རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༧ཚེས་༡༢ཉིན། འདི་ནི་སྐུ་ཞབས་མཱར་ཁེ་ལགས་ཀྱིས། ལོ་རྒྱུས་ནང་ཡིད་སྐྱོ་བ་ཞིག་ནི་ཕྱི་ལོ་༡༩༥༠ནང་རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་བཙན་འཛུལ་བྱས་ནས། བཅིངས་འགྲོལ་དང་དེང་དུས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་ཞེས་པའི་གནས་སྟངས་འོག བོད་མིའི་གནའ་བོའི་ནང་ཆོས་ཀྱི་རིག་གཞུང་གཏོར་བཤིགས་ཚབ་ཆེན་བཏང་བ་དང་། གུ་རུ་རིན་པོ་ཆེའི་ལུང་ལྟར། བོད་མི་རྣམས་འབུ་གྲོ་མ་ལྟར་འཛམ་གླིང་གི་ས་ཕྱོགས་གང་སར་འཐོར། འོན་ཀྱང་སྐྱོ་གནས་དེའི་ཁྲོད་ནས་བོད་མིའི་ནང་ཆོས་ཀྱི་རིག་གཞུང་དེ་འཛམ་གླིང་གི་ཡུལ་གྲུ་ཁུག་ཀྱོག་གང་སར་ཁྱབ་ནས། ད་ཆ་བོད་མིའི་ནང་པའི་རིག་གཞུང་གི་ཤུགས་རྐྱེན་ནུབ་ཕྱོགས་གླིང་དུ་སླེབས་པ་དང༌། འཛམ་གླིང་གི་ས་ཁུལ་ཁུག་ཀྱོག་ཅིག་ཏུའང་བོད་མིའི་ནང་ཆོས་ཀྱི་ལྟེ་གནས་ཡོད་པ། བོད་པའི་ནང་ཆོས་ཀྱིས་ནུབ་ཕྱོགས་པའི་མི་རྣམས་ལ་ཕན་ཐོགས་ངེས་ཅན་ཡོང་གིན་ཡོད་ལུགས་བཅས་འགྲེལ་བརྗོད་གནང་འདུག

ཆེད་སྒྲིག 


