན་མ་ལ་དམིགས་གསལ་གྱིས་ལྟ་སྐྱོང་བྱེད་པ་མ་ཟད། ཁོ་ཚོའི་ཟ་མའང་ང་ཚོ་ལས་ལྡབ་འགྱུར་གྱིས་བཟང་བའི་འབྲས་དང་ཤིང་ཏོག་གི་ཟས་རིགས་མང་པོ་ཡོད་པ་རེད།

ངའི་གྲོགས་པོ་ཀྲ་ཤིས་ཚེ་རིང་ནི་རྒྱ་གར་ལ་ཆས་ནས་སློབ་སྦྱོང་བྱས་པར་རྒྱ་གཞུང་གིས་གསང་ཉུལ་གྱི་ཉེས་མིང་བཏགས་ཏེ་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། མི་སྤྱོད་ལས་འདས་མནར་སྤྱོད་སྡུག་སྦྱོང་བཏང་བ་རེད། ཁོང་གིས་ད་ལྟའང་རྒྱ་གཞུང་གི་བཙོན་ཁང་དུ་མི་ལོ་བཅོ་ལྔའི་བཙོན་འཇུག་ཁྲིམས་ཐག་འཁུར་བཞིན་ཡོད་པ་རེད།

ཕྱི་ལོ༢༠༠༦ལོར་ང་རང་བཙོན་གྲོལ་ཐོབ་ཀྱང་རྒྱ་གཞུང་གི་ཁྲིམས་དབང་བཙན་པོའི་འོག་ཆབ་སྲིད་ཁེ་དབང་སྤུ་ཙམ་མེད་པར་འཚོ་ཐབས་བྲལ་རྐྱེན། ཕྱི་ལོ༢༠༠༧ལོར་རང་གི་སྤུན་ཟླ་དང་མི་རིགས་ཀྱིས་མྱོང་བཞིན་པའི་སྡུག་སྦྱོངདག་ཕྱིའི་རྒྱལ་ཁབ་ཁག་ལ་དཔང་སྦྱོར་བྱེད་ཆེད་རྒྱ་གར་ལ་བྲོས་བྱོལ་དུ་འོང་བ་ཡིན་ཞིང༌། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སློབ་གཉེར་ཁང་དུ་བོད་ཀྱི་ཚད་མ་རིག་པ་དང༌། དབྱིན་ཡིག གཞན་ཡང་གློག་ཀླད་ཀྱི་ལས་འཆར་ཁག་ལ་སློབ་གཉེར་བྱས་པ་་ཡིན། ཞེས་འགྲེལ་བརྗོད་གནང་སོང༌།

མཐའ་མའི་བསྐྱར་བཅོས། ( གཟའ་པ་སངས།, 05 ཕྱི་ཟླ་དྲུག་པ། 2009 10:23 )  



......


༧གོང་ས་མཆོག་གི་གསུང་ཨམ་སྐད་དུ་བསྒྱུར་འདུག

༧གོང་ས་མཆོག་གི་གསུང་ཨམ་སྐད་དུ་བསྒྱུར་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༧ཚེས་༧ཉིན། བཞུགས་སྒར་དྷ་རམ་ས་ལར་བརྟེན་གཞི་བྱས་ཡོད་པའི་རིགས་ལམ་སློབ་གཉེར་ཁང་གིས་འགན་འཁུར་འོག ༧གོང་ས...

རྒྱ་བོད་དབྱིན་གསུམ་གྱི་གསར་བྱུང་རྒྱུན་བཀོལ་མིང་མཛོད།

རྒྱ་བོད་དབྱིན་གསུམ་གྱི་གསར་བྱུང་རྒྱུན་བཀོལ་མིང་མཛོད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༧ཚེས་༡ཉིན། གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གཙོས་བོད་ནང་གི...

རྒྱ་གཞུང་གིས་ཡར་ལུང་གཙང་པོར་ཆུ་རཌ་རྒྱག་འཆར།

རྒྱ་གཞུང་གིས་ཡར་ལུང་གཙང་པོར་ཆུ་རཌ་རྒྱག་འཆར།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༥ཚེས་༢༥ཉིན། རྒྱ་ནག་གཞུང་གིས་བོད་ནང་གི་ཡར་ལུང་གཙང་བོར་ཆུ་རགས་རྒྱག་པའི་འཆར་འགོད་བྱེད་ཀྱིན་འདུག་ལ། ད...

ཆུ་རགས་རྒྱག་དོན་ནི་ཆུ་གློག་མཁོ་འདོན་བྱ་ཆེད་ཡིན་ཟེར།

ཆུ་རགས་རྒྱག་དོན་ནི་ཆུ་གློག་མཁོ་འདོན་བྱ་ཆེད་ཡིན་ཟེར།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༤ཉིན། རྒྱ་ནག་གཞུང་གིས་བོད་ནང་གི་ཡར་ལུང་གཙང་བོར་ཆུ་རགས་རྒྱག་བཞིན་ཡོད་པ་གཞི་ནས་ངོས་ལེན་བྱས་འད...

དྷ་རམ་ས་ལའི་རི་རྩེ་སྒྱུར་རྩལ་འགྲེམས་སྟོན་ཁང༌།

དྷ་རམ་ས་ལའི་རི་རྩེ་སྒྱུར་རྩལ་འགྲེམས་སྟོན་ཁང༌།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༧ཚེས་༧ཉིན། དྷ་རམ་ས་ལར་ཡོད་པའི་རི་རྩེ་སྒྱུར་རྩལ་འགྲེམས་སྟོན་ཁང་དེ་ནི། བོད་པའི་ཆོས་དང་རིག་གཞུང༌། བོ...

ངའི་མི་ཚེ་ལོ་རྒྱུས། རང་གི་ཕ་ཡུལ་ཅི་ཡིན།

ངའི་མི་ཚེ་ལོ་རྒྱུས། རང་གི་ཕ་ཡུལ་ཅི་ཡིན།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༥ཉིན། བོད་པའི་སྐྱབས་བཅོལ་གཞུང་ལ་རོགས་པ་ཞིག་བྱེད་འདོད་པའི་ཀུན་སློང་གིས་ང་རང་འདི་གར་འོང་བ་ཡིན་...

བཀའ་བློན་ཁྲི་པའི་བགྲོ་གླེང་ཆེན་མོ་གོ་སྒྲིག་བྱ་རྒྱུ་ཡིན་ཟེར།

བཀའ་བློན་ཁྲི་པའི་བགྲོ་གླེང་ཆེན་མོ་གོ་སྒྲིག་བྱ་རྒྱུ་ཡིན་ཟེར།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༨ཚེས་༡༤ཉིན། འདི་ལོ་ཕྱི་ཟླ་༩་པ་ཚེས་༣ཉིན་རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་གཞིས་གྲོང་དུ་བོད་མི་ཁག་ཅིག་གིས་དང་...

ཡར་ཐོན་རྒྱལ་ཁབ་བརྒྱད་ཀྱི་ལྷན་ཚོཌ་སུ་བོད་་གླེང་རོཌ།

ཡར་ཐོན་རྒྱལ་ཁབ་བརྒྱད་ཀྱི་ལྷན་ཚོཌ་སུ་བོད་་གླེང་རོཌ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༦ཚེས་༡༨ཉིན། ཡར་ཐོན་རྒྱལ་ཁབ་བརྒྱད་ཀྱི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཐེངས་༣༦པ་དེ་ཁ་ན་ཌའི་ཨོན་ཌ་རེའོ་...

བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་འཇུག་བསྡོམས་མཛད་སྒོ།

བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་འཇུག་བསྡོམས་མཛད་སྒོ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༨ཚེས་༣༡ཉིན། རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་རུ་ཚོགས་པའི་ཉིན་གྲངས་༦རིང་གི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེང...

བཀའ་ཁྲི་མཆོག་གི་ལམ་སྟོན་བཀའ་སློབ།

བཀའ་ཁྲི་མཆོག་གི་ལམ་སྟོན་བཀའ་སློབ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༨ཚེས༢༦ཉིན། དེ་རིང་སྔ་དྲོ་ཆུ་ཚོད་...

འོས་བསྡུའི་དེབ་སྐྱེལ་མཚམས་འཇོག་བྱས་པར་འགྲིག་ཡོད་ཟེར།

འོས་བསྡུའི་དེབ་སྐྱེལ་མཚམས་འཇོག་བྱས་པར་འགྲིག་ཡོད་ཟེར།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༨ཚེས་༡༢ཉིན། ཉེ་ཆར་ཕ་ཡུལ་དྲ་རྒྱའི་ནང་ལྷོ་སྤྱི་ལས་ཁུངས་ཀྱིས་འོས་བསྡུའི་སྒྲིག་གཞི་ལོག་སྤྱོད་བྱེད་བྱས...

བོད་མི་གཉིས་ལ་ཁྲིམས་ཐག་བཅད་པ།

བོད་མི་གཉིས་ལ་ཁྲིམས་ཐག་བཅད་པ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༨ཚེས་༩ཉིན། ཁམས་སྡེ་དགེ་འཇོ་མདའ་རྫོང་ཁོངས་ཨད་སྤུན་དབེན་པའི་ཤང༌། གདོང་སྒྲ་གྲོང་ཚོའི་བོད་མི་ག་ལུག་ལ་...

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་༡༤པ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་༡༤པ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༨ཚེས་༢ཉིན། བདུན་ཕྲག་༡རིང་འཚོགས་འཆ...

ཨོ་སི་ཁྲུའུ་ལི་ཡའི་གྲོང་ཁྱེར་སི་ཌི་ནིང་དུ་འཁྲུངས་སྐར་སྲུང་བརྩི།

ཨོ་སི་ཁྲུའུ་ལི་ཡའི་གྲོང་ཁྱེར་སི་ཌི་ནིང་དུ་འཁྲུངས་སྐར་སྲུང་བརྩི།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༧ཚེས་༡༣ཉིན། འཛམ་གླིང་གི་གྲོང...

བོད་དོན་ལ་འཛིན་པའི་སྲིད་བྱུས་བསྐྱར་ཞིབ་གནང་རོགས།

བོད་དོན་ལ་འཛིན་པའི་སྲིད་བྱུས་བསྐྱར་ཞིབ་གནང་རོགས།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༧ཚེས་༡༢ཉིན། ཉེ་ཆར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ལྕམ་ནེ་རུ་པ་མ་མཆོག་བཞུགས་སྒར་དྷ་རམ་ས་ལར་འཚམས་གཟིགས་...

༧གོང་ས་མཆོག་དང་རྒྱ་གར་ཕྱི་སྲིད་དྲུང་ཆེའི་མཇལ་མོལ།

༧གོང་ས་མཆོག་དང་རྒྱ་གར་ཕྱི་སྲིད་དྲུང་ཆེའི་མཇལ་མོལ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༧ཚེས་༡༢ཉིན། ཟླ་འདིའི་ཚེས་༡༠ཉིན་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ལྕམ་ནི་རུ་པ་མ་རའོ་མཆོག་བཙན་བྱོལ་བོད་གཞ...
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow

སྐད་ཡིག་གཞན་ཐོག་གཟིགས།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish