རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས༡༤ཉིན་སྤེལ། ༄༅། །དེ་རིང་འདི་གར་འབྲེལ་ཡོད་ནས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱུང་བ་ལྟར་ན། ཕྱི་ཚེས་ ༡༣ ཉིན་ལྷ་སར་གནས་སྡོད་ཕ་ཡུལ་སྡེ་དགེ་འཇོ་མདའ་ཁ་སྒང་ནས་ཡིན་པ་འཕྲིན་ལས་ལྷུན་ གྲུབ་འཛིན་བཟུང་གིས་ཁྲིད་ཟིན་ཡོད་འདུག་པ་དང༌། ཁོང་ནི་ཕྱི་ཚེས་ ༧ ཉིན་ལྷ་སའི་ལས་འགུལ་ནང་ཞུགས་མཁན་ཞིག་ཡིན་པ་དང་ལྷ་ས་ནས་ཕྱི་ལོག་ཏུ་བྲོས་ རྩིས་བྱེད་བཞིན་པའི་སྐབས་གློ་བུར་དུ་འཛིན་བཟུང་བྱས་པ་ཞིག་དང༌། ན་ནིང་ཡང་ཁོང་འཛིན་བཟུང་བྱས་ནས་གང་འཚམས་བཀག་ཉར་བྱས་ཡོད་པ་རེད།
ད་དུང་ལྷ་ས་ནས་ནག་ཆུ་དང་ཆབ་མདོ་སོགས་སུ་འགྲོ་སའི་འགག་སྒོ་རྣམས་བཀག་སྟེ་ཤིན་ ཏུ་དམ་བསྒྲགས་བྱེད་བཞིན་པ་སོགས་ཆེས་ཛ་དྲག་གི་གནས་སུ་ལྷུང་ཡོད་འདུག་པ་དང༌། ཁ་སྔོན་གྱི་གནས་ཚུལ་དང་འབྲེལ་བ་ཡོད་པའི་བོད་མི་རྣམས་ཕུ་བྲོས་མདའ་བྲོས་བྱེད་ བཞིན་ཡོད་འདུག་པ་དང་ལས་འགུལ་ནང་ཞུགས་མཁན་ཚང་མ་འཛིན་བཟུང་བྱ་རྒྱུ་ཡིན་པའི་ ཉེན་བརྡ་གཏོང་བཞིན་ཡོད་འདུག་པ་བཅས། བོན་གཞིས་ཐོབ་རྒྱལ་གསར་པའི་བོན་སྒོ་རྩོམ་སྒྲིག་ཁང་ནས་སྨོན་ལམ་མཐར་ཕྱིན་པས་༢༠༠༩ཟླ་༦ཚེས་༡༣ཉིན་ཕུལ།།



གསར་འགྱུར། 


