Payday loans
Both the applications are very alike payday loans How much do you repay the loan
སྐུ་ཉིད་འདིར་འདུག མདུན་ཤོག དཔྱད་བརྗོད། བཅར་འདྲི། ཨ་རིའི་མང་གཙོ་ཐེབས་རྩ་ནེ་ཌི་ཞེས་པའི་ལས་འཆར་དོ་དམ་པས་དྷ་སར་གཟིཊ་སྐོར།

ཨ་རིའི་མང་གཙོ་ཐེབས་རྩ་ནེ་ཌི་ཞེས་པའི་ལས་འཆར་དོ་དམ་པས་དྷ་སར་གཟིཊ་སྐོར།

Email པར་འདེབས།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༩པའི་ཚེས་༡༨ཉིན་སྤེལ། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནང་རྟེན་གཞི་བྱས་ཡོད་པའི་ཨ་རིའི་མང་གཙོ་ཐེབས་རྩ་ནེ་ཌི་ཞེས་པའི་ལྷོ་ཨེ་ཤ་ཡའི་སྡེ་ཚན་གྱི་ལས་འཆར་དོ་དམ་པ་སྐུ་ཞབས་ཝལ་སོན་ལིའི་ལགས་བཞུགས་སྒར་དྷ་སར་གཟིགས་སྐོར་དུ་སླེབས་ཡོད་པ་དང་སྟབས་བསྟུན་ཏེ། འདི་ག་གསར་ཁང་གིས་ཁོང་ལ་ཨ་རིའི་མང་གཙོ་ཐེབས་རྩ་ཚོགས་པ་དང༌། ཚོགས་པ་དེས་བོད་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་རོགས་སྐྱོར་བྱེད་དོན་སྐོར་བཅར་འདྲི་རགས་ཙམ་ཞུས་པ་གཤམ་གསལ།

༡༽ཨ་རིའི་མང་གཙོ་ཐེབས་རྩ་ཚོགས་པས་བོད་ཀྱི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་རོགས་སྐྱོར་བྱེད་པའི་ལས་དོན་གཙིགས་ཆེན་དུ་འཛིན་དགོས་དོན་གང་ཡིན་ནམ།

ཨ་རིའི་མང་གཙོ་ཐེབས་རྩ་ཚོགས་པས་མང་གཙོའི་རིན་ཐང་དང་འགྲོ་བ་མིའི་ཐོབ་ཐང་ལ་ཡིད་ཆེས་གོང་བཀུར་དང༌། དེ་བཞིན་གོང་སྤེལ་གྱི་ལས་འཇུག་གནང་མཁན་་ཚོགས་པ་སྒྲིག་འཛུགས་ཁག་ལ་རྒྱབ་སྐྱོར་རོགས་འདེགས་གནང་གིན་ཡོད་ཅིང༌། བོད་མིའི་སྒེར་ལངས་ལས་འགུལ་དག་འདིའི་ཐད་ཀྱི་དཔེ་མཚོན་ཁྱད་པར་ཅན་ཞིག་ཆགས་བསྡད་འདུག གང་ཡིན་ཞེ་ན། ཕུགས་རྒྱང་རིང་ཞིང་བྱམས་སྙིང་རྗེ་ཆེ་བའི་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་དབུ་ཁྲིད་འོག་གི་འཚེ་མེད་ཞི་བའི་ལས་འགུལ་དེ་འཛམ་གླིང་མང་གཙོའི་འཐབ་རྩོད་ལ་དགོས་གལ་ཆེན་པོ་འདུག

བོད་མིའི་སྒེར་ལངས་ལས་འགུལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཞན་ཞིག་ནི། བཙན་བྱོལ་བོད་གཞུང་གིས་རང་དབང་མང་གཙོའི་ལམ་སྲོལ་གྱི་སྒྲིག་གཞི་ལྟར་ལས་དོན་ཁག་ཕྱག་བཞེས་ཡང་དག་གནང་བཞིན་ཡོད་པ་མ་ཟད། བོད་མི་རིགས་ལ་མང་གཙོའི་ཐོབ་ཐང་དང་རིན་ཐང་ཐད་ཀྱི་ཤེས་རྟོགས་ལྡན་པ་དེ་རེད།

དེང་གི་འཆར་རྒྱ་ནག་གཞུང་འཛམ་གླིང་ཐོག་ཁ་རྒྱལ་དབང་ཐང་ཆེ་སྟབས། བོད་ཀྱི་ཆབ་སྲིད་ལས་འགུལ་ལ་རྒྱབ་སྐྱོར་རོགས་རམ་བྱེད་མཁན་གྱི་ཚོགས་པ་ཉུང་ཉུང་རེད། འོན་ཏེ་བོད་མི་རིགས་ལྟ་བུའི་རང་དབང་མང་གཙོ་ལ་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་གནང་མཁན་གྱི་མི་རིགས་ལ་རྒྱབ་སྐྱོར་རོགས་རམ་བྱེད་རྒྱུ་ནི་ང་ཚོའི་ཚོགས་པའི་མཐར་ཐུག་གི་དགོས་དམིགས་གཙོ་བོ་ཡིན། ཞེས་བརྗོད་བྱུང༌།

༢༽རྒྱ་ནག་གཞུང་གིས་ཨ་རིའི་སྲིད་གཞུང་གིས་ཨ་རིའི་མང་གཙོ་ཐེབས་རྩ་ཚོགས་པ་བརྒྱུད་གཞུང་གི་སྲིད་བྱུས་ཁག་གི་དགོས་དོན་སྐོང་གིན་འདུག་ཟེར། གནད་དོན་འདིའི་ཐད་ཁྱོད་ལ་དགོངས་ཚུལ་ག་རེ་ཡོད་དམ།

ཨ་རིའི་མང་གཙོ་ཐེབས་རྩ་ཚོགས་པ་ལ་ཨ་རིའི་གྲོས་ཚོགས་ནས་རོགས་དངུལ་རག་གིན་ཡོད་པ་བདེན་མོད། ང་ཚོ་ནི་ཨ་རིའི་གཞུང་གི་ལས་སྡེ་ཆ་ཤས་ཤིག་མ་ཡིན་པར་རང་ཐག་རང་གཅོད་ཀྱི་ཁྱད་དབང་ལྡན་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན། ང་ཚོས་ཨ་རིའི་གཞུང་གི་སྲིད་བྱུས་ལ་རྒྱབ་སྐྱོར་དང་རྗེས་འབྲང་བྱེད་ཀྱིན་མེད་པ་དཔེར་ན། སྲིད་འཛིན་ཨོ་བྷ་མ་མཆོག་གིས་ྋགོང་ས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་གིན་མེད་པ་སོགས་ཨ་རིའི་གཞུང་གིས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཐད་གཟབ་བཞེས་དང་བག་ཟོན་བྱེད་ཀྱིན་ཡོད་ཀྱང༌། ཨ་རིའི་མང་གཙོ་ཐེབས་རྩ་ཚོགས་པས་དེ་ལ་ངོ་རྒོལ་བྱེད་བཞིན་ཡོད། གཞན་ཡང་རྒྱ་ནག་གཞུང་གིས་ཡོ་རོབ་ཤར་མའི་རྒྱལ་ཁབ་དག་ནང་བྱུང་བའི་ཚོན་མདོག་གསར་བརྗེ་ལས་འགུལ་སོགས་ཀྱི་མི་མང་འོས་ལངས་ལས་འགུལ་ལ་ཨ་རིའི་མང་གཙོ་ཐེབས་རྩ་ཚོགས་པས་རོགས་དངུལ་གྱི་རྒྱབ་སྐྱོར་བྱས་ཡོད་པར་ངོས་འཛིན་བྱེད་བཞིན་འདུག འོན་ཏེ་གྱེན་ལངས་ལས་འགུལ་དེ་དག་ནི་ཡུལ་དེའི་མང་ཚོགས་རང་ངོས་ནས་སྐུལ་སློང་དང་རྩ་འཛུགས་བྱས་པ་ཞིག་ལས་ང་ཚོ་དང་འབྲེལ་བ་གཏན་ནས་མེད། ཅེས་བརྗོད་སོང༌།

Addthis
མཐའ་མའི་བསྐྱར་བཅོས། ( གཟའ་སྤེན་པ།, 19 ཕྱི་ཟླ་དགུ་པ། 2009 11:31 )  


......


རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་གྱི་རྐྱེན་པས་བྱུས་ཉེས་ཆེན་པོ་བྱུང་བ།

རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་གྱི་རྐྱེན་པས་བྱུས་ཉེས་ཆེན་པོ་བྱུང་བ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ་༤ཚ...

ཆབ་མདོར་འཛམ་གླིང་གི་ཡངས་རྩེ་ཞེས་པའི་ལྷན་ཚོགས་ཤིག་ཚོགས་འཆར།

ཆབ་མདོར་འཛམ་གླིང་གི་ཡངས་རྩེ་ཞེས་པའི་ལྷན་ཚོགས་ཤིག་ཚོགས་འཆར།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༡༢...

བཞུགས་སྒར་རྡ་རམ་ས་ལར་དགེ་བཤེས་མའི་རྒྱུགས་སྤྲོད་དང་པོ་གཏོང་བཞིན་ཡོད་འདུག

བཞུགས་སྒར་རྡ་རམ་ས་ལར་དགེ་བཤེས་མའི་རྒྱུགས་སྤྲོད་དང་པོ་གཏོང་བཞིན་ཡོད་འདུག
༢༠༡༣ཟླ་༥ཚེས་༢༤ཉིན།  ཕྱི་ལོ་༢༠༡༣ཟླ་༥...

དབྱིན་ཇིའི་མཐོ་སློབ་ཞིག་ནས་བོད་ཕྲུག་༡༦ལ་སློབ་ཡོན་གནང་བ།

དབྱིན་ཇིའི་མཐོ་སློབ་ཞིག་ནས་བོད་ཕྲུག་༡༦ལ་སློབ་ཡོན་གནང་བ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣...

དབྱིན་ལན་ཌིའི་གྲོང་ཁྱེར་བྷི་ར་ཡི་ཊོན་དུ་བོད་ཀྱི་དུས་སྟོན་ཞེས་པ་གོ་སྒྲིག་ཞུ་རྒྱུ།

 དབྱིན་ལན་ཌིའི་གྲོང་ཁྱེར་བྷི་ར་ཡི་ཊོན་དུ་བོད་ཀྱི་དུས་སྟོན་ཞེས་པ་གོ་སྒྲིག་ཞུ་རྒྱུ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ཟླ་༥ཚེས་༡༦ཉི...

ཨི་ཊ་ལི་ཡུལ་དུ་རིང་མིན་བོད་དོན་དང་འབྲེལ་བའི་དུས་སྟོན་ཞིག་འཚོགས་འཆར་ཡོད་འདུག

ཨི་ཊ་ལི་ཡུལ་དུ་རིང་མིན་བོད་དོན་དང་འབྲེལ་བའི་དུས་སྟོན་ཞིག་འཚོགས་འཆར་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ལོའི་ཟླ་༥ཚེས...

རི་ཉིལ་གྱི་དོན་རྐྱེན་དེ་རང་བྱུང་གི་གནོད་སྐྱོན་ཁོ་ན་མ་རེད།

རི་ཉིལ་གྱི་དོན་རྐྱེན་དེ་རང་བྱུང་གི་གནོད་སྐྱོན་ཁོ་ན་མ་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ་༤ཚ...

རྒྱ་གར་གྱི་ཀེ་ར་ལ་མངའ་སྡེ་ནང་དུ་བོད་ཀྱི་དཀའ་རྙོག་སེལབ་ཐབས་སུ་ཞུ་གཏུག་གནང་ཡོད་འདུག

 རྒྱ་གར་གྱི་ཀེ་ར་ལ་མངའ་སྡེ་ནང་དུ་བོད་ཀྱི་དཀའ་རྙོག་སེལབ་ཐབས་སུ་ཞུ་གཏུག་གནང་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཟླ་འདིའི་ཕྱི་ཚེས...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish