Payday loans
eocash loans
སྐུ་ཉིད་འདིར་འདུག མདུན་ཤོག གསར་འགྱུར། བོད་གནས་གསར་འགྱུར། དྲག་ཆར་གྱིས་རྐྱེན་པས་སློབ་ཕྲུག་གཉིས་བརླགས་པ།

དྲག་ཆར་གྱིས་རྐྱེན་པས་སློབ་ཕྲུག་གཉིས་བརླགས་པ།

Email པར་འདེབས།
A lake surrounding a small hill in Kongpo region eastern Tibet. Photo: TPI/File

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༧ཉིན། ཁ་སང་གཟའ་ཟླ་བ་ཉིན་རྒྱ་ནག་ཤིན་ཧྭ་གསར་ཁང་གི་གནས་ཚུལ་སྤེལ་གསལ་ལྟར་ན། བོད་ཤར་ཕྱོགས་རྫ་ཡུལ་ཁུལ་དུ་དྲག་ཆར་ཆུ་ལོག་གིས་འཐུང་ཆུ་དང་གློག་སོགས་གནོད་འཚེ་ཆེན་པོ་བཏང་ཡོད་པས་མ་ཚད། སློབ་ཕྲུག་གཉིས་བརླགས་ཡོད་འདུག

ཡང་ཁོང་ཚོས་རེས་གཟའ་ཉི་མ་ཉིན་འགྲེལ་བརྗོད་བྱས་པར་ལྟར་ན། དྲག་ཆར་གྱིས་རྐྱེན་པས་ས་ཉིལ་བ་དང༌། རྦབ་རྡོ་ལྷུང་བ་བཅས་ཀྱིས་གཞུང་ལམ་གཏོར་སྐྱོན་ཐེབས་ནས་འགྲིམ་འགྲུལ་བཀག་ཡོད་པ་མ་ཚད། ཡིག་ཟམ་ཡོངས་སུ་འགག་ནས་ད་ལྟའི་ཆར་ཕྱི་ཕྱོགས་སུ་སྐུད་མེད་ཁ་པར་ཁོ་ནའི་ལམ་ནས་ལས་གཞན་འབྲེལ་བ་གནང་ཐུབ་ཀྱི་ཡོད་པ་མ་རེད་ཟེར།

ཟླ་འདིའི་ཚེས་༢༣ཉིན་རྫ་ཡུལ་ཁུལ་དུ་དྲག་ཆར་གྱི་ཆུ་ལོག་དེའི་རྐྱེན་གྱིས་ཁང་པ་ཞིག་གཏོར་བཤིབས་བཏང་བ་དང༌། གཞན་ཡང་གློག་འཕྲིན་དང་འགྲིམ་འགྲུལ་སོགས་ལ་གནོད་སྐྱོན་ཚབ་ཆེན་ཐེབས་པ། མ་ཚད་སློབ་ཕྲུག་ཞིག་ཀྱང་ཆུས་འཁྱེར་ཡོད་པའི་སྐོར་ས་གནས་སྲིད་གཞུང་ཟེར་བ་དེའི་ལས་བྱེད་པ་ཞིག་གིས་འགྲེལ་བརྗོད་བྱས་ཡོད་པ་རེད། ཡང་ཁོང་གིས་སློབ་ཕྲུག་གཞན་ཞིག་ཀྱང་བརླགས་ཡོད་པའི་རྐྱེན་གྱིས། མི་མང་པོས་འཚོལ་ཞིབ་བྱེད་ཀྱི་ཡོད་པ་རེད་ཟེར།

གོང་གི་མི་སྣ་དེས་དུས་ཡུན་རིང་བའི་དྲག་ཆར་དེའི་རྐྱེན་གྱིས་མི་གྲངས་༢༠༨ཙམ་གནས་སྤོ་བྱེད་དགོས་པ་གྱུར་ཡོད་ཅེས་བརྗོད་པ་ལས་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་བྱས་མེད་པ་རེད།

རྫ་ཡུལ་ནི་ད་ལྟའི་ཆར་ཀོང་པོ་ཉིང་ཁྲི་ས་ཁུལ་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་དང༌། ལྷ་ས་ལས་བར་ཐག་ལེ་དབར་༩༦༠ཙམ་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Addthis
མཐའ་མའི་བསྐྱར་བཅོས། ( གཟའ་མིག་དམར།, 27 ཕྱི་ཟླ་བཞི་པ། 2010 14:23 )  


......


སྐྲའི་མཛེས་བཟོ་བ་ཇ་ཝེཌ་ཧ་བིབ་ལགས་བོད་མིའི་སྐྲའི་མཛེས་བཟོའི་སྦྱོང་བརྡར་དུ་ཕེབས་པ།

སྐྲའི་མཛེས་བཟོ་བ་ཇ་ཝེཌ་ཧ་བིབ་ལགས་བོད་མིའི་སྐྲའི་མཛེས་བཟོའི་སྦྱོང་བརྡར་དུ་ཕེབས་པ།
༢༠༡༣ཟླ་༦ཚེས་༡༡ཉིན། ཕྱི་ལོ་ ༢༠༡༣ཟླ་ ༥ཚེས་ ༢༠ནས་ཕྱི་ཟླ་༧ཚེས་༢༠བར་ཟླ་བ་གཉིས་ཀྱི་རིང་བོད་མིའི་མདུན་ལམ་བསྟི་ཁང་གིས་སཱ་ར་བོད་ཀ...

བལ་ཡུལ་དུ་བོད་མི་སྐྱབས་བཅོལ་བར་དཀའ་ངལ་ཕྲད་བཞིན་པའི་སྐོར།

བལ་ཡུལ་དུ་བོད་མི་སྐྱབས་བཅོལ་བར་དཀའ་ངལ་ཕྲད་བཞིན་པའི་སྐོར།
༢༠༡༣ལོའི་ཟླ་༦ཚེས་༡༠ཉིན། ཉེ་དུས་བལ་ཡུལ་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བར་ལག་འཁྱེར་མེད་པ་རྣམས་ལ་རང་ཉིད་འཚོ་གནས་བྱ་རྒྱུར་དཀའ་ངལ་ཧ་ཅང་འཕྲད་བཞིན་པ་...

ཧི་མཱ་ཅལ་ཁྲིམས་དཔོན་གསར་པ་མཆོག་གིས་༧གོང་ས་མཆོག་མཇལ་བཅར་ཞུས་པ།

ཧི་མཱ་ཅལ་ཁྲིམས་དཔོན་གསར་པ་མཆོག་གིས་༧གོང་ས་མཆོག་མཇལ་བཅར་ཞུས་པ།
༢༠༡༣ ཟླ་ ༦ ཚེས་ ༦ཉིན། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༦ རེས་གཟའ་ཕུར་བུའི་སྔ་དྲོར་ཧི་མཱ་ཅལ་མངའ་སྡེའི་ཁྲིམས་ཁང་མཐོ་བའི་ (HighCourt) ཁྲིམས་དཔོན་གསར་པ་སྐུ...

བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་མཆོད་འབུལ་གནང་བ།

བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་མཆོད་འབུལ་གནང་བ།
ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས ༦ ཉིན། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༥ ཉིན་བཞུགས་སྒར་དྷ་ས་ཐེགས་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་སློ...

རྡ་སར་ཤེས་ཡོན་མཁས་པའི་སློབ་སྟོན་ལྷན་ཚོགས་ཐེངས་དང་པོར་སྲིད་སྐྱོང་མཆོག་གིས་གསུང་བཤད།

རྡ་སར་ཤེས་ཡོན་མཁས་པའི་སློབ་སྟོན་ལྷན་ཚོགས་ཐེངས་དང་པོར་སྲིད་སྐྱོང་མཆོག་གིས་གསུང་བཤད།
༢༠༡༣ ཟླ་ ༦ ཚེས་ ༦ཉིན། ཕྱི་ལོ་ ༢༠༡༣ ཟལ་ ༦ ཚེས་ ༥ དང་ ༦ བཅས་ཉིན་གྲངས་གཉིས་རིང་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ནང་ཤེས་རིག་ལས་ཁུངས་ཀྱིས་གོ་ས...

སྲིད་སྐྱོང་མཆོག་ཨ་རི་དང་ཡོ་རོབ་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་རེད་འདུག

སྲིད་སྐྱོང་མཆོག་ཨ་རི་དང་ཡོ་རོབ་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་རེད་འདུག
༢༠༡༣ ཟླ་ ༦ ཚེས་ ༤ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༦ ནས་ཚེས་ ༦ ཚེས་ ༡༦ བར་བྱང་ཨ་རིའི་རྒྱལ་ས་ཝ་ཤིང...

མེ་གྷ་ལ་ཡའི་དཔོན་རིགས་ཚོས་བོད་དོན་ལ་རྒྱབ་སྐྱོར་གནང་བ།

མེ་གྷ་ལ་ཡའི་དཔོན་རིགས་ཚོས་བོད་དོན་ལ་རྒྱབ་སྐྱོར་གནང་བ།
༢༠༡༣ལོའི་ཟླ་༥ཚེས་༣༡ཉིན། འདི་གར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཏང་གནས་ནང་འཁོད་དོན། བྱང་ཤར་ཁུལ་གྱི་བོད་དོན་ཞུ་གཏུག་ལས་འགུལ་མཐའ་མ...

རྡ་རམ་ས་ལར་ཡོད་པའི་བདམས་ག་ཚོགས་པ་སྒོ་རྒྱག་རྒྱུ་རེད་འདུག

རྡ་རམ་ས་ལར་ཡོད་པའི་བདམས་ག་ཚོགས་པ་སྒོ་རྒྱག་རྒྱུ་རེད་འདུག
ཕྱི་ལོ་༢༠༡༣ ཟླ་༥ ཚེས་༣༡ ཉིན། ཟླ་འདིའི་ཚེས་༣༠ ཉིན། བཞུགས་སྒར་དྷ་སར་བོད་ཀྱི་གསོལ་མགྲོན་ཁང་དུ་གཉེན་རེག་དུག་གི་ལས་འགུལ་ཚོགས་པས་ (choice) གཉེན་ནད་ར...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish