Payday loans
Different names for payday loans Payday loans UK Payday loans-about-us page
སྐུ་ཉིད་འདིར་འདུག མདུན་ཤོག གསར་འགྱུར། བོད་གནས་གསར་འགྱུར། བོད་མདོ་སྨད་རྔ་པ་རུ་མི་སྐྱ་ཞིག་གིས་རང་ལུས་མེར་སྲེག་བཏང་བ།

བོད་མདོ་སྨད་རྔ་པ་རུ་མི་སྐྱ་ཞིག་གིས་རང་ལུས་མེར་སྲེག་བཏང་བ།

Email པར་འདེབས།
meuruma-ngaba-tibet-2012རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༨ཚེས་༡༠ཉིན། བཞུགས་སྒར་དྷ་ས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང༌ཀ་ཉག་ཚེ་རིང་ལགས་རྣམ་གཉིས་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་གསལ་ལྟར་ན། དེ་རིང་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༡༠།༡༥ ཙལ་ལ་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཞང༌། རུ་ཆེན་དང་པོའི་ཉག་སྐོར་མའི་ཕ་དཔའ་ལོ་དང༌། མ་མ་སྒྲོན་གཉིས་ཀྱི་བུ་གཅོད་པ། རང་ལོ་ ༢༤ ཙམ་ཡིན་པ་ཁོང་གིས་རྨེའུ་རུ་མའི་ཞང་ཐོག་ཏུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ། མེ་ལྕེ་དྲག་པོའི་ཀློང་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌། སྐར་མ་ཁ་ཤས་རྗེས་ས་གནས་ཉེན་རྟོག་པ་འབྱོར་ཏེ། ཁོང་གི་ལུས་ཀྱི་མེ་བསད་དེ་བཙན་ཁྲིད་བྱས་ཡོད་འདུག

དངོས་སུ་མཐོང་མཁན་ཁག་ཅིག་གིས་བརྗོད་པ་ལྟར་ན། སྐབས་ཐོག་དེར་འདས་གྲོངས་སུ་གྱུར་ཡོད་མེད་གསལ་པོ་མ་ཤེས་ཀྱང་མེས་ཚིག་པའི་རྨས་སྐྱོན་ཧ་ཅང་ཚབས་ཆེན་ཡིན་སྟབས། གསོན་པའི་རེ་བ་གཏན་ནས་མེད་ཚུལ་བརྗོད་འདུག གནས་ཚུལ་བྱུང་མ་ཐག་ནས་རྨེའུ་རུ་མའི་ཞང་ཐོག་ཡོངས་སུ་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་ཁེངས་ནས་དམ་དྲག་ཤུགས་ཆེན་བྱས་འདུག

ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། དེ་རིང་གི་རང་ལུས་མེར་སྲེག་གི་གནས་ཚུལ་འབྱུང་རྗེས། ས་གནས་དེར་ཡོད་པའི་བོད་མིའི་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་བརྒྱབ་ཡོད་འདུག་ལ། རྒྱ་གཞུང་གིས་དམག་མི་དང་ཉེན་རྟོག་པས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པར་བརྟེན། སྲང་ལམ་དུ་བོད་མི་རྣམས་འགྲོ་བསྐྱོད་མི་ཐུབ་པ་ཆགས་ཡོད་འདུག
རྨེའུ་རུ་མ་ནི་རྔ་པ་རྫོང་ཁོངས་ཀྱི་འབྲོག་སྡེ་ཞིག་ཡིན་ཞིང་། རྔ་པ་རྫོང་མཁར་ནས་ཤར་ཕྱོགས་སུ་སྤྱི་ལེ་ ༢༧ གྱི་སར་ཡོད། ཕྱི་ལོ་ ༡༩༥༩ ལོའི་ཡར་སྔོན་དུ་འབྲོག་སྡེ་འདིར་སྡེ་བ་ཆེན་པོ་བརྒྱད་ཡོད་ཀྱང་དེང་སྐབས་རུ་ཆེན་ལྔ་ལ་བགོས་ཡོད། རུ་ཆེན་དང་པོ་ལ་ཉག་སྐོར་མ་དང་ཨ་འབུས་རོ་ཞེས་པའི་སྡེ་བ་གཉིས་ཡོད། རྒྱ་གཞུང་གིས་བཤད་པ་ལྟར་ན་ཕྱི་ལོ་ ༢༠༠༠ ལོར་ ཉག་སྐོར་མ་ལ་དུད་ཁྱིམ་ ༡༡༦ དང་མི་གྲངས་ ༥༤༦ ཡོད་འདུག རྨེའུ་རུ་མ་སྤྱི་ཡོངས་ལ་རྒྱ་གཞུང་གིས་བཤད་པ་ལྟར་ན་ཕྱི་ལོ་ ༢༠༠༠ ལོར་མི་གྲངས་ ༣༩༢༡ དང།  ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༧༣༥ ཡོད་འདུག

Addthis
མཐའ་མའི་བསྐྱར་བཅོས། ( གཟའ་པ་སངས།, 10 ཕྱི་ཟླ་བརྒྱད་པ། 2012 22:01 )  


......


སྲིད་བློན་ལི་ཁིག་ཆིང་གི་རྒྱ་གར་གཟིགས་སྐོར་ལ་ངོ་རྒོལ་བྱ་འཆར།

སྲིད་བློན་ལི་ཁིག་ཆིང་གི་རྒྱ་གར་གཟིགས་སྐོར་ལ་ངོ་རྒོལ་བྱ་འཆར།
དེ་རིང་རྒྱ་ནག་གི་སྲིད་བློན་རྒྱ་གར་དུ་འབྱོར་བར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་རྒྱ་གར་ནང་གྲགས་ཆེ་བའི་ཀི་རི་ཌ་རྩེད་མོའི་ཐོན་གསར་བའི་གླུ་ག...

རྒྱབ་ཤ་དཀར་པོ་ཞེས་པའི་སྙན་ཐོ་སླར་ཡང་བསྐྱར་ཞིབ་གནང་བ།

རྒྱབ་ཤ་དཀར་པོ་ཞེས་པའི་སྙན་ཐོ་སླར་ཡང་བསྐྱར་ཞིབ་གནང་བ།
༢༠༡༣ ཟླ་༥ཚེས་༢༠ཉིན།  འདི་ལོའི་ཟླ་༥ཚེས་༡༨ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་་བོད་ནང་དུ་རང་ལུས་མེར་སྲེག་གི་དོན་རྐྱེན་སྐོར་གྱི་ཞིབ་ཕྲ...

རྒྱལ་ས་ལྷ་སའི་ཆོད་དད་ཁོར་ཡུག་གཏོར་བཤིག་མཚམས་འཇོག་དགོས།

རྒྱལ་ས་ལྷ་སའི་ཆོད་དད་ཁོར་ཡུག་གཏོར་བཤིག་མཚམས་འཇོག་དགོས།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ཟླ་༥ཚེས་༡༨ཉིན།   ༢༠༡༣ལོའི་ཟླ་༥ཚེས་༡༦ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་ཁུལ་དུ་རྒྱ་ནག་གཞུང་གིས་བོད་...

བཞུགས་སྒར་དུ་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཉིན་མོ་སྲུང་བརྩི།

 བཞུགས་སྒར་དུ་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཉིན་མོ་སྲུང་བརྩི།
༢༠༡༣ ཟླ་ ༥ ཚེས་༡༨ ཉིན། ཕྱི་ལོ་༢༠༡༣ ཟླ་༥ ཚེས་༡༧ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༤བའི་ཐོག་ཐེགས་ཆེན་གཙུག་ལག་ཁང་གི་འོག་འཆམ་དུ་དབུས་བོད་མིའི་སྒྲིག་འཛུགས་...

རྒྱ་གར་གྲོས་ཚོགས་སུ་བོད་དོན་ཐོག་གྲོས་ཆོད་སླེབས་ཚེ་རྒྱབ་སྐྱོར་བྱེད་རྒྱུ་ཡིན།

རྒྱ་གར་གྲོས་ཚོགས་སུ་བོད་དོན་ཐོག་གྲོས་ཆོད་སླེབས་ཚེ་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
ཕྱི་ལོ་༢༠༡༣ཟླ་༥ཚེས་༡༦ཉིན་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཝ་ཊིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་ཚོགས་ཆུང་ནས་ཉིན་དྲུ...

སིམ་ལ་རུ་བོད་དོན་ཆེད་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་ཡོད་པ།

སིམ་ལ་རུ་བོད་དོན་ཆེད་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་ཡོད་པ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ལོའི་ཟླ་༥ཚེས་༡༠ཉིན། སིམ་ལ་དབྱངས་ཅན་དགའ་ཚལ་གླིང་གི་ལོ་འཁོར་སྤྱི་རིམ་༢༠༡༣།༥།༡ནས་༢༠༡༣།༥།༧བར་ཉིན་གྲངས་བདུན་གྱི་...

སྒང་ཏོག་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་དོན་སྐོར་ཞུ་གཏུག་ལས་འགུལ།

སྒང་ཏོག་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་དོན་སྐོར་ཞུ་གཏུག་ལས་འགུལ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ་༥ཚེས་༩ཉིན།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུ...

སྲིད་སྐྱོང་མཆོག་ཨ་རི་དང་ཡུ་རོབ་ཡུལ་གྲུ་ཁག་གསུམ་དུ་ཕྱོགས་ཕེབས།

སྲིད་སྐྱོང་མཆོག་ཨ་རི་དང་ཡུ་རོབ་ཡུལ་གྲུ་ཁག་གསུམ་དུ་ཕྱོགས་ཕེབས།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ༥ཚེས་༦ཉིན། ཕྱི་ལོ་༢༠༡༣ཟླ་༥ཚེས་༢ཉིན་གྱི་ཕྱི་དྲོ་ནས་ཚེས་༢༠བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོ...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish