Payday loans
Both the applications are very alike payday loans How much do you repay the loan
སྐུ་ཉིད་འདིར་འདུག མདུན་ཤོག གསར་འགྱུར། བོད་གནས་གསར་འགྱུར། རྨ་ཆུ་མུ་རའི་གྲྭ་སྦྱིན་པ་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་པ།

རྨ་ཆུ་མུ་རའི་གྲྭ་སྦྱིན་པ་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་པ།

Email པར་འདེབས།
29 October 2012 002རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༡༠ཚེས་༢༩ཉིན། ཟླ་འདིའི་ཕྱི་ཚེས་༢༥ཉིན་བོད་མདོ་སྨད་རྨ་ཆུ་མུ་ར་དགོན་པའམ་རྨ་ཡུལ་ཆོས་འཁོར་གླིང་གི་གྲྭ་སྦྱིན་པ་ལགས་གློ་བུར་རྒྱ་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
བཞུགས་སྒར་དྷ་རམ་ས་ལར་གནས་བཞུགས་ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་འདི་གའི་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༥རེས་གཟའ་ཕུར་བུའི་ཉིན་བོད་མདོ་སྨད་རྨ་ཆུ་མུ་ར་ངག་སྐོར་སྡེ་པའི་ནོར་ཕུན་ཚང་གི་ལོ་ན་༣༨ཡིན་པའི་གྲྭ་སྦྱིན་པ་ལགས་རྒྱ་ནག་གི་གྲོང་ཁྱེར་ཁྲན་ཏུང་དུ་གློ་བུར་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ད་ཆ་ཁོང་གང་ཞིག་ཏུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་ཤེས་རྟོགས་མེད་པའི་གནས་ཚུལ་ཆགས་ཡོད་འདུག
ཡང་ཁོང་གིས་འགྲེལ་བརྗོད་གནང་གསལ་ལྟར་ན། རྒྱ་ནག་གཞུང་གིས་གྲྭ་སྦྱིན་པ་ལགས་ནི་དེ་སྔོན་ཕྱི་ལོ་༢༠༠༨ལོའི་བོད་ནང་ཞི་བའི་ངོ་རྒོལ་གྱི་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱེད་མཁན་དང་། རྒྱལ་ཁབ་ཀྱི་གསང་བ་ཕྱིར་སྒྲོག་བྱེད་མཁན་ཞིག་ཡིན་པའི་ཉེས་འཛུགས་དོགས་གཞི་འོག སྔ་ཕྱིར་ཐེངས་མང་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
གྲྭ་སྦྱིན་པ་ལགས་ནི་རྒྱུན་དུ་དགོན་པའི་ནང་འདོན་ཡོན་ཏན་གང་གི་ཆ་ནས་ཀྱང་ཚང་མས་བསྟོད་བསྔགས་བྱེད་ས་ཞིག་ཡིན་འདུག་ཅིང་། ཁོང་གི་ནང་མི་ཉེ་འབྲེལ་དང་མང་ཚོགས་བཅས་ནས་ད་ཐེངས་ཁོང་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་སྲིད་པའི་སེམས་ཕྲལ་དང་བློ་འཚབ་སྐྱེ་བཞིན་ཡོད་འདུག
ད་ཆར་མུ་ར་ས་ཆར་རྒྱ་ནག་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ནས། སློབ་གྲྭ་ཁག་ལའང་དམ་དྲག་ཤུགས་ཆེ་བྱས་ནས། ཁྱིམ་བདག་དང་སློབ་མ་དབར་ཐུག་འཕྲད་ལ་བཀག་སྡོམ་དང་། ཁ་པར་ཚུན་པའི་བརྒྱུད་ལམ་ཁག་ཡོངས་སུ་བཀག་སྡོམ་གྱིས། བོད་མི་རྣམས་ཕར་འགྲོ་ཚུར་འོངས་བྱེད་པར་ཞིབ་བཤེར་སོགས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།
Addthis
མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, 29 ཕྱི་ཟླ་བཅུ་པ། 2012 21:31 )  


......


རྒྱ་ནག་དམར་པོའི་གཞུང་གི་སོ་མྱུལ་བ་བོད་མི་ཞིག་འཛིན་བཟུངབྱས་ཡོད་འདུག།

རྒྱ་ནག་དམར་པོའི་གཞུང་གི་སོ་མྱུལ་བ་བོད་མི་ཞིག་འཛིན་བཟུངབྱས་ཡོད་འདུག།
ཕྱི་ལོ་༢༠༡༣ཟླ་༥ ཚེས་༢༣ ཉིན། བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཏང་གསལ། རྒྱ་ནག་གི་སྐབས་དགུ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བོད་རང་སྐྱོང་ལྗོ...

ཨ་རུ་ན་ཅལ་དུ་བོད་དོན་ཞུ་གཏུག་ལས་འགུལ་མཇུག་བསྒྲིལ།

ཨ་རུ་ན་ཅལ་དུ་བོད་དོན་ཞུ་གཏུག་ལས་འགུལ་མཇུག་བསྒྲིལ།
༢༠༡༣ལོའི་ཟླ་༥ཚེས་༢༣ཉིན། ཨ་རུ་ན་ཅལ་མངའ་སྡེའི་ཞུ་གཏུག་ལས་འགུལ་དེར་སྤྱི་ཁྱབ་བློན་ཆེན་དང་སྲིད་དོན་ཚོགས་པ་ཁག་གི་དབུ་ཁྲིད་ཚོས་བོད་དོན་ཐོག་མཐའ་གཅིག...

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་སྐད་འབོད།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་སྐད་འབོད།
༢༠༡༣ཟླ་༥ཚེཟ་༢༠ཉྀན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞོགས་པའི་ཆུ་ཚོད་བཅུ་གཅིག་ཙམ་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་གསུམ་གྱིས་རྒྱ་ནག་གི་སྲིད...

རྒྱབ་ཤ་དཀར་པོ་ཞེས་པའི་སྙན་ཐོ་སླར་ཡང་བསྐྱར་ཞིབ་གནང་བ།

རྒྱབ་ཤ་དཀར་པོ་ཞེས་པའི་སྙན་ཐོ་སླར་ཡང་བསྐྱར་ཞིབ་གནང་བ།
༢༠༡༣ ཟླ་༥ཚེས་༢༠ཉིན།  འདི་ལོའི་ཟླ་༥ཚེས་༡༨ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་་བོད་ནང་དུ་རང་ལུས་མེར་སྲེག་གི་དོན་རྐྱེན་སྐོར་གྱི་ཞིབ་ཕྲ...

རྒྱལ་ས་ལྷ་སའི་ཆོད་དད་ཁོར་ཡུག་གཏོར་བཤིག་མཚམས་འཇོག་དགོས།

རྒྱལ་ས་ལྷ་སའི་ཆོད་དད་ཁོར་ཡུག་གཏོར་བཤིག་མཚམས་འཇོག་དགོས།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ཟླ་༥ཚེས་༡༨ཉིན།   ༢༠༡༣ལོའི་ཟླ་༥ཚེས་༡༦ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་ཁུལ་དུ་རྒྱ་ནག་གཞུང་གིས་བོད་...

བཞུགས་སྒར་དུ་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཉིན་མོ་སྲུང་བརྩི།

 བཞུགས་སྒར་དུ་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཉིན་མོ་སྲུང་བརྩི།
༢༠༡༣ ཟླ་ ༥ ཚེས་༡༨ ཉིན། ཕྱི་ལོ་༢༠༡༣ ཟླ་༥ ཚེས་༡༧ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༤བའི་ཐོག་ཐེགས་ཆེན་གཙུག་ལག་ཁང་གི་འོག་འཆམ་དུ་དབུས་བོད་མིའི་སྒྲིག་འཛུགས་...

རྒྱ་གར་གྲོས་ཚོགས་སུ་བོད་དོན་ཐོག་གྲོས་ཆོད་སླེབས་ཚེ་རྒྱབ་སྐྱོར་བྱེད་རྒྱུ་ཡིན།

རྒྱ་གར་གྲོས་ཚོགས་སུ་བོད་དོན་ཐོག་གྲོས་ཆོད་སླེབས་ཚེ་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
ཕྱི་ལོ་༢༠༡༣ཟླ་༥ཚེས་༡༦ཉིན་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཝ་ཊིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་ཚོགས་ཆུང་ནས་ཉིན་དྲུ...

སིམ་ལ་རུ་བོད་དོན་ཆེད་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་ཡོད་པ།

སིམ་ལ་རུ་བོད་དོན་ཆེད་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་ཡོད་པ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ལོའི་ཟླ་༥ཚེས་༡༠ཉིན། སིམ་ལ་དབྱངས་ཅན་དགའ་ཚལ་གླིང་གི་ལོ་འཁོར་སྤྱི་རིམ་༢༠༡༣།༥།༡ནས་༢༠༡༣།༥།༧བར་ཉིན་གྲངས་བདུན་གྱི་...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish