སྐུ་ཉིད་འདིར་འདུག མདུན་ཤོག གསར་འགྱུར། བོད་གནས་གསར་འགྱུར། བསྐྱར་དུ་འཛིན་བཟུང་གིས་བཙོན་འཇུག་ལོ་ཐག་བཅད་པ།
ནོར་བ།
  • Error loading feed data.

བསྐྱར་དུ་འཛིན་བཟུང་གིས་བཙོན་འཇུག་ལོ་ཐག་བཅད་པ།

Email པར་འདེབས།
28september20091

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༩པའི་ཚེས་༢༦ཉིན་སྤེལ། ཉིན་ཤས་སྔོན་གནས་ཚུལ་གོ་གསལ་ལ་རྔ་པ་རྫོང་རྨེའུ་རུའི་སྒང་བ་ཚང་གི་རྔ་པ་ ཀིརྟི་དགོན་གྱི་གྲྭ་པ་བློ་བཟང་ཚུལ་ཁྲིམས། རང་ལོ་ ༢༣ ཡིན་པ་ཁོང་འཛིན་བཟུང་བྱས་ཡོད་འདུག དེ་ཡང་ཁོང་ནི་ལོ་སྔོན་མའི་ཞི་རྒོལ་ཆེན་མོའི་སྣེ་ཁྲིད་པའི་གྲས་སུ་བརྩིས་ནས་ རྗེས་སུ་འཛིན་བཟུང་བརྡ་ཁྱབ་ས་གནས་མང་པོར་སྦྱར་ཞིང་ཡུན་རིང་རྩད་གཅོད་བྱས་ མོད་རྒྱ་་ལག་ཏུ་མ་ཤོར་ནའང༌། མཐར་ཕྱི་ལོ་༢༠༠༩ལོའི་ཟླ་དང་པོ་ཡས་མས་ཤིག་ལ་མགོ་བཏགས་བྱས་ན་གུ་ཡང་གཏོང་རྒྱུ་ ཡིན་ཚུལ་བསྙད་པར་བརྟེན་མགོ་བཏགས་བྱས་པ་དང་ཟླ་ཤས་ལས་མ་བཀག་པར་ཕྱིར་བཏང་ཡོད་ འདུག་མོད། ཕྱི་ལོ་ ༢༠༠༩ ཟླ་ ཟླ་མཇུག་ཙམ་ལ་བསྐྱར་དུ་འཛིན་བཟུང་གིས་ལོ༣གྱི་བཙོན་འཇུག་ལོ་ཐག་བཅད་ཡོད་འདུག་ པ་དང༌། དེ་མིན་བློ་བཟང་བརྩོན་འགྲུས། རང་ལོ་ ༢༨ཡིན་པ་ཁོང་ཡང་ལོ་སྔོན་མར་འཛིན་བཟུང་བརྡ་ཁྱབ་སྦྱར་བ་སོགས་བྱས་ནས་དུས་ཡུན་ རིང་པོ་ཞིག་ལ་བརྩད་གཅོད་བྱས་ནའང་འཛིན་བཟུང་མ་ཐུབ་མོད། རྗེས་སུ་གོང་མཚུངས་གོ་བཏགས་ཞུས་ཤིང་སྐབས་དེར་གཞན་དག་དང་འདྲ་བར་ཟླ་བ་གཅིག་ ཙམ་གྱི་རྗེས་གློད་འདུག་མོད། འདི་ལོའི་ཕྱི་ཟླ་༩ཚེས་༥ཡས་མས་ཤིག་ལ་བསྐྱར་དུ་རྔ་པ་རྫོང་ཉེན་རྟོག་པས་འཛིན་ བཟུང་གིས་ད་ལྟ་གནས་ཚུལ་གང་ཡང་ཤེས་རྟོགས་ཡོང་གི་མེད་འདུག

བསམ་གཏན་ཁ་ཆེ།རང་ལོ་༣༥ཙམ་ཡིན་པ་ཁོང་ཡང་འདི་ཟླའི་ཚེ་འགོ་ཞིག་ལ་བསྐྱར་དུ་ འཛིན་བཟུང་བྱས་ཡོད་པ་དང་ད་ལྟ་གནས་ཚུལ་ཤེས་རྟོགས་ཡོང་གི་མེད་འདུག ཁོང་ཡང་ལོ་སྔོན་མའི་ཕྱི་ཟླ་ ཚེས་ ༢༨ ཉིན་འཛིན་བཟུང་གིས་ཟླ་ཁ་ཤས་རིང་བཀག་ཉར་བྱས་ཡོད་འདུག

ཕྱུགས་ལས་གོང་མའི་ཨ་ཚུལ་ཚང་གི་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་བྱམས་པ། རང་ལོ་ ༣༠ མཐའ་གོང་མའི་ཚུལ་དེ། མི་སྐྱ་རང་ལོ་ ༢༥ ཙམ། ཙན་ཌ། མི་སྐྱ་རང་ལོ་ ༢༦ ཙམཡིན་པ་ཁོང་རྣམས་ཀྱང་འཛིན་བཟུང་བྱས་ཡོད་ལ། ཚུལ་དེ་ཟི་ལིང་འཛིན་བཟུང་བྱས་ཤིང་ལོ་སྔོན་མའི་ཞི་རྒོལ་ཆེན་མོའི་སྐབས་མཐའ་བ་ གོང་མའི་བློ་བཟང་བཀྲ་ཤིས་ཉེན་རྟོག་པས་དམར་གསོད་གཏོང་སྐབས་ཁོང་ལ་ཡང་མེ་མདའ་ ཕོག་ཡོད་འདུག གཞན་རྣམས་རྔ་པ་ནས་བཟུང་འདུག

གོང་གསལ་ཚུལ་དེ་དང་ཙན་ཌ་གཉིས་དང༌། དེ་སྔོན་བཤད་པའི་ཇོ་ལེབ་སྡེ་བའི་ཇོ་ཤེར་ཚང་གི་བློ་བཟང་དཀོན་མཆོག་ཆོས་དར་ དང༌། མཐའ་བ་འགམ་མའི་དོན་ཁོ་རྒྱག་པ་བཅས་མི་བཞི་ཕྱི་ཟླ་༩ཚེས་༡༧ཉིན་རླངས་འཁོར་ཞིག་ གི་ནང་བཀྱིགས་བསྡམས་བྱས་ནས་རྔ་པ་རྫོང་གི་ཉེན་རྟོག་པ་མང་པོས་གཡས་གཡོན་ནས་ འཇུས་ཏེ་ཁྲོམ་སྐོར་བྱས་འདུག་ལ་དེང་སྐབས་ཁོང་རྣམས་ཀྱི་གནས་ཚུལ་འབྲེལ་ཡོད་ ཚོས་ཤེས་རྟོགས་ཡོང་གི་མེད་འདུག་པ་བཅས། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས། ཕྱི་ལོ་ ༢༠༠༩ ཟླ་ ཚེས་ ༢༥ ལ། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་འདི་ག་གསར་ཁང་དུ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།

Addthis
 


......


འཛིན་རིམ་༡༢སློབ་ཐོན་སློབ་མ་རྣམས་ལ་རྒྱུས་སྟོན་ཐེངས་བརྒྱད་པ་གནང་བ།

འཛིན་རིམ་༡༢སློབ་ཐོན་སློབ་མ་རྣམས་ལ་རྒྱུས་སྟོན་ཐེངས་བརྒྱད་པ་གནང་བ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༥ཚེས་༥ཉིན། དེ་རིང་ཕྱི་ཚེས་༥ཉིན་དབུས་ བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་ཕྱི་ལོ་ ...

ཁྱི་འདི་ཚོ་ངའི་ནང་མི་ལྟ་བུ་ཆགས་བསྡད་ཡོད་པ་རེད།

ཁྱི་འདི་ཚོ་ངའི་ནང་མི་ལྟ་བུ་ཆགས་བསྡད་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༤ཚེས་༢༠ཉིན། མེག་གྷན་གྱི་ཁྱི་ལྡོམ་ཚོ་བདག་སྐྱོང་གནང་མཁན་ཨ་ནེ་བསོད་ནམས་ལགས་ཀྱིས། སྔོན་མ་དྷ་སའི་ཁྱི་མ...

རྒྱ་གར་བྱང་ཤར་ཁུལ་དུ་ཁོར་ཡུག་གོ་རྟོགས་སྤེལ་བ།

རྒྱ་གར་བྱང་ཤར་ཁུལ་དུ་ཁོར་ཡུག་གོ་རྟོགས་སྤེལ་བ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༥ཚེས་༤ཉིན། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༠ ནས་ ༢༧ བར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁོར་ཡུག་ཚན་པའི་ལ...

ཉམ་ཐག་སྐྱབས་བཅོལ་བོད་མིར་མུ་འབྲེལ་རོགས་སྐྱོར་གནང་བཞིན་པ།

ཉམ་ཐག་སྐྱབས་བཅོལ་བོད་མིར་མུ་འབྲེལ་རོགས་སྐྱོར་གནང་བཞིན་པ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༢ཚེས་༧ཉིན། ཕྱི་ལོ་༢༠༠༩ལོ་ནས་བཟུང་བྷེལ་ཇམ་ནས་ཡིན་པའི་ཌན་ནའི་སུ་བྷར་བྷོན་དང་ཁོང་གི་ལྕམ་མཱ་རི་ཁུ་རའི...

བོད་ཀྱི་རིག་གཞུང་དུས་སྟོན་སྐོང་ཚོགས་གནང་བ།

བོད་ཀྱི་རིག་གཞུང་དུས་སྟོན་སྐོང་ཚོགས་གནང་བ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༣ཚེས་༩ཉིན། ཟླ་འདིའི་ཕྱི་ཚེས་༤ཉིན། བྷེལ་ཇམ་གྱི་རྒྱལ་ས་བྷིལ་ཟིལ་གྱི་ནང་དུ་བོད་ཀྱི་རིག་གཞུང་གཅེས་སྐྱ...

བོད་ཀྱི་ཐང་བྲིས་སློབ་གཉེར་བ་བློ་བཟང་ལགས་སུ་བཅར་འདྲི།

བོད་ཀྱི་ཐང་བྲིས་སློབ་གཉེར་བ་བློ་བཟང་ལགས་སུ་བཅར་འདྲི།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༡ཚེས་༡༤ཉིན། བཞུགས་སྒར་དྷ་རམ་ས་ལར་བརྟེན་གཞི་བྱས་ཡོད་པའི་༼ཐང་བྲིས་དགའ་ཚལ་༽ནང་བོད་ཀྱི་སྲོལ་རྒྱུན་རིག...

༧པཎ་ཆེན་ཆུང་སྲིད་མཆོག་ལ་རང་དབང་སྤྲོད་དགོས་པའི་འབོད་སྐུལ།

༧པཎ་ཆེན་ཆུང་སྲིད་མཆོག་ལ་རང་དབང་སྤྲོད་དགོས་པའི་འབོད་སྐུལ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༤ཚེས་༢༦ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི ས་པཎ་ཆེན་ཆུང་སྲིད་རིན་པོ་...

བོད་ནི་རྒྱ་གར་ལ་གནད་འགག་ཇི་ཙམ་ཆགས་མིན་ཐོག་བགྲོ་གླེང༌།

བོད་ནི་རྒྱ་གར་ལ་གནད་འགག་ཇི་ཙམ་ཆགས་མིན་ཐོག་བགྲོ་གླེང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༤ཚེས་༢ཉིན། བོད་ཀྱི་གནས་སྟངས་ཛ་དྲག་དང་གཉན་འཕྲང་ཅི་ཆེར་སྐབས་རྒྱ་ནག་སྲིད་འཛིན་ཧུ་ཇིན་ ཐའོ་ཕྱི་ལོ་ ༢༠...

ཨ་མས་བུ་འཚོལ་བའི་ལས་འགུལ་སྤེལ་བཞིན་འདུག

ཨ་མས་བུ་འཚོལ་བའི་ལས་འགུལ་སྤེལ་བཞིན་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༥ཚེས་༡༧ཉིན། ྋཔཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་གར་ཡོད་ཅི་བྱུང་མེ...

ཞི་བའི་གོམ་བགྲོད་པས་ཟས་བཅད་ངོ་རྒོལ་གནང་བཞིན་པ།

ཞི་བའི་གོམ་བགྲོད་པས་ཟས་བཅད་ངོ་རྒོལ་གནང་བཞིན་པ།
  རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༥ཚེས་༡༧ཉིན། བོད་དོན་ཞི་བའི་གོམ་བགྲོད་པ་ཨ་མ་ལྡོམ་པོ་སྐྱིད་ལགས་དང་སྲིང་མོ་ལྷ་མོ་སྐྱིད་གཉིས་ཕྱིར་དྷ...

དྷ་རམ་ས་ནས་ཉུང་མཐར་མི་༢ཕྱི་རྒྱལ་དུ་གཏོང་འཆར་འདུག

དྷ་རམ་ས་ནས་ཉུང་མཐར་མི་༢ཕྱི་རྒྱལ་དུ་གཏོང་འཆར་འདུག
  རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༥ཚེས་༡༥ཉིན། མ་འོངས་གངས་ལྗོངས་གསར་པ་འཛུགས་སྐྲུན་སྐབས་ང་ཚོས་དེང་རབས་ཅན་གྱི་སོ་ནམ་འཕྲུལ་ལས་ལག་བསྟར་...

༧རྒྱལ་བའི་སྐུ་ཕྱྭར་སྔར་ལས་དོ་གཟབ་ཡོང་བར་འབོད་སྐུལ།

༧རྒྱལ་བའི་སྐུ་ཕྱྭར་སྔར་ལས་དོ་གཟབ་ཡོང་བར་འབོད་སྐུལ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༥ཚེས་༡༦ཉིན། ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ཀྱིས་རྒྱ་གར་དབུས་ས་གཉིས་དང་རང་རེའི་བོད་མིའི་སྒྲིག་འཛུག...

བལ་བོའི་ས་མཚམས་ཉེན་རྟོག་པས་གླིང་ཚ་མ་བུ་གསུམ་བཀག་འདུག

བལ་བོའི་ས་མཚམས་ཉེན་རྟོག་པས་གླིང་ཚ་མ་བུ་གསུམ་བཀག་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༥ཚེས་༡༡ཉིན། ཁ་སང་ཕྱི་ཚེས་༡༠ཉིན་གྱི་ཞོགས་པར། བོད་དོན་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་...

ཚེ་བརྟན་རྡོ་རྗེས་རྒྱ་གཞུང་གི་དར་དམར་འཁྱེར་བར་རྒྱབ་སྐྱོར་ཡོད་ཟེར།

ཚེ་བརྟན་རྡོ་རྗེས་རྒྱ་གཞུང་གི་དར་དམར་འཁྱེར་བར་རྒྱབ་སྐྱོར་ཡོད་ཟེར།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༥ཚེས་༡༠ཉིན། གླིང་ཚ་ཚེ་བརྟན་རྡོ་རྗེ་མ་...

ཤེས་ཡོན་ཡར་སྐྱེད་ཆེད་མིག་མངས་རྩེད་མོའི་གྲོས་ཆོད་བཞག

ཤེས་ཡོན་ཡར་སྐྱེད་ཆེད་མིག་མངས་རྩེད་མོའི་གྲོས་ཆོད་བཞག
  རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༥ཚེས་༡༠ཉིན། ཟླ་འདིའི་ཕྱི་ཚེས་༨ཉིན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་མིག་མངས་རྩེད་མོའ...

མེ་སྲེག་གཏོང་བཞིན་པའི་གློག་བརྙན་དང་ཞལ་ཆེམས་བཙན་བྱོལ་དུ་འབྱོར་བ།

མེ་སྲེག་གཏོང་བཞིན་པའི་གློག་བརྙན་དང་ཞལ་ཆེམས་བཙན་བྱོལ་དུ་འབྱོར་བ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༥ཚེས་༩ཉིན། ཉེ་ཆར་ཕྱི་ཟླ་༤པའི་ཚེས་༡༩ཉིན་རྔ་པ་ཁུལ་འཛམ་ཐང་རྫོང་ནས་...
Mundgod3

སྐད་ཡིག་གཞན་ཐོག་གཟིགས།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish

བོད་ནང་གི་གསར་འགྱུར།