Payday loans
Different names for payday loans Payday loans UK Payday loans-about-us page
སྐུ་ཉིད་འདིར་འདུག མདུན་ཤོག གསར་འགྱུར། བོད་གནས་གསར་འགྱུར། དགེ་འདུན་པ་འགའ་གར་ཡོད་ཅི་བྱུང་མེད་པར་གྱུར་འདུག

དགེ་འདུན་པ་འགའ་གར་ཡོད་ཅི་བྱུང་མེད་པར་གྱུར་འདུག

Email པར་འདེབས།
2 august 2012 002རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༨ཚེས་༢ཉིན། འདི་ལོའི་ཕྱི་ཟླ་༣པའི་༡༤ཉིན། མཚོ་སྔོན་ཞིང་ཆེན་འབའ་རྫོང་ཤིང་ཁྲི་དགོན་གྱི་དགེ་འདུན་པ་ཚོས་དབུ་ཁྲིད་དེ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་སྐབས། ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་པའི་སེར་སྐྱ་མང་པོ་ཀློད་གྲོལ་བཏང་ཡོད་ཀྱང༌། ད་དུང་དགེ་འདུན་པ་འགའ་གར་ཡོད་ཅི་བྱུང་མེད་པར་གྱུར་འདུག
ཁ་སང་ཕྱི་ཚེས་༡ཉིན། བྷེལ་ཇམ་དུ་གནས་སྡོད་བྱས་ཡོད་པའི་ཕ་ཡུལ་འབའ་རྫོང་ནས་ཡིན་པ་རྒྱ་མཚོ་ཟེར་བ་ཞིག་གིས་འདྲ་པར་ཞིག་མཁོ་སྤྲོད་གནང་བ་བསྟུན། འབའ་ཤིང་ཁྲི་དགོན་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་གཉིས་ལ་ཁྲིམས་ཐག་བཅད་ཡོད་པ་དང༌། དེ་མིན་ལྔ་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་པའི་སྐོར་འགྲེལ་བརྗོད་གནང་དོན།
འདྲ་པར་སྟེང་གི་དགེ་འདུན་པ་དེ་འབའ་ཤིང་ཁྲི་དགོན་གྱི་རང་ལོ་༢༩ཡིན་པ་ཐུབ་བསྟན་ཡེ་ཤེས་ལགས་ཡིན་ལ། ཁོང་འབང་རྫོིང་ཐུན་ཏེ་སྡེ་བ་ནས་ཡིན་པ་དང༌། ཁོང་གི་ཕ་མིང་ལ་མཁའ་འགྲོ་སྐྱབས་དང༌། མ་མིང་ལ་མཁའ་ཁོ་ཟེར་བ་དང༌། མིང་སྲིང་བདུན་ཡོད་འདུག ད་ལོ་ཕྱི་ཟླ་༣ཚེས་༡༤ཉིན་སྲིད་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་སྐབས་སྣེ་འཁྲིད་པ་ཡིན་པའི་ཉེས་མིང་གཡོགས་སྟེ། རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་འདུག
རྒྱ་མཚོ་ལགས་ཀྱིས་མུ་མཐུད་འགྲེལ་བརྗོད་གནང་བ་ལྟར་ན། གཞན་ཡང༌། སྐབས་དེར་འཛིན་བཟུང་བྱས་པའི་ཤིང་ཁྲི་དགོན་གྱི་དགེ་འདུན་པ་འཇམ་དཔལ་བཟང་པོ་དང་ཀུན་བཟང་རང་གྲོལ་གཉིས་ལ་ལོ་གཅིག་ལྷག་རེས་ཁྲིམས་ཆད་བཅད་ཡོད་པ་དང༌། རྒྱ་གཞུང་གིས་ཉེས་པ་ཚབས་ཆེ་ཤོས་རུ་རྩིས་པའི་ཡེ་ཤེས་རྡོ་རྗེ་དང་བསྟན་འཛིན་རང་ཤར། ཚུལ་ཁྲིམས་རིན་ཆེན། བློ་བཟང་བཅས་ད་ལྟའི་ཆར་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་པས། ཁྱིམ་མི་གཉེན་འབྲེལ་ཚོས་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་འདུག
གོང་བརྗོད་དགེ་འདུན་པ་ཚོའི་འདྲ་པར་དང་ཕ་མའི་མིང་སོགས་གནས་ཚུལ་ཞིབ་ཕྲ་འཚོལ་ཞིབ་བྱས་ཡོད་ཀྱང༌། རྒྱ་གཞུང་གི་དམ་དྲག་འོག་ལག་སོན་བྱུང་མེད་པའི་སྐོར་འགྲེལ་བརྗོད་གནང་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།
Addthis
མཐའ་མའི་བསྐྱར་བཅོས། ( གཟའ་ཕུར་བུ།, 02 ཕྱི་ཟླ་བརྒྱད་པ། 2012 17:06 )  


......


རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་སྐད་འབོད།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་སྐད་འབོད།
༢༠༡༣ཟླ་༥ཚེཟ་༢༠ཉྀན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞོགས་པའི་ཆུ་ཚོད་བཅུ་གཅིག་ཙམ་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་གསུམ་གྱིས་རྒྱ་ནག་གི་སྲིད...

རྒྱབ་ཤ་དཀར་པོ་ཞེས་པའི་སྙན་ཐོ་སླར་ཡང་བསྐྱར་ཞིབ་གནང་བ།

རྒྱབ་ཤ་དཀར་པོ་ཞེས་པའི་སྙན་ཐོ་སླར་ཡང་བསྐྱར་ཞིབ་གནང་བ།
༢༠༡༣ ཟླ་༥ཚེས་༢༠ཉིན།  འདི་ལོའི་ཟླ་༥ཚེས་༡༨ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་་བོད་ནང་དུ་རང་ལུས་མེར་སྲེག་གི་དོན་རྐྱེན་སྐོར་གྱི་ཞིབ་ཕྲ...

རྒྱལ་ས་ལྷ་སའི་ཆོད་དད་ཁོར་ཡུག་གཏོར་བཤིག་མཚམས་འཇོག་དགོས།

རྒྱལ་ས་ལྷ་སའི་ཆོད་དད་ཁོར་ཡུག་གཏོར་བཤིག་མཚམས་འཇོག་དགོས།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ཟླ་༥ཚེས་༡༨ཉིན།   ༢༠༡༣ལོའི་ཟླ་༥ཚེས་༡༦ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་ཁུལ་དུ་རྒྱ་ནག་གཞུང་གིས་བོད་...

བཞུགས་སྒར་དུ་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཉིན་མོ་སྲུང་བརྩི།

 བཞུགས་སྒར་དུ་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཉིན་མོ་སྲུང་བརྩི།
༢༠༡༣ ཟླ་ ༥ ཚེས་༡༨ ཉིན། ཕྱི་ལོ་༢༠༡༣ ཟླ་༥ ཚེས་༡༧ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༤བའི་ཐོག་ཐེགས་ཆེན་གཙུག་ལག་ཁང་གི་འོག་འཆམ་དུ་དབུས་བོད་མིའི་སྒྲིག་འཛུགས་...

རྒྱ་གར་གྲོས་ཚོགས་སུ་བོད་དོན་ཐོག་གྲོས་ཆོད་སླེབས་ཚེ་རྒྱབ་སྐྱོར་བྱེད་རྒྱུ་ཡིན།

རྒྱ་གར་གྲོས་ཚོགས་སུ་བོད་དོན་ཐོག་གྲོས་ཆོད་སླེབས་ཚེ་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
ཕྱི་ལོ་༢༠༡༣ཟླ་༥ཚེས་༡༦ཉིན་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཝ་ཊིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་ཚོགས་ཆུང་ནས་ཉིན་དྲུ...

སིམ་ལ་རུ་བོད་དོན་ཆེད་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་ཡོད་པ།

སིམ་ལ་རུ་བོད་དོན་ཆེད་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་ཡོད་པ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ལོའི་ཟླ་༥ཚེས་༡༠ཉིན། སིམ་ལ་དབྱངས་ཅན་དགའ་ཚལ་གླིང་གི་ལོ་འཁོར་སྤྱི་རིམ་༢༠༡༣།༥།༡ནས་༢༠༡༣།༥།༧བར་ཉིན་གྲངས་བདུན་གྱི་...

སྒང་ཏོག་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་དོན་སྐོར་ཞུ་གཏུག་ལས་འགུལ།

སྒང་ཏོག་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་དོན་སྐོར་ཞུ་གཏུག་ལས་འགུལ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ་༥ཚེས་༩ཉིན།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུ...

སྲིད་སྐྱོང་མཆོག་ཨ་རི་དང་ཡུ་རོབ་ཡུལ་གྲུ་ཁག་གསུམ་དུ་ཕྱོགས་ཕེབས།

སྲིད་སྐྱོང་མཆོག་ཨ་རི་དང་ཡུ་རོབ་ཡུལ་གྲུ་ཁག་གསུམ་དུ་ཕྱོགས་ཕེབས།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ༥ཚེས་༦ཉིན། ཕྱི་ལོ་༢༠༡༣ཟླ་༥ཚེས་༢ཉིན་གྱི་ཕྱི་དྲོ་ནས་ཚེས་༢༠བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོ...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish