Payday loans
Both the applications are very alike payday loans How much do you repay the loan
སྐུ་ཉིད་འདིར་འདུག མདུན་ཤོག ཆེད་སྒྲིག གསར་འགོད་གསལ་བསྒྲཌ། ཀུན་གླིང་བསྟན་པ་བཟོད་པ་ལགས་འདས་གྲོངས་སུ་གྱུར་བ།

ཀུན་གླིང་བསྟན་པ་བཟོད་པ་ལགས་འདས་གྲོངས་སུ་གྱུར་བ།

Email པར་འདེབས།
Tenpa-Sopa

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༡༥ཉིན། ཟླ་འདིའི་ཕྱི་ཚེརས་༡༣ཉིན་གྱི་སྔ་དྲོའི་ཆུ་ཚོད་༥ཡོལ་ཙམ་དུ། གཞུང་ཞབས་པ་བགྲེས་ཡོལ་ཀུན་གླིང་བསྟན་པ་བཟོད་པ་ལགས་སྙུང་གཞི་ཞིག་གིས་ལྡི་ལིའི་གངྒ་རམ་སྨན་ཁང་དུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག

 

དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་གནས་ཚུན་སྤེལ་དོན། བར་ལམ་ནས་ཁོང་ལ་ཕོ་སྐྲན་ལྟ་བུའི་སྙུན་གཞི་ཕོག་སྟེ་ལྡི་ལིར་ཡོད་པའི་གངྒ་རམ་སྨན་ཁང་ཆེན་མོར་སྨན་བཅོས་སུ་ཕེབས་ཏེ་ཉིན་ཤས་སྔོན་སྨན་པས་གཤག་ལས་སྨན་བཅོས་གང་གཟབ་བྱས་ཀྱང་ནད་གཞི་གཞན་དང་འདོམས་པ་ལྟ་བུས་དྲག་སྐྱེད་མ་བྱུང་བར་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༥ ཡོལ་ཙམ་ལ་འདས་གྲོངས་སུ་གྱུར་ཡོད་འདུག

 

དམ་པ་ཁོང་ནི་ཕྱི་ལོ་ ༡༩༣༣ ལོར་སྟག་རྩེ་རྫོང་ཁོངས་ཕག་མོ་ཞོལ་སྒེར་སྒུར་མ་ཁང་གསར་ཞེས་པའི་ཁྱིམ་དུ་འཁྲུངས། ལོ་ན་སོན་པ་དང་བོད་ཡིག་སློབ་གྲྭ་དང་དེ་ནས་གྲྭ་འཕྱགས་ཁོངས་གཞུང་གཉེར་རྩེ་སློབ་གྲྭར་ཞུགས། རང་ལོ་ ༡༩ སོན་སྐབས་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་གཞུང་ཞབས་རྩེ་དྲུང་ཞུས་ཏེ་ཐོག་མར་འབབ་ཞིབ་ལས་བྱ་དང༌། བཀའ་ཤག་གིས་བཀའ་འབྲེལ་ལྟར་ཤར་ཕྱོགས་ལམ་བཟོའི་ཕོགས་རྒྱག་ྋགོང་ས་མཆོག་རྒྱ་ནག་ཏུ་ཆིབས་སྒྱུར་སྐབས་ཕེབས་ལས་སུ་བཅར། ཕྱོགས་མཚུངས་ལེགས་བཅོས་སྤྱི་ཚོགས་ཀྱི་ལས་བྱ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་གནས་གཟིགས་སུ་ཆིབས་སྒྱུར་བསྐྱངས་སྐབས་ཕེབས་སྒྲིག་ལས་བྱའི་ཞབས་ཞུ་སོགས་དང༌། རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་མ་བྱས་བར་ཞབས་ཞུ་སྣ་ཚོགས་ཞུས་མྱོང་ཡོད་མཁན་རེད།

 

དེ་བཞིན་ྋགོང་ས་མཆོག་རྒྱ་ནག་པེ་ཅིང་ཏུ་ཆིབས་སྒྱུར་བསྐྱངས་སྐབས་ཕེབས་སྒྲིག་དོ་དམ་པའི་ལས་བྱའི་ཐོག་ནས་རྒྱ་ནག་ཏུ་ཆིབས་ཞབས་ཁོངས་སུ་བཅར། ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ས་ཕག་ལོར་རྒྱ་དམར་ཕྱོགས་ནས་ྋགོང་ས་མཆོག་གི་སྐུ་ཕྱྭར་བསྡོ་བའི་ཛ་དྲག་གི་གནས་ཚུལ་བྱུང་སྐབས་ཕོ་བྲང་གི་ལྕགས་རི་སེར་པོའི་སྒོ་སྲུང་གི་ལས་འགན་དང༌། སྐབས་དེའི་ཆབ་སྲིད་ཀྱི་ཚོགས་འདུ་ཁག་ཏུ་ཧུར་བརྩོན་ཆེན་པོས་ཞུགས། ཕྱི་ཟླ་ ༣ ཚེས་ ༡༧ མཚན་མོ་ྋགོང་ས་མཆོག་སྟོན་འཁོར་ནོར་གླིང་ཕོ་བྲང་ནས་ཆིབས་སྒྱུར་བསྐྱངས་སྐབས་ཆིབས་ཞབས་བཀའ་ཤག་སོགས་ཀྱི་ཆིབས་རྟ་གྲ་སྒྲིག་ལས་འགན་འཐུས་ཚང་ཞུས་ནས་ཕེབས་རྗེས་སུ་ར་མ་གྲུ་ཁ་ཐོན་ཏེ་སྣེའུ་རྫོང་དུ་སླེབས་སྐབས། ཁོང་གི་ཤག་ཚང་དགེ་རྒན་ཀུན་གླིང་ཛ་སག་འོད་ཟེར་རྒྱལ་མཚན་མཆོག་གིས་ྋགོང་ས་ྋསྐྱབས་མགོན་པོ་མཆོག་གི་བཀའ་ཡིག་གལ་ཆེ་ཞིག་ནོར་གླིང་ཕོ་བྲང་དུ་ཡོད་པའི་དམག་དཔོན་བཀའ་བཀོད་ཁང་ལ་འབུལ་བར་འགྲོ་དགོས་ཞེས་གསུངས་པ་ལྟར་ཉེན་ཁར་མ་འཛེམས་པར་ནོར་གླིང་ཕོ་བྲང་དུ་ཕྱིར་ལོག་གིས་མདའ་འབེན་ཐོག་འཁྱོལ་བ་ཞུས།

 

དེ་ནས་དམག་འཁྲུག་དངོས་སུ་ལངས་ཏེ་རྨས་སྐྱོན་ཕོག་སྟེ་ཕྱི་ལོ་ ༡༩༥༩ ལོར་རྒྱ་མིའི་བཙོན་འོག་ཚུད་དེ་རྒྱ་ནག་ཅེའུ་ཇན་ཞེས་པའི་ས་ཁུལ་དུ་ངལ་རྩོལ་བསྒྱུར་བཀོད་དུ་བཏང་བ་མ་ཟད། དུས་བཀག་བཙོན་འཇུག་མི་ལོ་ ༢༠ ཉེས་ཆད་བཏང༌། ཕྱི་ལོ་ ༡༩༧༩ ལོར་བཙོན་བཀྲོལ་ཐོབ་རྗེས་ཕྱི་ལོ་ ༡༩༨༠ ལོར་བོད་གཞིས་བྱེས་གཉེན་འཕྲད་ཀྱི་གོ་སྐབས་དང་བསྟུན་ནས་རྒྱ་གར་དུ་ཕེབས་ཏེ་ྋགོང་ས་མཆོག་གི་དགྱེས་མཇལ་ཐོབ། ཕྱི་ལོ་ ༡༩༨༡  ཟླ་ ༦ ཚེས་ ༡ ནས་བདེ་སྲུང་ལས་ཁུངས་སུ་རྒན་དྲུང་གནས་རིམ་ཐོག་ཞབས་ཕྱི་ཞུས་ཡོད་ལ་ཕྱི་ལོ་ ༡༩༨༩ ལོར་གནས་བདུན་པར་གནས་སྤར་གྱིས་མོན་གྷོ་འདོད་རྒུ་གླིང་གི་གཞིས་འགོར་གནས་སྤོས་རྗེས་བགྲེས་ཡོལ་འཕར་འགྱངས་གནང་རྗེས་དྲུང་ཆེ་གཞོན་པའི་གནས་རིམ་ཐོག་ཞབས་ཕྱི་ཞུས་ཡོད།

དེ་ནས་ནང་སྲིད་ལས་ཁུངས་སུ་གནས་སྤོས་ཀྱིས་ཁྱོན་མི་ལོ་བཅུ་བཞིའི་རིང་བཀོད་སྒྲིག་ལམ་སྟོན་གཞི་བཟུང་ཕྱི་ལོ་ ༡༩༩༥ ལོར་བགྲེས་ཡོལ་བཀའ་འཁྲོལ་སྩལ་ཐོབ་མ་བྱུང་བར་གཞུང་མང་སྲི་ཞུའི་ཞབས་འདེགས་ཞུ་སྒོ་གང་ཅིར་ལྷག་བསམ་དོ་ཁུར་ཆེ་བསྐྱེད་ཞུས་ཡོད། དེ་རྗེས་སྐུ་ངོ་དམ་པ་ཁོང་གིས་མུ་མཐུད་དཔལ་ལྡན་ྋསྐུ་སྒེར་ཡིག་ཚང་ནང་ཞབས་ཞུར་བཅར་ཏེ་ད་བར་ཞབས་ཞུ་ལྷག་བློ་ཆེན་པོས་ཞུས་གནང་ཡོད་པ་བཅས་ཚེ་འདས་དམ་པ་དེ་ཉིད་ཀྱི་མི་ཚེ་གང་པོ་བོད་བསྟན་སྲིད་ཀྱི་དོན་དུ་ཞབས་འདེགས་ཧུར་ཐག་ཞུ་མཁན་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པའི་བོད་དོན་གྱི་འཐབ་རྩོད་པ་རྒན་གྲས་ཤིག་མེད་པར་གྱུར་བར་བརྟེན། དམ་པ་དེ་ཉིད་ཀྱིས་ཚེ་རབས་འཁོར་བར་བྱས་བསགས་སྡིག་སྒྲིབ་བག་ཆགས་ཐམས་བཅད་བྱང་ཞིང་དག་ནས་དད་ལྡན་རིམ་བརྒྱུད་སྐུ་བཞིའི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་ཐོབ་པའི་སྨོན་ལམ་ཞུ་རྒྱུ་དང༌།  ཤུལ་ལུས་སྤུན་མཆེད་སོགས་ལ་སེམས་གསོ་ཞུ་བཞིན་ཡོད།

 

མདོར་ན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། །གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས། །འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན། །ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང། །སྐྱེ་ཀུན་ཕྱག་ན་པདྨོས་རྗེས་གཟུང་ཤོག །ཅེས་སྔོན་ནས་ཐུགས་སྨོན་མཛད་པ་དེ་དེ་བཞིན་དུ་འགྲུབ་པར་འགྱུར་ཅིག 

Addthis
 


......


རྒྱ་གཞུང་གི་འཁྱོག་བརྗོད་ཀྱིས་བོད་མི་ས་ཡ་དྲུག་ལ་ཕོག་ཐུག་གཏོང་གིན་ཡོད།

རྒྱ་གཞུང་གི་འཁྱོག་བརྗོད་ཀྱིས་བོད་མི་ས་ཡ་དྲུག་ལ་ཕོག་ཐུག་གཏོང་གིན་ཡོད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣...

བོད་འབྲོག་པའི་ལས་དབང་དང་གོ་ལའི་རིག་གནས་སྣ་མང་གི་ཉམས་རྒུད།

བོད་འབྲོག་པའི་ལས་དབང་དང་གོ་ལའི་རིག་གནས་སྣ་མང་གི་ཉམས་རྒུད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

སྒྱུར་བཅོས་སྒོ་དབྱེ་ནི་དོན་དངོས་བོད་ལ་ཕན་ཐོགས་ཤིག་ཡོད་དམ།

སྒྱུར་བཅོས་སྒོ་དབྱེ་ནི་དོན་དངོས་བོད་ལ་ཕན་ཐོགས་ཤིག་ཡོད་དམ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟ...

བོད་ཀྱི་ཆ་འཕྲིན་གསར་ཁང་དུ་ཆེད་སྦྱོང་བྱས་པའི་མྱོང་ཚོར།

བོད་ཀྱི་ཆ་འཕྲིན་གསར་ཁང་དུ་ཆེད་སྦྱོང་བྱས་པའི་མྱོང་ཚོར།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

ཉིན་གྲངས་བཅུའི་རིང་སྒོམ་སྒྲུབ་ཁང་ནས་རྙེད་པའི་མྱོང་ཚོར་ཞིག

ཉིན་གྲངས་བཅུའི་རིང་སྒོམ་སྒྲུབ་ཁང་ནས་རྙེད་པའི་མྱོང་ཚོར་ཞིག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣...

རང་བཙན་ཁུངས་སྐྱེལ་དེབ་སྦས་པའི་བོད་དྲ་ཐོག་ནས་ཤར་གཏོང་བྱས་པ།

རང་བཙན་ཁུངས་སྐྱེལ་དེབ་སྦས་པའི་བོད་དྲ་ཐོག་ནས་ཤར་གཏོང་བྱས་པ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

རང་ལུས་མེར་བསྲེགས་པ་ནི་ནག་ཉེས་ཀྱི་བྱ་སྤྱོད་ཅིག་གཏན་ནས་མ་རེད་ཟེར།

རང་ལུས་མེར་བསྲེགས་པ་ནི་ནག་ཉེས་ཀྱི་བྱ་སྤྱོད་ཅིག་གཏན་ནས་མ་རེད་ཟེར།

རྒ...

བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་ལུས་མེར་སྲེག་གི་མཐོང་ཐོས་མྱོང་གསུམ།

བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་ལུས་མེར་སྲེག་གི་མཐོང་ཐོས་མྱོང་གསུམ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟ...

ཡོ་རོབ་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་བརྕི་སྲུང་བྱེད་མཁན་ཞིག་ཡིན།

ཡོ་རོབ་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་བརྕི་སྲུང་བྱེད་མཁན་ཞིག་ཡིན།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ༢༠༡༣ཟླ...

རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་ཞུགས་རྒྱུའི་ཐོབ་ཐང་མེད།

རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་ཞུགས་རྒྱུའི་ཐོབ་ཐང་མེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

དྲང་བདེན་ནི་མེ་མདའ་ལས་སྟོབས་ཤུགས་ཆེ་བ་ཡོད།

དྲང་བདེན་ནི་མེ་མདའ་ལས་སྟོབས་ཤུགས་ཆེ་བ་ཡོད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

དྷ་སར་ཕེབས་པའི་ཐའེ་ཝན་གྱི་སློབ་མ་ཁག་ཅིག་ལ་བཅར་འདྲི།

དྷ་སར་ཕེབས་པའི་ཐའེ་ཝན་གྱི་སློབ་མ་ཁག་ཅིག་ལ་བཅར་འདྲི།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢...

གླ་ཡོད་གསལ་བསྒྲགས།

In order to view this object you need Flash Player 9+ support!

Get Adobe Flash player
Joomla! Slideshow

དྲ་ཐོག་ཐད་སྒྱུར།

English Afrikaans Albanian Arabic Armenian Azerbaijani Basque Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician Georgian German Greek Haitian Creole Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Urdu Vietnamese Welsh Yiddish