བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཐུན་མོང་ནས་ཟླ་འདིའི་ཕྱི་ཚེས་༡༩ཉིན་ལྷག་དཀར་ལས་འགུལ་གྱི་ནང་དུ་འཛམ་གླིང་གི་ཡུལ་གྲུ་ཁག་སོ་སོ་ན་ཡོད་པའི་བོད་རིགས་ཡོངས་དང་དེ་བཞིན་བོད་དོན་རྒྱབ་སྐྱོར་བ་རྣམས་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་གནང་འདུགསྐབས་དེར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་ཀྱིས་གོང་ཚེས་ཉིན་གྱི་ལྷག་དཀར་ལས་འགུལ་དེ་ངེས་པར་དུ་འཚེ་མེད་ཞི་བའི་ཐོག་ནས་སྤེལ་དགོས་པ་མ་ཟད། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལ་ བརྩི་བཀུར་ཐོག་ཚུལ་མཐུན་གྱི་ལམ་ནས་སྤེལ་རྒྱུར་འབོད་སྐུལ་ཞུས་ཡོད་འདུག
ལྷག་དཀར་ལས་འགུལ་ནི་ཕྱི་ལོ་༢༠༠༨ལོར་གསར་དུ་སྤེལ་མགོ་བརྩམས་པ་དང༌། བཀའ་སྤྱི་ཐུན་མོང་གི་གོ་སྒྲིག་འོག ཟླ་ ༡༠ ཚེས་ ༡༩ རེས་གཟའ་ལྷག་པ་ཉིན་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་རིགས་སྤྱི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཉིན་བརྒྱ་དུས་གཅིག་ཏུ་ལས་འགུལ་དེར་མཉམ་ཞུགས་གནང་ནས་མཆོད་འབུལ་སྨོན་ལམ་དང་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་སོགས་གྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༡༢ཉིན།

གསར་འགྱུར། 

