རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༡༠ཚེས་༢༧ཉིན། ཕྱི་ཚེས་༢༦ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་༨ཙམ་ལ། བོད་མདོ་སྨད་བསང་ཆུ་རྫོང་བསང་ཁོག་གྲོང་ཚོ་རུ་རང་ལོ་༢༣ཡིན་པའི་ཐུབ་དབང་སྐྱབས་ལགས་ཀྱིས་རྒྱ་གཞུང་གི་དྲག་གནོན་ལ་ཞི་བའི་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ནས་སྐུ་གྲོངས་འདུགཕྱི་ཚེས་༢༦ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༦དང་ཕྱེད་ཀ་ཙམ་ལ། རྒྱལ་གཅེས་དཔའ་བོ་ཐུབ་དབང་སྐྱབས་ལགས་ཀྱིས་གསེར་ཁྲིའི་རང་ཁྱིམ་ནས་འཕྲུལ་རྟ་ཞོན་ནས་བསང་ཁོག་གྲོང་ཚོ་རུ་འབྱོར་ཡོད་པ་དང་། དགོང་མོའི་ཆུ་ཚོད་༨ཙམ་ལ་རྒྱ་གཞུང་གི་བཙན་གནོན་དམ་དྲག་ལ་ཞི་བའི་ངོ་རྒོལ་གྱིས་བསང་ཁོག་གྲོང་ཚོའི་རླངས་འཁོར་འབབ་ཚིགས་སུ་ ༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་དགོས། ༧པཎ་ཆེན་རིན་པོ་ཆེ་དང་ཆབ་སྲིད་བཙོན་མ་ཚོ་གློད་གྲོལ་གཏོང་དགོས་ཞེས་སྐད་འབོད་གནང་བཞིན་རང་ལུས་མེར་སྲེག་བཏང་ཏེ་ས་གནས་དེ་རང་དུ་སྐུ་གྲོངས་ཡོད་འདུག
སྐུ་གྲོངས་རྗེས་ཡུལ་མི་ཚོས་སྐུ་ཕུང་རྒྱ་དམག་གི་ལག་ཏུ་ཤོར་མ་བཅུག་པར་གསེར་ཁྲིའི་རང་ཁྱིམ་དུ་གདན་འདྲེན་ཞུས་ཡོད་པ་མ་ཟད། ས་གནས་སེར་སྐྱ་མང་པོས་སྐུ་ཕུང་ལ་ཁ་བཏགས་འཐེན་པ་དང་སྨོན་ལམ་མཆོད་འབུལ་བཅས་གནང་བཞིན་ཡོད་འདུག
རྒྱལ་གཅེས་དཔའ་བོ་ཐུབ་དབང་སྐྱབས་ལགས་ནི་རུ་མང་སྡེ་བའི་ཀླུ་མོ་བྱམས་ཀྱི་བུ་ཡིན་པ་དང་། ལོ་གཉིས་ཙམ་གྱི་ཡར་སྔོན་དུ་བསང་ཁོག་གསེར་ཁྲི་སྡེ་བའི་མགོན་པོ་སྐྱབས་ཚང་གི་བུ་མོ་རྡོ་རྗེ་སྒྲོལ་མ་དང་གཉེན་སྒྲིག་བྱས་ཡོད་འདུག

གསར་འགྱུར། 


ཐུགས་སྣང་། གསར་འགྱུར་འདི་བོད་སྒྱུར་རམ་རྩོམ་སྒྲིག་ཞུ་བཞིན་ཡོད་པས་གང་མགྱོཌ་གཟིཌ་མཁན་རྣམ་པ་ཚོའི་སྤྱན་ལམ་དུ་འབུལ་ཐུབ་པ་ཞུ་རྒྱུ་ལགས་ན་དེ་དོན་དགོང...